འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་ལས་ཀ་འདི་ལ་བརྩོན་བཞིན་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2022-05-11 09:06:33
ཀློག་གྲངས།:

ཉེ་ཆར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་འབྲས་སྤུངས་དགོན་པའི་ཡན་ལག་ཁང་སྟེ། འབྲས་སྤུངས་དགོན་པའི་གནའ་དཔེ་ཁང་དུ། སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས། འདི་ལས་འབྲས་སྤུངས་དགོན་པའི་རིག་གནས་འཛུགས་སྐྱོང་དེ། སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། གཤམ་ནས་ང་ཚོ་མཉམ་དུ་ཡུལ་དངོས་ལ་སོང་ནས་གནའ་དཔེ་སྲུང་སྐྱོང་བྱ་བའི་འཕེལ་རིམ་ཅི་འདྲ་ཡིན་པར་བལྟ།

ད་ཆ་འབྲས་སྤུངས་དགོན་པར་གནའ་དཔེ་ཁྲི8ལྷག་ཉར་ཚགས་བྱས་ཡོད་ཅིང་། དེའི་ནང་དུ། བཙན་པོའི་དུས་སྐབས་དང་ས་སྐྱའི་ས་གནས་སྲིད་དབང་གི་དུས་སྐབས། ཕག་གྲུའི་ས་གནས་སྲིད་དབང་གི་དུས་སྐབས། རིན་སྤུངས་དང་གཙང་པའི་ས་གནས་སྲིད་དབང་གི་དུས་སྐབས། དགའ་ལྡན་ཕོ་བྲང་གི་ས་གནས་སྲིད་དབང་གི་དུས་སྐབས་བཅས་སུ་བྱུང་བའི་ཡིག་ཚང་འདུས་ཡོད།

གནའ་དཔེ་ཡིག་ཚང་ལེགས་སྒྲིག་དང་སྲུང་སྐྱོང་ཡག་པོ་བྱ་ཆེད། དགོན་པས་ན་གཞོན་དགེ་འདུན་པ་རྩ་འཛུགས་བྱས་ཏེ། ཁོང་ཚོར། གློག་ཀླད་དང་པར་འདེབས་འཕྲུལ་ཆས་སོགས་བསྒྲིགས་པ་དང་། དེང་རབས་ཅན་གྱི་ལག་རྩལ་ལ་བརྟེན་ནས། གནའ་དཔེ་དེ་དག་ཡང་བསྐྱར་གསོན་ཤུགས་རྒྱས་སུ་བཅུག

མིག་སྔར་འབྲས་སྤུངས་དགོན་པའི་གནའ་དཔེ་ཁང་དེ། བོད་ལྗོངས་ཀྱི་ལེ་ལག་ཅུང་ཆ་ཚང་བའི་གནའ་དཔེ་སྲུང་སྐྱོང་ཁང་ཞིག་ཏུ་གྱུར་ཡོད། སླད་ཕྱིན་སྤྱི་ཚོགས་ཡོངས་ལ་སྒོ་འབྱེད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།