ས་སྐྱ་དགོན་དུའང་སྒོ་བྱང་འདི་འདྲ་ཞིག་བཀལ་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2022-06-08 08:32:50 ཀློག་གྲངས།:
        སྤྱི་ཟླ6པའི་ཚེས6ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ས་སྐྱ་དགོན་ཡན་ལག་དཔེ་མཛོད་ཁང་དང་། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ས་སྐྱ་དགོན་གནའ་དཔེ་ཁང་། རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ས་སྐྱ་དགོན་ཡན་ལག་ཁང་བཅས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གི་ས་སྐྱ་དགོན་དུ་དངོས་སུ་སྒོ་བྱང་བཀལ་ཞིང་། འདི་གར་ནི་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་རིག་གནས་མཚོན་རྟགས་དང་ཐུན་མོང་གི་རིག་གནས་སྣང་བརྙན་སྔོག་འདོན་གཏིང་ཟབ་བྱེད་པའི་ཚོད་ལྟའི་ལས་དོན་གྱི་ས་ཚིགས་བཞི་པ་དེ་རེད།
        ད་ལོའི་སྤྱི་ཟླ4པར་འབྲས་སྤུངས་དགོན་དུ་ཡན་ལག་དཔེ་མཛོད་ཁང་དང་གནའ་དཔེ་ཁང་གི་སྒོ་བྱང་བཀལ་ཚུན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྔ་རྗེས་སུ་གཙུག་ལག་ཁང་དང་བཀྲས་ལྷུན་དགོན་དུ་གཞི་རིམ་གྱི་སྤྱི་པའི་རིག་གནས་གཡུལ་ས་ཚོད་ལྟའི་འཛུགས་སྐྲུན་གྱི་ལས་དོན་ལེགས་སྒྲུབ་བྱས་ཡོད། ད་ཐེངས་སྒོ་བྱང་བཀལ་བ་འདི་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་རྡལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གཞི་རིམ་གྱི་སྤྱི་པའི་རིག་གནས་གཡུལ་ས་སྟོབས་ཆེན་གཏོད་པའི་བྱེད་ཐབས་ནུས་ལྡན་གཞན་ཞིག་ཡིན་པ་རེད།
        ས་སྐྱ་དགོན་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ས་སྐྱ་པའི་མ་དགོན་ཡིན་པ་དང་སྤྱི་ལོ1073ལོར་ཕྱག་བཏབ། འཁོན་དཀོན་མཆོག་རྒྱལ་པོས་དགོན་པ་ཕྱག་བཏབ་པ་ནས་ལོ་ངོ900ལྷག་ཙམ་རིང་གོང་འཕེལ་ཕྱིན་པ་བརྒྱུད། ད་ཆ་དགོན་པ་དང་འདུ་ཁང་སོགས50ལྷག་འདུས་པའི་བརྗིད་ཆེའི་དགོན་སྡེ་ཞིག་ཏུ་གྱུར་ཡོད།
        བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཤའོ་ཁྲོན་ཅང་གིས། དཔེ་རྙིང་དང་རིག་དངོས། རིག་གནས་ཤུལ་བཞག་བཅས་ཀྱི་ནང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདུས་ཡོད་ཅིང་། དེ་དག་ནི་ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ་དེ་བས་ཀྱང་བསྐྱར་སྐྱེ་དང་ཚབ་བྱེད་ཐབས་བྲལ་བའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་ཐོན་ཁུངས་ཤིག་ཀྱང་ཡིན། ལོ་རྒྱུས་དང་རིག་གནས་ཀྱི་མདུན་དུ་ང་ཚོས་ནམ་ཡང་བཀུར་ཞིང་སྐྲག་པའི་བསམ་བློ་བཅངས་ཏེ། ལོ་ངོ་སུམ་སྟོང་གཉིད་དུ་ཡུར་ཀྱང་སད་མ་ཐག་ཏུ་ཁམས་གསུམ་འདྲོགས་པའི་རྩ་ཆེའི་དཔེ་རྒྱུན་དཀོན་རིགས་དེ་དག་ལ་ལྟ་སྟངས་ནན་ཏན་འཛིན་དགོས་ལ། གནའ་བཟང་དེང་སྤྱོད་དང་གནའ་དྲངས་དེང་དཔྱད་མཐའ་འཁྱོངས་ བྱས་ཏེ། དགེ་སྤེལ་སྐྱོན་སྤང་དང་ལེགས་ཉེས་བླང་དོར་ཡོད་པའི་སྒོ་ནས་རྒྱུན་འཛིན་ཐུབ་པ་ཡང་བྱེད་དགོས་ཞེས་གསུངས་ཡོད།
        ངོ་སྤྲོད་བྱས་པར་གཞིགས་ན། ས་སྐྱ་དགོན་ཕྱག་བཏབ་ཡུལ་ཡིན་པའི་ཆ་ནས། ས་སྐྱ་རྫོང་གིས་སྤྱི་ལོའི་དུས་རབས13པའི་ནང་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་བཅོས་སྐྱོང་ནུས་ལྡན་བྱས་པར་བདེན་དཔང་བྱས་ཡོད་ཅིང་། དེ་གར་བོད་ས་གནས་དང་ཀྲུང་དབྱང་སྲིད་གཞུང་གི་ས་ཁུལ་གཞན་དག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་ལྟེ་གནས་སུ་གྱུར་ཡོད་པས། རིམ་བཞིན་སྲོལ་རྒྱུན་གྱི་ཟློས་གར་དང་། གླུ་གར། དམངས་སྲོལ་སོགས་མངོན་མིན་རིག་གནས་ཤུལ་བཞག40ལྷག་གོང་འཕེལ་བྱུང་ཡོད། ད་བར། ས་སྐྱ་དགོན་དུ་ཡོན་མིང་རྒྱལ་རབས་སྐབས་ཀྱི་དཀར་ཆས་འབོར་ཆེན་ཉར་ཚགས་བྱས་ཡོད་པ་དང་། དེར་ཉར་ཚགས་བྱས་པའི་དཔེ་རྙིང་རིགས10000ལྷན་ཟིན་ཞིང་། ད་ཡོད་དཔེ་ཆའི་གྲངས་འབོར40000ལས་བརྒལ་ཡོད། ལྷག་དོན་དུ་ས་སྐྱ་ལེགས་བཤད་ནི་མི་རབས་མང་པོའི་བློ་སྒོ་འབྱེད་པའི་ཀློག་དེབ་ཅིག་ཡིན་པས་ད་ལྟའི་བར་དུ་རྒྱུན་འཛིན་དང་སློབ་སྦྱོང་བྱེད་བཞིན་ཡོད། དེས་ན། རིག་གཞུང་ཁྱབ་ཁོངས་སུ་ས་སྐྱ་དགོན་ལ་ད་དུངཏུན་ཧོང་གཉིས་པཞེས་པའི་མཚན་སྙན་ཐོབ་ཡོད།
        ལོ་འདི་ཤར་ཚུན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་དང་དེ་ཉིད་དྲིལ་བསྒྲགས་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་འདུ་ཤེས་ཀྱི་གཙོ་ཐིག་གཅིག་བརྟན་པོ་འཛུགས་རྒྱུར་དམིགས་ཏེ། སྤུས་དག་ཐོན་རྫས་ཁག་ཅིག་བཏོད་པ་དང་། འདུ་འགོད་ཆེན་པོ་བརྒྱད་ལག་བསྟར། འགན་ལེན་གཅིག་དོན་འཁྱོལ་བཅས་བྱས་ཤིང་། རིག་གནས་སྡེ་ཚན་གྱིས་མང་ཚོགས་དང་ཉེ་བཅར་དང་མང་ཚོགས་ཁྲོད་གཞི་ཚུགས་པའི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ། རིག་གནས་ལས་དོན་གསར་གཏོད་གོང་འཕེལ་དང་ལྗོངས་ཡོངས་ཀྱི་གཞི་རིམ་སྤྱི་པའི་རིག་གནས་ཀྱི་འཐབ་ས་མདུན་མའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་གི་ཡོད་པ་རེད། གོམ་སྟབས་རྗེས་མར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་དུས་འགོའི་ལས་དོན་གྱི་རྨང་གཞིའི་ཐོག་མུ་མཐུད་ཤུགས་བརྒྱབ་སྟེ། རིག་དངོས་གསོན་ཉམས་དོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་རྒྱས་པ། དཔེ་རྙིང་བེད་སྤྱོད་ཐུབ་པ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་གཙོ་གནད་དགོན་སྡེ་ཁག་གི་ཁང་གསུམ་འཛུགས་སྐྲུན་གཏིང་ཟབ་སར་གོང་འཕེལ་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།