ཅི་ཞིག་ལ་ཁྲིམས་འགལ་གྱིས་མ་དངུལ་སྡུད་པ་ཟེར།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2022-06-14 08:24:50
ཀློག་གྲངས།:
ཁྲིམས་འགལ་གྱིས་མ་དངུལ་སྡུད་པའི་བྱེད་སྒོ་སྣ་ཚོགས་ཀྱིས་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་དངུལ་རྩའི་སྒྲིག་གཞི་ལ་གཏོར་བརླག་ཚབས་ཆེན་བཟོས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱི་ཡོད་པས། ཁྲིམས་འགལ་གྱིས་མ་དངུལ་སྡུད་པ་སྔོན་འགོག་བྱེད་པའི་དྲིལ་སྒྲོག་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ཁྲིམས་འགལ་གྱིས་མ་དངུལ་སྡུད་པའི་གཡོ་ཐབས་ལ་ངེས་ཟིན་དང་ཤེས་རྟོགས་ཟབ་མོ་འབྱུང་དུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེ། དེ་བས་ད་ལོའི་སྤྱི་ཟླ་དྲུག་པ་ནི་ཁྲིམས་འགལ་གྱིས་མ་དངུལ་སྡུད་པ་སྔོན་འགོག་དྲིལ་སྒྲོག་བྱེད་པའི་ཟླ་བ་ཡིན་པས། བར་སྐབས་འདི་དང་བསྟུན་ནས་ངེད་ཨ་མདོ་བརྙན་འཕྲིན་གྱི་སྨྱན་སྦྱོར་གསར་བའི་འཕྲིན་སྟེགས་ཀྱིས་ཁྲིམས་འགལ་གྱིས་མ་དངུལ་སྡུད་པ་ཞེས་པ་དེ་ཅི་ལྟ་བུའི་ཡིན་པའི་སྐོར་གྱི་རྒྱུན་ཤེས་ཐུང་ཐུང་ཞིག་འདིར་ཆེད་དུ་བཀོད་སྒྲིག་གནང་ཡོད། གཟིགས་རོགས་ཞུ།
གཅིག ཅི་ཞིག་ལ་ཁྲིམས་འགལ་གྱིས་མ་དངུལ་སྡུད་པ་ཟེར།
ཁྲིམས་འགལ་གྱིས་མ་དངུལ་སྡུད་པ་ཞེས་པ་ནི། ལས་ཁུངས་སམ་མི་སྒེར་གྱིས་ཁྲིམས་ལུགས་ཀྱིས་གཏན་ཁེལ་བྱས་ཡོད་པའི་གོ་རིམ་མ་བརྒྱུད་ཅིང་། འབྲེལ་ཡོད་དབང་འཛིན་སྡེ་ཁག་གི་ཆོག་མཆན་མ་བཀོད་པར། མ་རྐང་འཛིན་ཤོག་དང་། བུན་འཛིན་རྒྱན་ཤོག མ་དངུལ་འཇོག་པའི་ཐེབས་རྩའི་དངུལ་འཛིན་ནམ་ཡང་ན་བུན་དབང་འཛིན་ཤོག་གཞན་དག་འགྲེམ་སྤེལ་བྱེད་པའི་ཐབས་ལམ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་མ་དངུལ་བསྡུ་རུབ་བྱས་ཏེ། དུས་ཚོད་ངེས་ཅན་ཞིག་གི་ནང་ནས་དངུལ་ལོར་དང་དངོས་རྫས། དེ་མིན་བྱེད་ཐབས་གཞན་དག་ལ་བརྟེན་ནས་མ་དངུལ་འཇོག་མཁན་ལ་མ་དང་སྐྱེད་ཀ་གཉིས་ཕྱིར་སྤྲོད་པའམ་ཐོབ་ཆ་སྤྲོད་རྒྱུའི་ཁས་ལེན་བྱེད་པའི་བྱ་སྤྱོད་ལ་ཟེར།
གཉིས། ཁྲིམས་འགལ་གྱིས་མ་དངུལ་སྡུད་པ་ལ་ཁྱད་ཆོས་ཅི་ཞིག་ཡོད།
༡ འབྲེལ་ཡོད་སྡེ་ཁག་གི་ཁྲིམས་དང་མཐུན་པའི་ཆོག་མཆན་ཐོབ་མེད་པ་སྟེ། ཆོག་མཆན་འགོད་པའི་དབང་ཆ་མེད་པའི་སྡེ་ཁག་གིས་ཆོག་མཆན་བཀོད་པའི་མ་དངུལ་བསྡུ་རུབ་དང་། ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཆ་ཡོད་པའི་སྡེ་ཁག་གིས་དབང་ཆ་ལས་བརྒལ་ནས་ཆོག་མཆན་བཀོད་པའི་མ་དངུལ་བསྡུ་རུབ། མདོར་ན་མ་དངུལ་སྡུད་མཁན་ལ་མ་དངུལ་སྡུད་པའི་ཐོབ་ཐང་མི་ལྡན་པ།
༢ དུས་ཚོད་ངེས་ཅན་ཞིག་གི་ནང་ནས་མ་དངུལ་འཇོག་མཁན་ལ་མ་དང་སྐྱེད་ཀ་གཉིས་ཕྱིར་སྤྲོད་པའི་ཁས་ལེན་བྱེད་པ། མ་དང་སྐྱེད་ཀ་གཉིས་ཕྱིར་སྤྲོད་པའི་ཐབས་ལམ་ལ་དངུལ་ལོར་གྱི་རྣམ་པས་ཕྱིར་སྤྲོད་པ་གཙོ་བོ་ཡིན་པའི་ཐོག དངོས་རྫས་ཀྱི་རྣམ་པས་ཕྱིར་སྤྲོད་པ་དང་རྣམ་པ་གཞན་དག་གི་སྒོ་ནས་ཕྱིར་སྤྲོད་པ་ཡང་ཡོད།
༣ སྤྱི་ཚོགས་སྟེང་གི་ངེས་གཏན་མེད་པའི་མི་ལ་མ་དངུལ་བསྡུ་རུབ་བྱེད་པ། འདིར་བརྗོད་པའི“ངེས་གཏན་མེད་པའི་མི”ཞེས་པ་དེ་སྤྱི་ཚོགས་ཀྱི་སྤྱི་དམངས་བྱིངས་ལ་གོ་བ་ལས་ངེས་གཏན་བྱས་ཡོད་པའི་མི་ཉུང་ཤོས་ཤིག་ལ་མི་གོ་བ་ཡིན།
༤ ཁྲིམས་མཐུན་གྱི་བྱེད་སྟངས་ལ་བརྟེན་ནས་ཁྲིམས་འགལ་གྱིས་མ་དངུལ་སྡུད་པའི་ངོ་བོ་གཡོ་འགེབས་བྱེད་པ་དང་། ཁྲིམས་དང་འགལ་བའི་དམིགས་ཡུལ་ངོ་མ་དེ་གཡོ་འགེབས་བྱེད་པའི་ཆེད་དུ་རྒྱུན་པར་མ་དངུལ་འཇོག་མཁན(གནོད་འཚེ་ཕོག་མཁན)དང་གན་རྒྱ་བཞག་སྟེ། རྒྱུན་ལྡན་གྱི་ཐོན་སྐྱེད་ལས་གཉེར་གྱི་བྱེད་སྒོ་ཞིག་ཡིན་པའི་གཡོ་སྒྱུ་འཁྲབ་ནས། མ་དངུལ་གཡོ་ལེན་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་ཅི་ཐུབ་གང་ཐུབ་ཀྱིས་མངོན་འགྱུར་བྱེད་པ།
གསུམ། ཁྲིམས་འགལ་གྱིས་མ་དངུལ་སྡུད་པ་ལ་མངོན་ཚུལ་གཙོ་བོ་གང་དག་ཡོད།
༡ རིན་གོང་ཡོད་པའི་འཛིན་ཤོག་དང་ཚོགས་མིའི་བྱང་བུ། བུ་ལོན་གྱི་དཔང་ཡིག་སོགས་འགྲེམ་སྤེལ་བྱེད་པའི་རྣམ་པས་མ་དངུལ་བསྡུ་ལེན་བྱེད་པ་སྟེ། དེ་ལ་ཅུང་རྒྱུན་མཐོང་གི་རྣམ་པ་འགའ་ཡོད་པ་ལས། དང་པོ་ནི་མ་རྐང་འཛིན་ཤོག་དང་། བུན་འཛིན། རྒྱན་ཤོག མ་དངུལ་འཇོག་པའི་ཐེབས་རྩ་ལ་སོགས་པའི་ཁེ་དབང་འཛིན་ཡིག་འགྲེམ་སྤེལ་བྱེད་པའམ་ཡང་ན་དུས་བཅད་ཚོང་རྫས་ཉོ་འཚོང་དང་གཏའ་མ་འཇོག་པའི་མིང་ཐོག་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ། གཉིས་པ་ནི་མ་རྐང་ངོས་འཛིན་རྩིས་ལེན་དང་། མ་རྐང་ནང་ཞུགས་ཏེ་ཁེ་སྤོགས་བགོ་བ། ཚབ་མངག་གིས་མ་དངུལ་འཇོག་པ། ཚབ་མངག་གིས་རྒྱུ་ནོར་བདག་གཉེར་བྱེད་པ་སོགས་ལ་ཁ་གཡར་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ། གསུམ་པ་ནི་ཚོགས་མིའི་བྱང་བུ་དང་། ཚོགས་མིའི་དཔང་ཡིག གདན་ཐོབ་དཔང་ཡིག གཟིགས་སྐྱོང་བྱང་བུ། འཛད་སྤྱོད་བྱང་བུ་སྟེར་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ།
༢ ཁང་ལས་དང་གཞི་སའི་ཐོན་ལས་སོགས་ཀྱི་རྒྱུ་ནོར་འདྲ་མཉམ་གྱིས་བགོ་བཤའ་རྒྱག་པ་དང་། དེའི་བགོ་སྐལ་གྱི་ཐག་གཅོད་དབང་ཆ་ཕྱིར་འཚོང་བྱེད་པའི་རྣམ་པ་ཡིས་སྐྱེད་ཀ་མཐོ་བའི་མ་དངུལ་བསྡུ་རུབ་བྱེད་པ་སྟེ། དེ་ལ་ཆེས་རྒྱུན་མཐོང་གི་རྣམ་པ་ཞིག་ཡོད་པ་ནི། ཁྱོད་ལ་ཐོབ་པའི་བགོ་སྐལ་འཚོང་བ་དང་བཙོངས་རྗེས་ཕྱིར་གླ་བའམ་ཕྱིར་ཉོ་བ། ཡང་ན་དུས་བཅད་ལྟར་ཕྱིར་ཁེ་སྤྲོད་པ་སོགས་ཀྱི་རྣམ་པ་སྤྱད་དེ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ།
༣ དམངས་ཁྲོད་ཚོགས་པའི་རྣམ་པ་སྤྱད་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ་སྟེ། དེ་ལ་ཆེས་རྒྱུན་མཐོང་གི་རྣམ་པ་ཞིག་ཡོད་པ་ནི། ས་འོག་དངུལ་ཁང་བརྒྱུད་ནས་མ་དངུལ་བསྡུ་རུབ་ཀྱི་བྱེད་སྒོ་སྤེལ་བ།
༤ ཚོང་རྫས་བརྒྱུད་འཚོང་ལ་སོགས་པའི་དཔལ་འབྱོར་གན་རྒྱ་འཇོག་པའི་རྣམ་པར་བརྟེན་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ་སྟེ། དེ་ལ་ཆེས་རྒྱུན་མཐོང་གི་རྣམ་པ་སྐོར་ཞིག་ཡོད་པ་ནི། ཚོང་རྗས་འཚོང་བ་དང་བཙོངས་རྗེས་ཕྱིར་གླ་བའམ་ཕྱིར་ཉོ་བ། ཡང་ན་གཞན་ལ་བསྐོར་བ། དེ་མིན་ཚོགས་མི་འཕེལ་རྒྱས་སུ་གཏོང་བ་དང་ཚོང་པའི་མནའ་འབྲེལ་འཛུགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ།
༥ རྒྱན་ཤོག་འགྲེམ་སྤེལ་དང་ཡང་ན་རྣམ་པ་འགྱུར་བའི་སྒོ་ནས་རྒྱན་ཤོག་འགྲེམ་སྤེལ་བྱེད་པའི་རྣམ་པར་བརྟེན་ནས་མ་དངུལ་བསྡུ་རུབ་བྱེད་པ།
༦ བརྒྱུད་འཚོང་གི་རྣམ་པ་དང་ཡང་ན་གསང་བའི་འབྲེལ་གཏུག་གི་རྣམ་པར་བརྟེན་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ།
༧ སིལ་ར་དང་གཞིས་ཀ་གསར་སྤེལ་བྱེད་པའི་རྣམ་པས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ།
༨ དེང་རབས་ཀྱི་གློག་རྡུལ་དྲ་བའི་ལག་རྩལ་ལ་བརྟེན་ནས“རྟོག་བཟོའི”ཐོན་རྫས་གསར་བཟོ་བྱེད་པ་སྟེ། དཔེར་ན་“གློག་རྡུལ་ཚོང་ཁང་”དང་། “གློག་རྡུལ་ཚོང་རྫས”ལ་མ་དངུལ་བཞག་ནས་ཚབ་མངག་ལས་གཉེར་བྱེད་པ་དང་། དུས་བཅད་ལ་ཐོན་ན་ཕྱིར་ཉོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ།
༩ སྦྲེལ་དྲ་ལ་བརྟེན་ནས་མ་དངུལ་འཇོག་པའི་ཐེབས་རྩ་འཛུགས་པའི་རྣམ་པ་སྤྱད་དེ་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ།
༡༠ “གློག་རྡུལ་གསེར་གྱི་མ་དངུལ་འཇོག་པའི”རྣམ་པར་བརྟེན་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།