༢༠༢༣ལོའི་ཞིབ་འཇུག་སློབ་མར་མིང་ཐོ་འགོད་པའི་དུས་ཚོད་གཏན་འཁེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2022-09-09 09:19:08 ཀློག་གྲངས།:
        ཉེ་ཆར་སློབ་གསོ་པུས«2023ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མ་བསྡུ་བའི་བྱ་བའི་དོ་དམ་གཏན་འབེབས»པར་འགྲེམས་བྱས་ནས་ས་གནས་སོ་སོའི་སློབ་བསྡུ་ཚན་པར་རིམས་ནད་འགོག་ཟོན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་གི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་སློབ་བསྡུའི་བྱ་བ་གཅིག་གྱུར་འཆར་འགོད་ངང་ལེགས་པོར་བསྒྲུབ་དགོས་པ་བཀོད་སྒྲིག་བྱས།
1. བློ་འདྲི་བྱེད་པའི་དུས་ཚོད། 2022ལོའི་ཟླ9པའི་ཚེས22ནས26ཉིན་བར།
2. མིང་ཐོ་འགོད་སའི་དྲ་ཚིགས། ཀྲུང་གོ་ཞིབ་འཇུག་སློབ་མའི་ཆ་འཕྲིན་དྲ་བ
3. མིང་ཐོ་སྔོན་ལ་འགོད་པའི་དུས་ཚོད་ནི། 2022ལོའི་ཟླ9པའི་ཚེས24ནས27ཉིན་བར།(ཉིན་རེའི་དུས་ཚོད9:00ནས་22:00བར)
4. དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི། 2022ལོའི་ཟླ10པའི་ཚེས5ནས25ཉིན་བར།(ཉིན་རེའི་དུས་ཚོད9:00ནས་22:00བར)
5. དྲ་ཐོག་གི་གཏན་འཁེལ་དུས་ཚོད་ནི། དྲ་ཐོག་ནས་གཏན་འཁེལ་བྱེད་པའི་དུས་ཚོད་དེ་ཞིང་ཆེན་རིམ་པའིསློབ་གསོ་སློབ་བསྡུའི་ཡིག་རྒྱུགས་ལས་ཁུངས་ཁག་གི་རྒྱལ་ཁབ་ཀྱི་སློབ་བསྡུའི་བྱ་བ་བཀོད་སྒྲིག་དང་ས་ཁུལ་དེ་གའི་རྒྱུགས་སྤྲོད་རྩ་འཛུགས་ཀྱི་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་དང་ཁྱབ་སྒྲོག་བྱ་རྒྱུ།
6. རྒྱུགས་སྤྲོད་འཛིན་ཡིག་ལེན་པའི་དུས་ཚོད་ནི། རྒྱུགས་སྤྲོད་སློབ་མས་རྒྱུགས་མ་བླངས་གོང་གི་ཉིན10ཡས་མས་སུ་དྲ་ཐོག་ཚགས་པར་སྤྱོད་མཁན་གྱི་མིང་དང་གསང་བའི་ཨང་གྲངས་ལ་བརྟེན་ནས“ཀྲུང་གོ་ཞིབ་འཇུག་སློབ་མའི་ཆ་འཕྲིན་དྲ་བ”ནང་ཞུགས་ཏེ་རྒྱུགས་སྤྲོད་འཛིན་ཡིག་ལེན་དགོས།
7. ཡིག་རྒྱུགས་ལེན་པའི་དུས་ཚོད་ནི། 2022ལོའི་ཟླ12པའི་ཚེས24ནས25ཉིན་བར། ཆུ་ཚོད3ལས་བརྒལ་པའི་བསླབ་ཚན་གྱི་རྒྱུགས་གཞི་ཟླ12པའི་ཚེས26ཉིན་བཀོད་སྒྲིག་བྱ་རྒྱུ།
        སློབ་གསོ་པུས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་དྲ་ཐོག་ནས་མིང་ཐོ་འགོད་དུ་བཅུག་རྗེས་དུས་བཀག་ལྟར་ཞིང་ཆེན་རིམ་པའི་སློབ་གསོ་སློབ་བསྡུའི་རྒྱུགས་སྤྲོད་སྒྲིག་གཞི་དང་། མིང་ཐོ་འགོད་ས། སློབ་བསྡུ་ཚན་པའི་གཞུང་ཕྱོགས་དྲ་ཚིགས་སོགས་སུ་ཡིག་རྒྱུགས་ཀྱི་བཀོད་སྒྲིག་དང་རིམས་འགོག་གི་བླང་བྱ་སོགས་ཀྱི་དོན་ཚན་རང་འགུལ་ངང་རྒྱུས་ལོན་བྱས་ཏེ། འབྲེལ་ཡོད་བྱ་བ་ལེགས་བསྒྲུབ་བྱ་རྒྱུར་གཞོགས་འདེགས་བྱས་ནས་ཡིག་རྒྱུགས་ནང་བདེ་བླག་ངང་ཞུགས་ཐུབ་པར་དྲན་སྐུལ་བྱས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།