རྒྱལ་སྟོན་དུས་ཆེན་སྐབས་ཀྱི་རིམས་ནད་འགོག་ཟོན་ཐད་བཏང་བའི་བརྡ་ཁྱབ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2022-09-29 09:08:16
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བརྡ་ཁྱབ(ཨང11པ)
རྒྱལ་སྟོན་ངལ་གསོའི་དུས་ཆེན་གྱི་སྔ་རྗེས་སུ་མིའི་འགྲོ་འོང་ཇེ་མང་དུ་སོང་ནས་ཕྱི་རིམས་ནང་མཆེད་དང་ནང་རིམས་བསྐྱར་མཆེད་ཀྱི་ཉེན་ཁ་འགོག་ཟོན་དང་། རིམས་ནད་འགོག་ཟོན་ཐད་བླངས་ཟིན་པའི་གྲུབ་འབྲས་སྲ་བརྟན། ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་བདེ་ཐང་དང་བདེ་འཇགས་ངང་འཚོ་བ་རོལ་ཐུབ་པར་འགན་སྲུང་བཅས་བྱ་ཆེད། འབྲེལ་ཡོད་བརྡ་ཁྱབ་བཏང་བ་གཤམ་གསལ།གཅིག རང་ས་གནས་སུ་དུས་ཆེན་ལ་རོལ་དགོས། ད་སྔར། རྒྱལ་ནང་གི་ས་གནས་མང་པོར་རིམས་ནད་འགོས་ཁྱབ་ཉེན་ཁ་སྔར་བཞིན་ཆེ་ཞིང་ཕྱི་རིམས་ནང་མཆེད་ཀྱི་གནས་ཚུལ་སྔར་བཞིན་བྱུང་དང་འབྱུང་མུས་ཡིན་ལ། ཉེ་འཁོར་གྱི་ཞིང་ཆེན་དག་གི་རིམས་ནད་ད་དུང་མཇུག་སྒྲིལ་མེད་རྐྱེན། རྒྱལ་སྟོན་དུས་ཆེན་རིང་མིའི་འགྲོ་འོང་དང་འདུ་འཛོམས་ཇེ་མང་དུ་འགྲོ་སྲིད་ལ། ལམ་དུ་གནམ་གྲུ་དང་། མེ་འཁོར། ཐག་རིང་འགྲུལ་སྐྱེལ་རླངས་འཁོར་སོགས་སྤྱི་སྤྱོད་འགྲིམ་འགྲུལ་ནང་འདུག་སྐབས་མི་མང་དང་འབྲེལ་འདྲིས་མི་བྱེད་རང་བྱེད་ཡིན་པས། ཕྱི་རིམས་ནང་མཆེད་དང་ནད་རིམས་བསྐྱར་མཆེད་ཀྱི་ཉེན་ཁ་ཧ་ཅང་ཆེ། དེ་བས་དགོས་གལ་མེད་ན་རང་རང་སྡོད་སའི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ནས་ཕྱི་ལ་མི་འགྲོ་བ་དང་། ས་ཁོངས་ཕྱི་རུ་འགྲོ་འོང་བྱ་རྒྱུ་ཇེ་ཉུང་དུ་གཏང་དགོས་པ་དང་། ལྷག་པར་དུ་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དང་རིམས་ནད་ཛ་དྲག་ཆེ་བའི་གཙོ་གནད་ཞིང་ཆེན་དང་། གྲོང་ཁྱེར། རྫོང་དང་ཆུས་བཅས་སུ་མི་འགྲོ་བར་གལ།
གཉིས། མཚོ་སྔོན་དུ་ཡོང་མཁན་གྱིས་སྔ་མོ་ནས“བདེ་ཐང་མཚོ་སྔོན”གྱི་རིམས་ནད་འགོག་ཟོན་སྙན་སེང་ཐོ་འགོད་མ་ལག་སྟེང་སྙན་སེང་ཞུ་དགོས། རིམས་འགོག་ལས་བྱེད་པར་གཞོགས་འདེགས་བྱས་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་བདེ་ཐང་ལ་དོ་དམ་ལེགས་པོ་བྱ་དགོས་ལ། ལམ་བར་དུ་མི་སྒེར་གྱི་འགོག་སྲུང་བྱ་བ་ཏན་ཏིག་བསྒྲུབ་དགོས། ཐོ་འགོད་སྙན་སེང་ཞུ་བའི་བླང་བྱ་ལག་བསྟར་མི་བྱེད་པ་དང་། རིམས་ནད་ཡོད་པའི་ས་ཁུལ་ལ་སོང་མྱོང་བ་དང་བསྡད་མྱོང་བ། རིམས་ནད་ཡོད་པའི་ས་ཁུལ་གྱི་མིར་འབྲེལ་འདྲིས་བྱས་པའི་གནས་ཚུལ་སྦ་གསང་བྱེད་པའམ་ཡང་ན་རིམས་ནད་འགོག་ཟོན་གྱི་འབྲེལ་ཡོད་གཏན་འབེབས་ལ་འགལ་ནས་རིམས་ནད་མཆེད་པའི་ཉེན་ཁ་བཟོས་ཚེ། ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་ནན་པོ་བྱ་རྒྱུ།
གསུམ། འདུ་འཛོམས་རང་བཞིན་གྱི་བྱ་འགུལ་ཇེ་ཉུང་དུ་གཏོང་དགོས། དགོས་ངེས་ཆེར་མེད་ན་མི་སྤེལ་བ་དང་། དྲ་ཐོག་ནས་སྤེལ་འོས་ཚེ་དྲ་ཐོག་ནས་སྤེལ་དགོས། ཚོགས་འདུ་དང་། གསོ་སྦྱོང་། འགྲེམ་སྟོན་བྲིན་ཚོང་སོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་མ་སྤེལ་ན་ལེགས། ངེས་པར་དུ་སྤེལ་དགོས་ན་རིམས་ནད་འགོག་ཟོན་གྱི་བྱེད་ཐབས་ལག་བསྟར་བྱེད་པ་དང་། སུ་ཞིག་གིས་མཆན་བཀོད་བྱེད་ན་དེས་འགན་འཁུར་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། མི་གྲངས་ཚོད་འཛིན་བྱས་ནས་རིམས་ནད་འགོག་ཟོན་གྱི་བྱེད་ཐབས་ཁག་ལག་བསྟར་ནན་པོ་བྱ་དགོས། མང་ཚོགས་ཀྱིས་སྟབས་བདེའི་ངང་གཉེན་སྒྲིག་དང་འདས་མཆོད་བསྒྲུབ་དགོས།
བཞི། ནུས་བ་ལྡན་པའི་སྒོ་ནས་ཉིང་སྐྱུར་བདེན་དཔང་ལ་ཞིབ་བཤེར་བྱ་དགོས། འགྲུལ་པས་ཆུ་ཚོད48ཡི་ནང་ཚུན་གྱི་ཉིང་སྐྱུར་བཤེར་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་ལ་བརྟེན་ནས་གནམ་གྲུ་དང་། མྱུར་བགྲོད་ལྕགས་ལམ། མེ་འཁོར། ཐག་རིང་འགྲུལ་སྐྱེལ་རླངས་འཁོར་སོགས་ལ་འདུག་དགོས། ཞིང་ཆེན་གཞན་ནས་མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་ལོག་པའི་མིས་ངེས་པར་དུ་ས་གནས་དེའི་རིམས་ནད་འགོག་ཟོན་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་“དམིགས་འབེན་ས་གནས་ཀྱི་ཉིང་སྐྱུར་བརྟག་དཔྱད”བྱེད་དགོས། ཉིང་སྐྱུར་བཤེར་འབྲས་མ་ཐོན་གོང་ལ་འདུ་འཛོམས་རང་བཞིན་གྱི་བྱེད་སྒོའི་ཁྲོད་ཞུགས་མི་ཆོག མགྲོན་ཁང་དང་། ཨར་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་མི་ཚོགས་འདུ་འཛོམས་ཆེ་སར་འགྲོ་འོང་བྱེད་སྐབས་ཨང་རྟགས་གཉིས་དང་ཆུ་ཚོད48ནང་ཚུན་གྱི་ཉིང་སྐྱུར་བཤེར་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་ཞིབ་བཤེར་བྱ་དགོས།
ལྔ། མི་སྒེར་གྱི་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་དགོས། མི་ཚོགས་འདུ་ས་དང་མཁའ་དབུགས་མི་རྒྱུ་སར་རང་དགར་མི་འགྲོ་བ། འདུས་སྡོད་དང་འདུ་འཛོམས་མི་བྱེད་པ། གཞི་རྒྱ་ཆེ་བའི་འདུ་འཛོམས་བྱ་འགུལ་ལ་མི་ཞུགས། ཚན་རིག་ལྟར་ཁ་ཐུམ་བརྒྱག་པ་དང་ལག་པ་བཀྲུ་བ། ཁང་བའི་ནང་རྒྱུན་པར་རླུང་རྒྱུ་བར་བྱེད་པ་དང་དུག་སེལ་བྱེད་པ། མི་སོ་སོའི་བར་ཐག་རྒྱུན་འཁྱོངས་བྱེད་པ། ཚུལ་ལྡན་གྱིས་ཟ་མ་ཟ་བ་དང་སྨི1གི་བར་ཐག་བརྩི་སྲུང་བྱེད་པ། གལ་སྲིད་ཚ་རྒྱས་པ་དང་སྐམ་ལུ་རྒྱག་པ། ཐང་ཆད་པ། སྣ་འཚིབ་པ། སྣ་ཆུ་ཟགས་པ། མིད་པ་ན་བ། དྲི་ཚོར་ཉམས་པ། མིག་འབྲས་ལ་གཉན་ཚད་རྒྱས་པ། ཤ་གནད་ན་བ། ཁོག་བཤལ་པ་སོགས་ཀྱི་ནད་རྟགས་བྱུང་ན། མྱུར་དུ་ཚད་ལྡན་སྨན་བཅོས་བྱ་དགོས། དེ་མིན་སྨན་བཅོས་བྱེད་དུ་འགྲོ་སྐབས་ཁ་ཐུམ་རྒྱག་དགོས་ཤིང་། སྨན་བཅོས་བྱེད་སྐབས་འགྲོ་འོང་ལམ་ཐིག་དང་གནས་ཚུལ་རང་རྟོགས་སྒོས་ཡར་ཞུ་བྱ་དགོས།
དྲུག སྡེ་ཁུལ(སྡེ་བ)གྱི་རིམས་ནད་འགོག་ཟོན་དོ་དམ་ལ་ཤུགས་སྣོན་བྱེད་དགོས། ས་གནས་སོ་སོས“རིམས་ནད་མེད་པའི་སྡེ་ཁུལ(སྡེ་བ)གཏོད་པའི་ལས་འགུལ་དང་ཟུང་འབྲེལ་བྱས་ཏེ། དྲ་མིག་ཅན་གྱི་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་དུས་ཆེན་སྐབས་ཀྱི་རིམས་ནད་འགོག་ཟོན་གྱི་བྱེད་ཐབས་ཞིབ་ཕྲ་ལག་བསྟར་བྱེད་དགོས། ལས་ཁུངས་དང་། ཁེ་ལས། དོན་ལས་སྡེ་ཁག་སོ་སོས་སྔོན་ལ་མིག་དཔེ་སྟོན་པ་དང་། ལས་ཁུངས་གཙོ་བོ་དང་། ཡུལ་གནད་གཙོ་བོ། དམིགས་བསལ་ཡུལ་གནས་སོ་སོས་འགན་འཁྲི་ནན་པོ་ཁུར་ནས། རིམས་ནད་འགོག་ཟོན་ཐད་ཀྱི་བྱེད་ཐབས་ཁག་ལག་བསྟར་ནན་པོ་བྱེད་དགོས།
མི་རེ་རེ་ནི་བདེ་ཐང་གི་འགན་འཁྲི་བ་དང་པོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་ཐུན་མོང་སྒོས་ཧུར་བརྩོན་བྱས་ནས། ལྷོད་གཡེང་དང་རྣམ་གཡེང་གཏན་ནས་མི་བྱེད་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རིམས་ནད་འགོག་ཟོན་བྱ་བ་ཡག་པོ་བསྒྲུབ་ན། ཞིང་ཆེན་ཡོངས་ཀྱི་རིམས་འགོག་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་ཆགས་ནས་འཆམ་མཐུན་དང་བདེ་འཇགས་ལྡན་པའི་རྒྱལ་སྟོན་གུང་གསེང་ཞིག་རོལ་ཐུབ་པར་འགན་སྲུང་བྱ་དགོས།
མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།
2022ལོའི་ཟླ9བའི་ཚེས27ཉིན།
2022ལོའི་ཟླ9བའི་ཚེས27ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།