ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་ལྷོ་ཁུལ་ཡོངས་ཀྱི་ཆུང་འབྲིང་སློབ་མ་དང་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
མཚོ་ལྷོ་ཁུལ་ཡོངས་ཀྱི་ཆུང་འབྲིང་སློབ་མ་དང་ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-10-12 08:49:11
ཀློག་གྲངས།:
བཀུར་འོས་པའི་ཁྱིམ་བདག་རྣམ་པ་དང་མཛའ་བརྩེ་ལྡན་པའི་སློབ་གྲོགས་རྣམ་པ།
པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལས་ཁུལ་ཡོངས་ཀྱི་སྟོན་དུས་ཀྱི་སློབ་སྐབས་དེ་དྲ་ལམ་ནས་སློབ་ཁྲིད་བྱེད་འགོ་བཙུགས་པ་དང་། སློབ་གྲྭ་ཁག་གིས་གྲ་སྒྲིག་ནན་ཏན་དང་། དགེ་རྒན་གྱིས་སློབ་ཚན་གྲ་སྒྲིག་ཞིབ་ཚགས་བྱེད་པ། སློབ་མས་ནན་ཏན་ངང་ཉན་པ། ཁྱིམ་བདག་གིས་གཞོགས་འདེགས་ཧུར་ཐག་བཅས་བྱས་ནས་དྲ་ཐོག་སློབ་ཁྲིད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད། འོན་ཀྱང་ཉེ་དུས་འདིར་ཀན་སུའུ་དང་། ཤིན་ཅང་། ནང་སོག སི་ཁྲོན་སོགས་སུ་སློབ་གྲྭའི་ནང་དུ་ནད་ཡམས་འབྱུང་བཞིན་ཡོད་པས། ཞིང་ཆེན་ཕྱི་ནང་གི་ནད་ཡམས་གནས་ཚུལ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ལྡན། ང་ཚོས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིབ་འཇུག་བརྡར་གཅོད་བྱས་ཏེ་སློབ་འགོ་ཚུགས་པའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་བདེ་འཇགས་འགན་ལེན་བྱེད་པའི་གནས་ཚུལ་འོག་སྔ་མོ་ནས་སློབ་འགོ་ཚུགས་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད་པ་རེད། མིག་སྔར་དྲ་ལམ་སློབ་ཁྲིད་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་ཀྱི་ཡོད་པས་ང་ཚོས་གཤམ་གསལ་གྱི་གྲོས་འགོ་བཏོན་པ་སྟེ།
པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལས་ཁུལ་ཡོངས་ཀྱི་སྟོན་དུས་ཀྱི་སློབ་སྐབས་དེ་དྲ་ལམ་ནས་སློབ་ཁྲིད་བྱེད་འགོ་བཙུགས་པ་དང་། སློབ་གྲྭ་ཁག་གིས་གྲ་སྒྲིག་ནན་ཏན་དང་། དགེ་རྒན་གྱིས་སློབ་ཚན་གྲ་སྒྲིག་ཞིབ་ཚགས་བྱེད་པ། སློབ་མས་ནན་ཏན་ངང་ཉན་པ། ཁྱིམ་བདག་གིས་གཞོགས་འདེགས་ཧུར་ཐག་བཅས་བྱས་ནས་དྲ་ཐོག་སློབ་ཁྲིད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད། འོན་ཀྱང་ཉེ་དུས་འདིར་ཀན་སུའུ་དང་། ཤིན་ཅང་། ནང་སོག སི་ཁྲོན་སོགས་སུ་སློབ་གྲྭའི་ནང་དུ་ནད་ཡམས་འབྱུང་བཞིན་ཡོད་པས། ཞིང་ཆེན་ཕྱི་ནང་གི་ནད་ཡམས་གནས་ཚུལ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ལྡན། ང་ཚོས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིབ་འཇུག་བརྡར་གཅོད་བྱས་ཏེ་སློབ་འགོ་ཚུགས་པའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་བདེ་འཇགས་འགན་ལེན་བྱེད་པའི་གནས་ཚུལ་འོག་སྔ་མོ་ནས་སློབ་འགོ་ཚུགས་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད་པ་རེད། མིག་སྔར་དྲ་ལམ་སློབ་ཁྲིད་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་ཀྱི་ཡོད་པས་ང་ཚོས་གཤམ་གསལ་གྱི་གྲོས་འགོ་བཏོན་པ་སྟེ།
གཅིག སེམས་ཁམས་ཞི་དུལ་དུ་གནས་པར་རྒྱུན་འཁྱོངས་བྱེད་དགོས།
དྲ་ལམ་སློབ་སྦྱོང་བྱེད་རིང་དགེ་རྒན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་ནང་དོན་དང་ལས་འགན་བཀོད་སྒྲིག་བྱེད་པ་མ་ཟད། སློབ་མར་དྲ་ལམ་ནས་དོགས་གཞིར་ལན་འདེབས་དང་ཟུར་ཁྲིད་ཀྱང་བྱེད་ཀྱི་ཡོད། རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་སློབ་མ་ཁག་གཅིག་གི་ཁྲིད་ཉན་དང་སྦྱངས་འབྲས་དེ་ཙམ་ཡག་པོ་ཐོན་བཞིན་མེད་པས་ཁྱིམ་བདག་ཚོས་སེམས་ཁྲལ་བྱེད་ཀྱི་ཡོད། དེའི་ཐད་ཁྱིམ་བདག་ཚོས་སེམས་ཤུགས་བརྟན་པོ་དང་། བློ་རྒྱ་ཡངས་པོ།སློབ་གྲྭ་དང་དགེ་རྒན་གྱི་མཛུབ་ཁྲིད་བཀོད་སྒྲིག་ལ་ཉན་པ། རང་འགུལ་ངང་འཛིན་བདག་དང་བསླབ་ཁྲིད་དགེ་རྒན་ལ་འབྲེལ་བ་བྱས་ཏེ་ཕན་ཚུན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་མདུན་དུ་ལྷགས་པའི་ཞིབ་ཕྲའི་གནད་དོན་ཐུན་མོང་ཐོག་ཐག་གཅོད་བྱས་ནས་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་། དྲ་ཕྱིའི་སློབ་ཚན་འཚོགས་རྗེས་སློབ་གྲྭ་དང་དགེ་རྒན་གྱིས་སློབ་མའི་ཁྱིམ་སྡོད་སློབ་སྦྱོང་གི་གནས་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་འཇུག་བརྡར་གཅོད་དང་དཔྱད་དཔོག་བྱས་ཏེ་སློབ་མའི་ཁྱིམ་སྡོད་སློབ་སྦྱོང་དང་སློབ་གྲྭར་ཕྱིར་ལོག་སློབ་སྦྱོང་བྱས་རྗེས་ཀྱི་སློབ་ཁྲིད་སྦྲེལ་མཐུད་ནུས་ལྡན་བྱས་ནས་སློབ་མའི་སློབ་སྦྱོང་གི་ཕན་འབྲས་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།
གཉིས། སློབ་མའི་ཁ་པར་དོ་དམ་ལ་ཤུགས་སྣོན་བྱེད་དགོས།
དྲ་ལམ་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་ལག་ཁྱེར་ཁ་པར་དང་ངོས་ལེབ་ཁ་པར་སོགས་མཐའ་སྣེའི་སྒྲིག་ཆས་མང་པོ་སྤྱོད་ཀྱི་ཡོད་ཅིང་། ལག་ཁྱེར་ཁ་པར་གྱི་རོལ་རྩེད་ནུས་པ་དང་འབྲེལ་གཏུག་ནུས་པ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། དེ་བཞིན་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་ཁམས་དེ་ཙམ་ཡག་པོ་མེད་རྐྱེན། རང་འགུལ་ངང་ཚོད་འཛིན་བྱེད་པའི་ནུས་པ་ཞན་པ། སློབ་མ་ཁག་གཅིག་དྲ་རྒྱའི་རོལ་རྩེད་ལ་གཡེང་བ། དྲ་ལམ་གྲོགས་པོ་སྒྲིག་ནས་གླེང་མོ་བྱེད་པ། ཁྲིམས་འགལ་གྱི་བརྙན་ཟློས་བརྒྱུད་བསྐུར་བྱེད་པ་སོགས་ཀྱིས་རྒྱུན་ལྡན་གྱི་སློབ་སྦྱོང་དང་། འཚོ་བ། ལུས་སེམས་བདེ་ཐང་བཅས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་ང་ཚོས་ཁྱིམ་བདག་རྣམས་ལ་ལྟ་སྐུལ་གྱི་འགན་འཁྲི་བཀལ་ནས་ཕྲུ་གུར་ལག་ཁྱེར་ཁ་པར་སྤྱོད་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱིམ་ཚང་དང་སློབ་གྲྭའི་དབར་མཐུན་སྦྱོར་ངང་མི་སྣ་གསོ་སྐྱོང་བྱེད་པའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་པའི་རེ་བ་བཏོན་པ་ཡིན།
གསུམ་ནི་སློབ་མའི་རང་གཅུན་ནུས་པ་གསོ་སྐྱོང་བྱེད་དགོས།
དྲ་ལམ་སློབ་སྦྱོང་གི་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་ནས་ཁྱིམ་ཚང་སློབ་ཁང་དུ་གྱུར་པས་དྲ་ལམ་སློབ་ཁྲིད་དོ་དམ་དེ་རྒྱུན་ལྡན་གྱི་སློབ་ཁང་སློབ་ཁྲིད་ལས་དཀའ་ཚེགས་ཆེ་མོད། འོན་ཀྱང་དེ་ནི་སློབ་མའི་རང་སྦྱོང་ནུས་པ་དང་རང་གཅུན་ནུས་པ་གསོ་སྐྱོང་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཀྱང་རེད། ཁྱིམ་བདག་གིས་སློབ་གྲྭ་ལ་གཞོགས་འདེགས་བྱས་ཏེ། ཁྱིམ་སྡོད་སློབ་སྦྱོང་གི་དབང་གིས་སློབ་མའི་སློབ་སྦྱོང་དང་འཚོ་བའི་ཆོས་ཉིད་སྣང་མེད་དུ་མི་འཇོག་པར་བྱིས་པར་དུས་ལྟར་ཟ་མ་ཟ་བར་སྐུལ་འདེད་དང་། ཞོགས་པར་སྔ་མོར་མལ་ལས་ལངས་པ་དང་དགོང་མོར་དུས་ལྟར་ཉལ་དུ་བཅུག་ནས་གཉིད་པའི་དུས་ཚོད་འདང་ངེས་ཤིག་འགན་ལེན་བྱེད་དགོས། ཕྲུ་གུས་སློབ་ཚན་མ་ཁྲིད་གོང་གི་གྲ་སྒྲིག་ཡག་པོ་བྱ་རྒྱུར་ལྟ་སྐུལ་བྱས་ནས་འཛིན་གྲྭའི་ཉིན་རེའི་སློབ་ཚན་བཀོད་སྒྲིག་གཞིར་བཟུང་དུས་ཐོག་ཏུ་དྲ་ལམ་སློབ་སྦྱོང་ནང་ཞུགས་ཏེ་སློབ་ཚན་གྲོལ་རྗེས་དོགས་གཞིར་ལན་འདེབས་པའི་ཟུར་ཁྲིད་ནང་ཧུར་ཐག་ཞུགས་ནས་སློབ་སྦྱོང་གི་ལས་འགན་ལེགས་སྒྲུབ་ནན་ཏན་བྱས་ཏེ་ཕྲུ་གུར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་རྒྱུར་རོགས་རམ་བྱེད་དགོས།
བཞི་ནི་རང་སྟེང་གི་རིམས་འགོག་བདེ་འཇགས་ལེགས་པོར་བསྒྲུབ་དགོས།
མིག་སྔར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རིམས་ནད་ཀྱི་ཁྱབ་རྒྱ་ཅུང་ཆེ་བ་དང་། ཞིང་ཆེན་ནང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ཡོད་པས་རྒྱ་ཆེའི་ཁྱིམ་བདག་དང་སློབ་གྲོགས་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་བཟུང་ནས་རང་སའི་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་ལྷག་པར་དུ“དགོས་ངེས་མེད་ན་འགུལ་སྐྱོད་མི་བྱེད་པའི”རྩ་དོན་ལ་གཞིགས་ནས་རིམས་ནད་མཆེད་རྒྱུ་ཉུང་དུ་བཏང་སྟེ་མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་འཇགས་པར་བྱས་ནས་དུས་རྒྱུན་ཁ་བཏུམ་རྒྱག་པ་དང་། ལག་པ་འཁྲུད་པ། སྒེའུ་ཁུང་ཕྱེ་བ་བཅས་བྱེད་དགོས། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པར་དོ་སྣང་བྱས་ཏེ། སློབ་མ་རྣམས་ལ་ཁྱིམ་དུ་ལུས་རྩལ་སྦྱོང་བརྡར་དང་། ཁྱིམ་སྡོད་ངལ་རྩོལ་གྱི་ལག་ལེན་སྤེལ་དུ་བཅུག་སྟེ། སློབ་མ་རྣམས་ཀྱི་སྤྱོད་ལམ་དང་མཛེས་དཔྱོད། ལུས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
མཚོ་ལྷོ་ཁུལ་སློབ་གསོ་ཅུའུ།
2022ལོའི་ཟླ10པའི་ཚེས09ཉིན།
2022ལོའི་ཟླ10པའི་ཚེས09ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།