མཚོ་ལྷོ་ཁུལ་གྱིས་སྨན་ཁང་གི་རིམས་འགོག་ཚོད་འཛིན་ལག་རྩལ་མི་སྣར་གསོ་སྦྱོང་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-10-28 11:33:07 ཀློག་གྲངས།:
        ཉེ་ཆར། མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྨན་ཁང་གི་རིམས་འགོག་ཚོད་འཛིན་ལག་རྩལ་མི་སྣ་རྩ་འཛུགས་བྱས་ནས་ལག་ལེན་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། གཞུང་བཙུགས་སྨན་ཁང11གི་སྨན་ཁང་རིམས་འགོག་ཚན་ཁག་གི་འགན་འཁུར་བ་དང་ལས་བྱེད་མི་སྣ། ནད་ཐོག་ཚན་ཁག་གི་རིམས་འགོག་ཚོད་འཛིན་སྨན་པ་དང་ནད་གཡོག་བཅས་བསྡོམས་པས་མི48གསོ་སྦྱོང་ནང་ཞུགས་ཡོད་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ནི་ཞིང་ཆེན་བཀོད་འདོམས་པུའི་གཞུང་ལས་ཁང་གིས་དྲ་ཐོག་སློབ་ཁྲིད་རྩ་འཛུགས་བྱས་པའི་རྨང་གཞིའི་ཐོག་ཁུལ་མི་དམངས་སྨན་ཁང་གིས་སྨན་ཁང་གི་འགོས་ནད་དང་སྨན་བཅོས། སྤུས་ཚད་ཚོད་འཛིན་ཆེད་མཁས་པ་རྩ་འཛུགས་བྱས་ནས་སློབ་ཁྲིད་བྱས་ཤིང་། «པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཇུས་གཞི(པར་གཞི་དགུ་པ)» «པྲོག་གསར་གློ་ཚད་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་དགུ་པ)» «སྨན་བཅོས་ལས་ཁུངས་ནང་གི་པྲོག་གསར་གློ་ཚད་འགོས་ཚུལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལག་རྩལ་ཕྱོགས་སྟོན(པར་གཞི་གསུམ་པ)»ལ་དམིགས་ནས། འགོག་སྲུང་མཁོ་ཆས་གྱོན་པ་དང་། ལད་ཟློས་ལོགས་བཀར་ནད་ཁུལ་དུ་གདགས་གཤིས་ཡིན་པའི་ནད་པ་བསྡུ་བཅོས་བྱེད་པའི་བརྒྱུད་རིམ་ཧྲིལ་པོ། མྱུར་སྐྱོབ་རླངས་འཁོར་བརྒྱུད་འདྲེན་དང་དུག་སེལ། དབུགས་ལམ་ལས་རིགས་ཕྱིར་མངོན་ཡུལ་དངོས་སུ་ཐག་གཅོད། སྨན་བཅོས་ཟོག་རོ་ཐག་གཅོད་བྱེད་རིམ་བཅས་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་སྦྱོང་བརྡར་བྱས། གསོ་སྦྱོང་གི་ནང་དོན་ཁྱབ་རྒྱ་ཆེ་བ་དང་གཙོ་གནད་མངོན་གསལ་དོད་པ། ནང་དོན་སྤྱོད་གོ་ཆོད་པ་བཅས་ཡིན་པས་སླད་ཕྱིན་སྨན་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་སྲོག་སྐྱོབ་སོགས་ཀྱི་ལས་དོན་ཚད་ལྡན་ངང་སྤེལ་རྒྱུར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས་གསོ་སྦྱོང་སློབ་མ་ཚོའི་དགའ་བསུ་ཐོབ།
        གསོ་སྦྱོང་མཇུག་འགྲིལ་རྗེས་མི21ལ་ཞིང་ཆེན་རིམ་པའི་གཅིག་གྱུར་དཔྱད་ཞིབ་བྱས་པ་བརྒྱུད་ཚད་ལོན་ལག་ཁྱེར་ཐོབ་ནས་ཁུལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་སྨན་ཁང་གི་རིམས་ནད་ཆེད་འགན་འཁུར་མཁན་དཔུང་ཁག་འཐུས་སྒོ་ཇེ་ཚང་དུ་བཏང་ཞིང་། ཐེངས་འདིར་གསོ་སྦྱོང་བྱས་པ་བརྒྱུད་སྨན་བཅོས་མི་སྣའི་རིམས་འགོག་ཚོད་འཛིན་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་ཕྱིན་པ་དང་འགོས་ནད་ཚོད་འཛིན་གྱི་གཞི་རྩའི་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ནས། སྨན་བཅོས་སྒྲིག་གཞིའི་ཕྱི་ནང་མཉམ་འགོག་དང་། སྨན་པ་དང་ནད་པ་མཉམ་འགོག་བཅས“མཉམ་འགོག་གསུམ”གྱི་བྱ་ཐབས་དོན་འཁྱོལ་ནུས་ལྡན་བྱ་ཆེད། མི་དང་ལག་རྩལ། ཡོ་བྱད་འགོག་པ་བཅས“འགོག་གསུམ་མཉམ་འདྲེས”ཚད་ལྡན་དུ་བཏང་ནས་རྒྱུན་ལྡན་གྱི་ནད་བརྟག་སྨན་བཅོས་བྱེད་སྒོའི་ཁྲོད་སྨན་བཅོས་ལས་ཁུངས་ནང་འགོས་ཚད་ཉུང་དུ་གཏོང་བར་རྨང་གཞི་སྔར་ལས་བརྟན་པོ་བཏིང་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།