གུང་ཧོས་གྲོང་མིར་གཞི་རྩའི་འཚོ་བའི་དངོས་ཟོག་མཁོ་འདོན་བྱ་རྒྱུ་རེད།

རྩོམ་པ་པོ།:མཚོ་ལྷོ་བོད་ཡིག་ཚགས་པར། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར་གྱི་འཕྲིན་སྟེགས། དུས་ཚོད།:2022-11-09 16:46:26 ཀློག་གྲངས།:
གུང་ཧོ་རྫོང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

བརྡ་ཁྱབ། 2022ལོའི་ཨང160པ།

       འཇགས་རྣམ་དོ་དམ་རིང་ཆབ་ཆ་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་འཚོ་བའི་དངོས་ཟོག་མཁོ་འདོན་དུས་ཐོག་ཏུ་འགན་ལེན་བྱ་ཆེད། རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད་རྫོང་དངོས་ཟོག་མཁོ་འདོན་འགན་ལེན་ཚན་ཁག་གིས་སྔོ་ཚལ་ཁུག་མ(ཁུག་མ་རེར་སྒོར20)དང་དེ་བཞིན་འབྲས་དང་ཕྱེ། གཡིས། འོ་མ། བྱ་སྒོང་། སྟབས་བདེ་ཐུག་པ་སོགས་དངོས་ཟོག་དུས་མཚམས་དང་ཁུལ་དབྱེ་ནས(སྡེ་ཁུལ9)གྲོང་མིའི་སྡོད་ཁུལ་ཁག་ཏུ་སྐྱེལ་རྒྱུ་རེད། སྐབས་དེ་དུས་སྡེ་ཁུལ་དང་སྡོད་ཁུལ་གྱི་ཏང་ཡོན་དང་དེ་བཞིན་དང་བླངས་པ་དང"མེད་པ་གསུམ་གྱི་སྡོད་ཁུལ"གྱི་མཉམ་འབྲེལ་འགོག་སྲུང་ཚོད་འཛིན་ལས་རེས་པས་ཡུལ་དངོས་སུ་ཞབས་འདེགས་ཞུ་རྒྱུ་ཡིན་པས་རྒྱ་ཆེའི་གྲོང་མི་ཚོས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གོ་རིམ་ལྡན་པའི་ངང་ཉོ་སྒྲུབ(ཨང་བཤེར་དངུལ་སྤྲོད)བྱ་དགོས།དེ་དང་ཆབས་ཅིག་རྒྱ་ཆེའི་གྲོང་མི་ཚོས་སྔོ་ཚལ་ཁུག་མ་སོགས་ཀྱི་དགོས་མཁོ་སྡེ་ཁུལ་ལམ་ཡང་ན་སྡོད་ཁུལ་གྱི་སྐད་འཕྲིན་ཚོགས་པར་སྔོན་ལ་ཡར་ཞུ་བྱ་རོགས། (ལོ་ལོན་དང་སྐད་འཕྲིན་མེད་པའི་དམིགས་བསལ་ཚོགས་སྤྱིའི་སྡེ་ཁུལ་ལ་ཁ་པར་བརྒྱབ་ཆོག)
       ཟླ11པའི་ཚེས8ཉིན་གྱི་སྡེབ་སྐྱེལ་ཁྱབ་ཁོངས་ནི་མཁར་བྱང་ཁུལ་གསར་སྡེ་ཁུལ་དང་མཁར་བྱང་སྡེ་ཁུལ། རྨ་ཆུ་ལམ་སྡེ་ཁུལ་བཅས་ཀྱི་ཁོངས་གཏོགས་སྡོད་ཁུལ་ཁག་ཡིན། 
       ཟླ11པའི་ཚེས9ཉིན་གྱི་སྡེབ་སྐྱེལ་ཁྱབ་ཁོངས་ནི་མཁར་ཤར་སྡེ་ཁུལ་དང་མཁར་དབུས་སྡེ་ཁུལ། མཁར་ནུབ་སྡེ་ཁུལ་བཅས་ཀྱི་ཁོངས་གཏོགས་སྡོད་ཁུལ་ཁག་ཡིན་པ་དང་། ཟླ11པའི་ཚེས10ཉིན་སྡེབ་སྐྱེལ་ཁྱབ་ཁོངས་ནི་བདེ་སྐྱིད་སྡེ་ཁུལ་དང་མཁར་ལྷོ་སྡེ་ཁུལ། བཟོ་ལས་གླིང་སྡེ་ཁུལ་བཅས་ཀྱི་ཁོངས་གཏོགས་སྡོད་ཁུལ་ཁག་ཡིན། གོང་གསལ་སྡེབ་སྐྱེལ་ས་ཁོངས་སུ་ཉིན་གསུམ་རེར་རེས་འཁོར་སྡེབ་སྐྱེལ་ཐེངས་རེ་བྱ་རྒྱུ་རེད།
       སྡེ་ཁུལ་གྱི་ཁ་པར།
       མཁར་ཤར་སྡེ་ཁུལ། 0974-8521981 
       མཁར་དབུས་སྡེ་ཁུལ། 0974-8516803 
       བདེ་སྐྱིད་སྡེ་ཁུལ། 0974-8520571 
       མཁར་ལྷོ་སྡེ་ཁུལ། 0974-8521983 
       མཁར་ནུབ་སྡེ་ཁུལ། 0974-8521977 
       བཟོ་ལས་གླིང་སྡེ་ཁུལ། 0974-8521975 
       རྨ་ཆུ་ལམ་སྡེ་ཁུལ། 0974-7510899 
       མཁར་བྱང་ཁུལ་གསར་སྡེ་ཁུལ། 0974-851103 
       མཁར་བྱང་སྡེ་ཁུལ། 0974-8521760 
       ལྟ་སྐུལ་ཁ་པར། 0974-8512285 

 
གུང་ཧོ་རྫོང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།
2022ལོའི་ཟླ11པའི་ཚེས8ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།