མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་བཅའ་ཁྲིམས་འདོན་ལ་ཉེ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2022-12-30 11:33:24 ཀློག་གྲངས།:
       སྤྱི་ཟླ12པའི་ཚེས27ཉིན་སྐོང་འཚོགས་བྱས་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བརྒྱད་པས«མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་བཅའ་ཁྲིམས(འཆར་ཟིན)»ལ་བཟོ་བཅོས་བྱས་ཚུལ་གྱི་སྙན་ཞུ་གསན་པ་རེད།
       ཞིབ་བཤེར་བྱེད་ཐེངས་དང་པོའི་འཆར་ཟིན་དང་བསྡུར་ན་ཞིབ་བཤེར་བྱེད་ཐེངས་གཉིས་པའི་འཆར་ཟིན་གྱིས་སྤྱི་ཚོགས་ཕྱོགས་ཁག་གི་བསམ་འཆར་གསན་རྗེས། མཚོ་བོད་ས་མཐོའི་འབྱུང་ཁམས་མ་ལག་གི་སྣ་མང་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཐོ་རུ་གཏོང་དགོས་པ་དང་། འབྱུང་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་ཇུས་གཞི་དང་འབྱུང་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ་བཟོ་དགོས་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་གནས་སྤོའི་ཚུར་ལོག་ལམ་བུ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་སྒོ་ཕྱུགས་ཀྱི་གྱོང་གུན་བཟོས་རིགས་ལ་ཁྲིམས་ལྟར་ཁ་གསབ་སྤྲོད་རྒྱུ་ཁ་གསལ་བཟོ་དགོས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཚོ་བོད་ས་མཐོའི་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་འབྱུང་ཁམས་བར་ཁྱམས་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ་འབྱུང་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཐོ་ཏུ་གཏོང་དགོས་པའི་གཏན་འབེབས་བྱས་ཡོད།
       ཞིབ་བཤེར་བྱེད་ཐེངས་གཉིས་པའི་འཆར་ཟིན་ནང་། རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་འབྱུང་ཁམས་ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རང་བྱུང་གནོད་འཚེ་འགོག་བཅོས་སོགས་འབྱུང་ཁམས་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་མཚོ་བོད་ས་མཐོའི་འབྱུང་ཁམས་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོར་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་བྱས་པའི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ནས་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོབ་ནང་གི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ནས། མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་ཚན་རིག་ཁྱབ་གདལ་གཏོང་བར་ཤུགས་སྣོན་རྒྱག་དགོས་པའི་གཏན་འབེབས་བྱས་ཡོད།
       ཞིབ་བཤེར་བྱེད་ཐེངས་གཉིས་པའི་མ་ཟིན་ནང་ད་དུང་། མཚོ་བོད་ས་མཐོའི་ཡུལ་སྐོར་བྱེད་སྒོ་སྒྲིག་འཛུགས་བྱེད་པའམ་ཡང་ན་དེའི་ནང་ཞུགས་སྐབས་རང་འགུལ་ངང་ཡུལ་སྐོར་ལས་བྱུང་བའི་གད་སྙིགས་འཁྱེར་བའམ་ཡང་ན་དམིགས་འཛུགས་བྱས་པའི་ས་ཆར་འཇོག་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཚོ་བོད་ས་མཐོའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རང་གི་འགན་འཁྲི་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ་དང་། ཁྲིམས་འགལ་བྱ་སྤྱོད་རྩད་ཞིབ་དང་ཐག་གཅོད་བྱེད་དགོས་པ། སྡེ་ཁག་དང་མི་སྒེར་ལ་མཚོ་བོད་ས་མཐོའི་ཁོར་ཡུག་ལ་སྦགས་བཙོག་བཟོས་པ་དང་། མཚོ་བོད་ས་མཐོའི་འབྱུང་ཁམས་ལ་གཏོར་བཤིག་བཏང་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཐེར་འདོན་གོང་ཞུ་དང་ཞུ་གཏུག་བྱེད་དབང་ཡོད་པ་བཅས་ཀྱི་གཏན་འབེབས་ཁ་སྣོན་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།