རྩ་ཁྲིམས་ནང་བཀོད་པའི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གཏན་འཁེལ་འགའ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-02-01 09:20:32 ཀློག་གྲངས།:
       ད་ལོ་ནི་ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱས་ནས་ལོ་འཁོར་བཞི་བཅུ་འགོར་བའི་ལོ་ཡིན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་ལ། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན། རྩ་ཁྲིམས་ནང་བདེ་འཇགས་ཐོན་སྐྱེད་སྐོར་ལ་གཏན་འཁེལ་གང་དག་ཡོད་པ་དང་། དེ་དག་ལ་གོ་བ་ཇི་ལྟར་ལེན་དགོས་ཞེ་ན།
       «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས»ཀྱི་དོན་ཚན་ཞེ་གཉིས་པར། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ངལ་རྩོལ་གྱི་དབང་ཆ་དང་འོས་འགན་ཡོད་པས། རྒྱལ་ཁབ་ཀྱིས་ཐབས་ལམ་སྣ་ཚོགས་སྤྱད་པ་བརྒྱུད། ངལ་རྩོལ་ལས་ཞུགས་ཆ་རྐྱེན་བསྐྲུན་པ་དང་། ངལ་རྩོལ་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དང་ངལ་རྩོལ་ཆ་རྐྱེན་ལེགས་བཅོས་བྱེད་དགོས་པར་མ་ཟད། ཐོན་སྐྱེད་འཕེལ་རྒྱས་བཏང་བའི་རྨང་གཞིའི་སྟེང་། ངལ་རྩོལ་གླ་ཆ་དང་གཟིགས་སྐྱོང་ཐོབ་ཆ་ཇེ་མཐོར་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱིས་ལས་ཞུགས་སྔོན་གྱི་སྤྱི་དམངས་ལ་དགོས་ངེས་ཀྱི་ངལ་རྩོལ་ལས་ཞུགས་སྦྱོང་བརྡར་བྱེད་དགོས་པ”གཏན་འཁེལ་བྱས་ཡོད།
གོང་གི་དོན་ཚན་འདིའི་ནང་དུ་རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱི་ངལ་རྩོལ་དབང་ཆ་དང་འོས་འགན་མངོན་འགྱུར་བྱེད་པའི་གཞི་རྩའི་སྲིད་ཇུས་གཏན་འཁེལ་བྱས་ཡོད་པ་དང་། སྲིད་ཇུས་འདིར་ཕྱོགས་བཞིའི་ནང་དོན་འདུ་བ་གཤམ་ལྟར།
       དང་པོ། རྒྱལ་ཁབ་ཀྱིས་ཐབས་ལམ་སྣ་ཚོགས་སྤྱད་པ་བརྒྱུད། ངལ་རྩོལ་དང་ལས་ཞུགས་ཀྱི་ཆ་རྐྱེན་བསྐྲུན་པ་དང་། ལས་ཞུགས་ཀྱི་སྒོ་ལམ་རྒྱ་བསྐྱེད་དེ། ལས་ཞུགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས།
       གཉིས་པ། རྒྱལ་ཁབ་ཀྱིས་ངལ་རྩོལ་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། ངལ་རྩོལ་ཆ་རྐྱེན་ལེགས་བཅོས་བྱས་ནས། ངལ་རྩོལ་པའི་ངལ་རྩོལ་གོ་རིམ་ཁྲོད་ཀྱི་བདེ་འཇགས་དང་བདེ་ཐང་གི་ཆེད་དུ་ངལ་རྩོལ་འགན་བཅོལ་དང་བདེ་འཇགས་བྱེད་ཐབས་སྤྱོད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།
       གསུམ་པ། རྒྱལ་ཁབ་ཀྱིས་ལས་ཞུགས་སྔོན་གྱི་སྤྱི་དམངས་ལ་དགོས་ངེས་ཀྱི་ངལ་རྩོལ་སྦྱོང་བརྡར་བྱེད་དགོས་པ་དང་། དེ་ག་ལས་ཀར་ཞུགས་སྐབས་ཐོག་མའི་དུས་ཀྱི་ངལ་རྩོལ་རྩལ་ནུས་ཁོང་དུ་ཆུད་པར་འགན་སྲུང་བྱེད་དགོས།
       བཞི་པ། རྒྱལ་ཁབ་ཀྱིས་ཐོན་སྐྱེད་འཕེལ་རྒྱས་བཏང་བའི་རྨང་གཞིའི་སྟེང་། ངལ་རྩོལ་གླ་ཆ་དང་གཟིགས་སྐྱོང་ཐོབ་ཆ་མཐོར་འདེགས་བཏང་སྟེ། མཇུག་མཐར་ཐོན་སྐྱེད་དེ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་འཕེལ་བའི་དངོས་པོ་དང་རིག་གནས་འཚོ་བའི་དགོས་མཁོ་བསྐང་ཆས་སུ་འགྱུར་དུ་འཇུག་དགོས།
རྩ་ཁྲིམས་ནང་གི་སྤྱིའི་རྩ་དོན་དང་སྤྱིའི་བླང་བྱ་དེ«བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས»ནང་ཇི་ལྟར་དོན་འཁྱོལ་བྱས་ཡོད་དམ།
       «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས»ཀྱི་དོན་ཚན་ང་གཉིས་པར། “ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་དང་ལས་གཉེར་མི་སྣས་བཞག་པའི་ངལ་རྩོལ་གན་རྒྱའི་ནང་།ལས་གཉེར་མི་སྣའི་ངལ་རྩོལ་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ལས་རིགས་གནོད་སྐྱོན་སྔོན་འགོག་བྱེད་པའི་དོན་ཚན་དང་། གཞན་ད་དུང་ལས་གཉེར་མི་སྣར་ཁྲིམས་ལྟར་ལས་རྨས་འགན་བཅོལ་སྒྲུབ་པའི་དོན་ཚན་བཅས་གསལ་པོར་འགོད་དགོས། ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱིས་རྣམ་པ་གང་རུང་བརྒྱུད་དེ། ལས་གཉེར་མི་སྣར་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་གྱི་དབང་གིས་ཤི་རྨས་བྱུང་བར་ཁྲིམས་ལྟར་འགན་མི་འཁུར་བའམ་ཡང་ན་འགན་ཇེ་ཡང་དུ་གཏོང་བའི་གན་རྒྱ་བཞག་མི་ཆོག་པ”གསལ་པོར་བཀོད་ཡོད།
       དོན་ཚན་ང་གསུམ་པར། “ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱི་ལས་གཉེར་མི་སྣར་རང་གིས་བསྒྲུབ་དགོས་པའི་ལས་ཀ་དེའི་ལས་ཡུལ་དང་ལས་རྐང་གི་ཉེན་ཁ། གཞན་ད་རུང་འགོག་ཟོན་བྱེད་ཐབས་དང་དོན་རྐྱེན་བྲེལ་བསྟུན་བྱེད་ཐབས་སོགས་ལ་རྒྱུས་ལོན་བྱེད་པའི་དབང་ཆ་ཡོད་པ་དང་། རང་ལས་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་བསམ་འཆར་འདོན་པའི་དབང་ཆ་ཡོད་པ”གསལ་པོར་བཀོད་ཡོད།
       དོན་ཚན་ང་བཞི་པར། “ལས་གཉེར་མི་སྣར་རང་ལས་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཁྲོད་གནས་པའི་གནད་དོན་ལ་སྐྱོན་བརྗོད་དང་ཉེས་འདོན། ཞུ་གཏུག་བཅས་བྱེད་པའི་དབང་ཆ་ཡོད་ལ། སྒྲིག་འགལ་བཀོད་འདོམས་དང་ཉེན་འཇུག་བཙན་སྐུལ་བྱ་བ་དང་ལེན་མི་བྱེད་པའི་དབང་ཆ་ཡོད་པ”གསལ་པོར་བཀོད་ཡོད་ལ།“ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱིས་ལས་གཉེར་མི་སྣས་རང་ལས་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་སྐྱོན་བརྗོད་དང་ཉེས་འདོན། ཞུ་གཏུག་བཅས་བྱས་པའམ་ཡང་ན་སྒྲིག་འགལ་བཀོད་འདོམས་དང་ཉེན་འཇུག་བཙན་སྐུལ་བྱས་པ་དང་དུ་མ་བླངས་པའི་རྐྱེན་གྱིས། དེ་གའི་གླ་ཕོགས་དང་གཟིགས་སྐྱོང་སོགས་ཀྱི་ཐོབ་ཆ་ཇེ་དམའ་རུ་གཏོང་བའམ་ཡང་ན་དེར་བཞག་པའི་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱེད་མི་ཆོག་པ”གསལ་པོར་བཀོད་ཡོད།
       དོན་ཚན་ང་དྲུག་པར། “ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་ལ་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་བྱུང་རྗེས། དུས་ཐོག་ཏུ་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་མི་སྣ་སྐྱོབ་བཅོས་བྱེད་དགོས་པ་དང་།
       ཐོན་སྐྱེད་བདེ་འཇགས་དོན་རྐྱེན་གྱི་དབང་གིས་གནོད་སྐྱོན་ཐེབས་པའི་ལས་གཉེར་མི་སྣས། ཁྲིམས་ལྟར་ལས་རྨས་འགན་བཅོལ་ལོངས་སུ་སྤྱད་ཆོག་པར་མ་ཟད། འབྲེལ་ཡོད་དམངས་དོན་བཅའ་ཁྲིམས་གཞིར་བཟུང་སྟེ་སྐྱིན་ཚབ་ལེན་པའི་དབང་ཆ་ཡོད་ཚེ། སྐྱིན་ཚབ་སྟེར་དགོས་པའི་རེ་བ་འདོན་རྒྱུའི་དབང་ཆ་ཡོད་པ”གསལ་པོར་བཀོད་ཡོད།
       དོན་ཚན་ང་བདུན་པར། “ལས་གཉེར་མི་སྣས་བྱ་བ་སྒྲུབ་པའི་གོ་རིམ་ཁྲོད། ལས་རྐང་བདེ་འཇགས་འགན་འཁྲི་གཟབ་ནན་སྒོས་དོན་འཁྱོལ་བྱེད་དགོས། རང་ལས་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་སྒྲིག་སྲོལ་ལམ་ལུགས་དང་ལས་ཀའི་སྒྲིག་རིམ་བརྩི་སྲུང་བྱེད་དགོས་ལ། དོ་དམ་དང་ལེན་བྱེད་དགོས། ངལ་རྩོལ་འགོག་སྲུང་སྤྱོད་ཆས་ཡང་དག་པར་འདོགས་པ་དང་བཀོལ་དགོས་པ”གསལ་པོར་བཀོད་ཡོད།
       དོན་ཚན་ང་བརྒྱད་པར། “ལས་གཉེར་མི་སྣས་བདེ་འཇགས་ཐོན་སྐྱེད་སློབ་གསོ་དང་གསོ་སྦྱོང་དང་ལེན་བྱེད་དགོས་ལ། རང་ལས་རྐང་གི་བྱ་བར་མཁོ་བའི་བདེ་འཇགས་ཐོན་སྐྱེད་ཤེས་བྱ་ཁོང་དུ་ཆུད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་རྩལ་ནུས་ཇེ་མཐོར་བཏང་སྟེ། དོན་རྐྱེན་སྔོན་འགོག་དང་བྲེལ་བསྟུན་ཐག་གཅོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པ”གསལ་པོར་བཀོད་ཡོད།
       དོན་ཚན་རེ་གཅིག་པར། “ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱིས་མངག་གཏོང་བྱས་པའི་ངལ་རྩོལ་པ་བཀོལ་སྐབས། མངག་གཏོང་བྱས་པའི་ངལ་རྩོལ་པས་ཁྲིམས་འདིར་གཏན་འཁེལ་བྱས་པའི་ལས་གཉེར་མི་སྣའི་དབང་ཆ་ལོངས་སུ་སྤྱད་ཆོག་པར་མ་ཟད། ཁྲིམས་འདིའི་ནང་གཏན་འཁེལ་བྱས་པའི་ལས་གཉེར་མི་སྣའི་འོས་འགན་ཡང་ལག་ཏུ་བསྟར་དགོས་པ”གཏན་འཁེལ་བྱས་ཡོད།
       མདོར་ན། ལས་གཉེར་མི་སྣའི་བདེ་འཇགས་ཐོན་སྐྱེད་དབང་ཆར་ཁྲིམས་ལྟར་འགན་སྲུང་བྱེད་རྒྱུ་ནི། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས»དངོས་སུ་ལག་ལེན་དུ་བསྟར་བ་ཡིན་ལ། གཞི་རྩའི་བདེ་འཇགས་ཐོན་སྐྱེད་དབང་ཆ་མངོན་འགྱུར་བྱས་པ་བརྒྱུད་དེ། ལས་གཉེར་མི་སྣའི་བདེ་འཇགས་ཐོན་སྐྱེད་ཀྱི་བརྩོན་སེམས་ལ་སྲུང་སྐྱོབ་དང་ཡར་སྐུལ་བྱས་ཏེ། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་སྐུལ་འདེད་བཏང་བའང་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།