སློབ་གྲྭ་ཆུང་འབྲིང་གི་སློབ་འགོ་ཚུཊ་པའི་འབྲེལ་ཡོད་བརྡ་ཐོ་གསར་ཤོས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-02-08 10:46:16
ཀློག་གྲངས།:
ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་ལམ་སྲོལ་ཕྱོགས་བསྡུས་ཚན་ཆུང་གིས«པྲོག་གསར་ནད་དུག་འགོག་ཟོན་བཀོལ་སྤྱོད་ཕྱོགས་སྟོན»པར་འགྲེམས་བྱས་ནས། སློབ་གྲྭའི་རིམས་ནད་འགོག་ཟོན་ཐད་བླང་བྱ་ཞིབ་ཕྲ་ཁག་ཅིག་བཏོན་པ་སྟེ།
༡ རིམས་ནད་མེད་པའི་སློབ་གྲྭ་རུ་རྒྱུན་ལྡན་ལྟར་སློབ་ཁྲིད་བྱེད་དགོས།
༢ རིམས་ནད་འགོས་མཆེད་མང་བའི་དུས་སུ་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གིས་བཀག་སྡོམ་དོ་དམ་ནན་པོ་བྱེད་པ་དང་མཐོ་རིམ་སློབ་གྲྭས་ཁག་བགོས་དོ་དམ་ལག་བསྟར་བྱེད་དགོས།
༣ དགེ་སློབ་གང་རུང་ལ་ཚ་རྒྱག་པ་དང་སྐམ་ལུ་བྱེད་པ། ཤུགས་མེད་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་འབྱུང་སྐབས། ནད་ཡོད་པ་ཤེས་བཞིན་དུ་སློབ་གྲྭར་ཡོང་ནས་བྱ་བ་སྒྲུབ་པའམ་སློབ་སྦྱོང་བྱེད་མི་རུང་།
༤ གལ་ཏེ་ཞིབ་དཔྱད་ཚད་ལེན་བྱས་འབྲས་ལས་ནད་འགོས་ཡོད་པ་ངོས་འཛིན་བྱས་ཚེ། སློབ་གྲྭར་སྙན་ཞུ་བྱས་ཏེ། སློབ་གྲྭར་ལོག་པར་ཕྱིར་འགྱངས་བྱེད་དགོས།
༥ དགེ་སློབ་ཡོངས་སློབ་གྲྭར་ཡོང་དུས་ལུས་པོའི་དྲོད་ཚད་འཇལ་དགོས།
༦ སློབ་གྲྭས་ཉལ་ཁང་གི་འཛུལ་སྒོ་དང་། ཐེམ་སྐས་ཀྱི་འཛུལ་སྒོ། གློག་སྐས་ཀྱི་འཛུལ་སྒོ་སོགས་སུ་སྤྱི་སྤྱོད་དུག་སེལ་དངོས་རྫས་འཇོག་དགོས།
༧ ཟ་ཁང་གི་སྒྲོག་ཙེའི་སྟེང་བར་མཚམས་གཅོད་བྱེད་ཀྱི་པང་ལེབ་འཇོག་དགོས་པ་མ་ཟད། སློབ་མ་ཡོངས་ཀྱིས་མཉམ་གཅིག་ཏུ་ཟ་མ་ཟས་མི་ཆོག
༨ དཔེ་མཛོད་ཁང་གི་སྒྲོག་ཙེ་དང་རྐུབ་སྟེགས་ཀྱི་བར་ཐག་ཆེ་རུ་བཏང་ནས། བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་དགོས།
༩ སློབ་གྲྭའི་ནང་གི་ནད་འགོས་མཁན་གྱི་རིམ་དབྱེའི་སྨན་བཅོས་བྱེད་ཐབས་ཞིབ་ཕྲ་བཟོ་དགོས།
༡༠ གནད་གསོ་བའི་སྐབས་ཀྱི་དགེ་སློབ་རྣམས་ལུས་རྩལ་དྲག་པོའི་ནང་དུ་ཞུགས་མི་ཆོག་པ།
༡༡ མཐོ་རིམ་སློབ་གྲྭས་ལས་བཟོ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་མི་བྱེད།
༡༢ ས་ཁུལ་ལས་བརྒལ་ནས་ངེས་པར་དུ་ཕྱིར་སློབ་གྲྭར་ལོག་དགོས་པ་ལས་གཞན། མཐོ་རིམ་སློབ་གྲྭའི་དགེ་སློབ་ཡོངས་སློབ་གྲྭའི་སྒོ་རུ་འགྲོ་འོང་དང་སློབ་གྲྭའི་སྤྱི་པའི་ས་ཁོངས་ནང་འགྲོ་འོང་བྱེད་པར་ཉིང་སྐྱུར་བརྟག་དཔྱད་མཁོ་འདོན་བྱེད་མི་དགོས།
༡༣ མཐོ་རིམ་སློབ་གྲྭའི་སྨན་ཁང་དུ་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་བཙུགས་ནས། ཆུ་ཚོད24རིང་ལས་རེས་ལྟ་སྲུང་ལམ་ལུགས་ལག་ལེན་བསྟར་དགོས།
༡༤ སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་དགེ་སློབ་ཡོངས་ཕྱིར་སློབ་གྲྭར་ལོག་སྐབས་ཉིང་སྐྱུར་བརྟག་དཔྱད་མཁོ་འདོན་བྱེད་མི་དགོས་ལ། ནད་འགོས་མཁན་ཅུང་ཙམ་མང་ན། འཛིན་གྲྭའམ་ཡང་ན་ལོ་རིམ་དབྱེ་ནས་དྲ་འོག་སློབ་ཁྲིད་བྱེད་མཚམས་བཞག་ནས། དྲ་ཐོག་ནས་སློབ་ཁྲིད་བྱེད་དགོས།
དུས་མཚུངས་སུ། ཞོགས་པ་དང་ཉིན་གོང་གི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་དང་། རིམས་ནད་བྱུང་ཚུལ་སྙན་སེང་ཞུ་བའི་ལམ་ལུགས། ནད་འགོས་པའི་རྐྱེན་གྱིས་སློབ་ཁྲིད་ཆད་པའི་ཐོ་འགོད་ལམ་ལུགས་སོགས་དོན་འཁྱོལ་བྱེད་དགོས་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།