མཚོ་བོད་ས་མཐོའི་ཡི་གེ་མ་བྱུང་གོང་གི་འཚོ་བ་ཇི་ལྟར་ཡིན་ནམ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-02-22 09:23:26
ཀློག་གྲངས།:
བོད་ལྗོངས་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུའི་ཐོག་རིགས་གཅིག་མཁས་པས་ཚན་རྩལ་གྱི་རིག་ཚན་མང་པོ་སྣོལ་སྡེབ་ཐོག་ཞིབ་འཇུག་བྱེད་པའི་ལག་རྩལ་སྤྱད་དེ་མཚོ་བོད་ས་མཐོའི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཐོག་མིའི་རིགས་འཚོ་སྡོད་བྱེད་མྱོང་བའི་གསོན་ཉམས་དོད་པའི་རྣམ་པ་མངོན་པར་བྱས་ཡོད།
ནས་དང་གྲོ་ནི་བོད་ལྗོངས་མི་དམངས་ཀྱི་བཟའ་འབྲུ་གཙོ་བོ་རེད། འོ་ན། ལོ་ངོ་སྟོང་ཕྲག་གོང་ས་མཐོའི་མེས་པོའི་བཟའ་འབྲུ་གཙོ་བོ་གང་ཡིན་ནམ། ཁྲེ་རིགས་ཡིན་ནམ་ཡང་ན་གྲོ་རིགས་ཡིན། དེ་ནི་ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་རྩི་ཤིང་གནའ་རྫས་རྟོག་ཞིབ་ཀྱི་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཡིན་པས། དེ་དང་ས་མཐོའི་འདེབས་འཛུགས་ཞིང་ལས་དང་ཡི་གེ་མ་བྱུང་གོང་གི་འཚོ་གནས་ཀྱི་རྣམ་པ་གྲུབ་སྟངས་དང་འཕེལ་རྒྱས་གཏོང་སྟངས་དབར་འབྲེལ་བ་ཡོད།

ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་འབུམ་རམས་པ་ཝང་ཡན་རེན་གྱིས། མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་ཀྱི་སྤྱི་ཡོངས་ནས་བལྟས་ཚེ། མེས་པོ་ཚོས་ལོ5300ནས4000གོང་ཁྲེ་འདེབས་འཛུགས་བྱེད་ཀྱི་ཡོད། ལོ་ངོ3500གོང་ཁྲེ་དང་གྲོ་མཉམ་འདེབས་བྱེད་ཀྱི་ཡོད། དེ་ནས་ལོ་ངོ3000གོང་གྲོ་གཙོ་བོར་བྱེད་པར་གྱུར་ཡོད།
བོད་ལྗོངས་ཤར་ལྷོའི་རྒྱུད་ཀྱི་ཉང་ཆུའི་འབབ་རྒྱུད་ནས་ཤེས་རྟོགས་བྱུང་བའི་ཞིང་ལས་ལོ་ཏོག་གི་རྗེས་ཤུལ་ནས་བོད་ལྗོངས་ནུབ་རྒྱུད་ཀྱི་གླང་ཆེན་ཁ་འབབ་རྒྱུག་ཁུལ་དུ་ཤེས་རྟོགས་བྱུང་བའི་འབྲུ་རིགས་འབོར་ཆེན་དང་དེ་བཞིན་སྤྱི་ལོའི་དུས་རབས་བརྒྱད་པར་ཨེ་ཤེ་ཡ་ལྷོ་མའི་མ་སྨིན་འབྲས་ས་མཐོར་དར་བ་སོགས་གནའ་རྫས་རྟོག་ཞིབ་ཡིག་ཆ་ལས་བོད་ལྗོངས་ས་མཐོ་ནི་ཨེ་ཤེ་ཡའི་གླིང་གི་ཞིང་ལས་སྣ་ཚོགས་མཉམ་འདྲེས་བྱེད་ས་ཞིག་ཡིན་པ་མངོན་ཡོད།

བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ། ཞིབ་འཇུག་པ་ཤར་རྒན་དབང་འདུས་ལགས་ཀྱིས། ཡི་གེ་མ་བྱུང་གོང་གི་བོད་ཀྱི་མིའི་རིགས་ཀྱི་བཟའ་བཅའི་འབྱུང་ཁུངས་དང་རང་བྱུང་ཐོན་ཁུངས་བེད་སྤྱོད། དེ་བཞིན་མི་ཚོགས་དེ་དམིགས་བསལ་གྱི་ཁོར་ཡུག་འོག་ཇི་ལྟར་འཕྲོད་པ་དང་འཚོ་བ་ཇི་ལྟར་སྐྱེལ་བ་སོགས་ལས་ང་ཚོར་དཔང་རྟགས་མི་འདྲ་བ་མང་པོ་མཁོ་འདོན་ཐུབ་ཡོད།
གནའ་རྫས་རྟོག་ཞིབ་ཀྱིས་ས་འོག་ནས་ཐོན་པའི་འཁལ་འཐག་དངོས་པོར་ཞིབ་འཇུག་བྱེད་པ་ནས། གཡུ་རྩིའི་རྒྱན་ཆ་དང་འགྲོན་བུའི་རིགས་ཀྱི་རྒྱན་ཆར་ཚན་རྩལ་དབྱེ་ཞིབ་བྱེད་པ་ལས། ང་ཚོར་ས་མཐོའི་མེས་པོའི་བསམ་པའི་འཇིག་རྟེན་དང་སྒྱུ་རྩལ་དོན་གཉེར་བྱེད་ལུགས་མངོན་པར་བྱས་ཡོད།

ཀྲུང་གོའི་དར་གོས་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་གཞོན་པ། ཞིབ་འཇུག་པ་ཀྲོའུ་དབྱང་གིས། ང་ཚོས་ཧན་ཅིན་རྒྱལ་རབས་ནས་ཐང་རྒྱལ་རབས་དུས་འགོའི་བོད་ཀྱི་དུར་སའི་ནང་ཚི་སྣའི་རིགས་མི་འདྲ་བ་དང་། ཚོས་རྫས་རིགས་མི་འདྲ་བ་ཤེས་རྟོགས་བྱུང་བ་དེ་དག་གིས་ང་ཚོར་དེ་སྔ་ཤེས་རྟོགས་བྱུང་མྱོང་མེད་པའི་ངོས་འཛིན་འགའ་བྱུང་ཡོད། གངས་ལྗོངས་ས་མཐོར་མི་རྣམས་ཀྱིས་དར་གོས་འཇམ་པོར་ཡིད་སྨོན་དང་དགའ་པོ་བྱེད་པ་འགོག་མི་ཐུབ་པ་གསལ་བཤད་བྱས་ཡོད་པ་དང་དུས་མཚུངས་ང་ཚོར་ས་མཐོའི་དར་གོས་ལམ་བུའི་སྤེལ་རེས་ཀྱི་མཛེས་རིས་ཤིག་ཀྱང་མངོན་པར་བྱས་ཡོད།
ཧོ་པེ་དགེ་འོས་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཐང་ཧུའེ་ཧྲེང་གིས། རིག་གནས་འདི་ཁྱབ་སྤེལ་དང་སྤེལ་རེས་བྱས་པ་དེས་ས་མཐོའི་དར་གོས་ལམ་བུར་གསལ་འགྲེལ་བྱེད་པའི་ཐད་གནའ་རྫས་རྟོག་ཞིབ་རིག་པའི་དོན་དངོས་ཀྱི་དཔང་རྟགས་སྔར་ལས་མང་བ་མཁོ་འདོན་ཐུབ་ཡོད་ཅེས་གསུངས།
སྒྱུ་རྩལ་གྱི་གནའ་རྫས་རྟོག་ཞིབ་ཐད་ལྡེབས་རིས་དང་། ཐང་ག ལྕགས་རིགས་ཀྱི་སྐུ་བརྙན། གནའ་བོའི་རྒྱན་གྱོན་སོགས་ཐད་ཀྱི་ཞིབ་འཇུག་གསར་ཤོས་དེས་སྣེ་མང་རིག་གནས་མཉམ་འདྲེས་ལ་ཞིབ་འཇུག་བྱེད་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་གཙོ་བོ་རྡོ་ཆས་རྙིང་མའི་དུས་ཀྱི་མིའི་རིགས་ཀྱི་འབྱུང་ཁུངས་དང་། བོད་དུ་བྱུང་འཕེལ་དང་གནས་སྤོ། རྡོ་ཆས་གསར་མའི་དུས་རིམ་དང་དེའི་རིག་གནས་ཀྱི་རིགས་སོགས་གནའ་རྫས་རྟོག་ཞིབ་རྣམ་གྲངས་33ཡོད་པ་དཔེར་ན། བྲག་ཕུག་དགོན་གྱི་གནའ་རྫས་རྟོག་ཞིབ་དང་། འབྲི་ཆུའི་རྒྱུག་ཁོངས་ཀྱི་གནའ་རྫས་རྟོག་ཞིབ། སེར་གླིང་མཚོ་འཁོར་གྱི་གནའ་རྫས་རྟོག་ཞིབ་ལྟ་བུ་ཡོད།
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་འགོ་འཛིན་ལི་ལིན་ཧུའེ་ཡིས། ང་ཚོ་ཀྲུང་ཧྭ་མི་རིགས་སྣེ་མང་གཞི་གཅིག་ཡིན་པའི་ངོས་ནས་བཤད་ན། ཐང་སུང་དང་བོད་བཙན་པོའི་དུས་སྐབས་ཀྱི་སྤྱི་ཚོགས། ཆབ་སྲིད། དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ས་ཅི་ཐད་ལ་རྒྱུས་ལོན་ཇི་ལྟར་བྱེད་དགོས་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ཇི་ལྟར་བཅོས་སྐྱོང་བྱེད་པ་སོགས་བརྗོད་གཞི་ཆེ་གྲས་ལྔར་དམིགས་ནས་ཁྱོན་ཚོགས་པ་བཅུ་གྲངས་ཁ་ཤས་དང་ད་དུང་ཚན་ཞིབ་ལས་ཁུངས་ནས་ཐུན་མོང་ཐོག་ བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་འབྲེལ་ཡོད་ཞིབ་འཇུག་ལས་དོན་ནང་ཞུགས་ཡོད་ཅེས་གསུངས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།