གྲོ་ཚང་རྡོ་རྗེ་འཆང་གི་ལྡེབས་རིས་འདྲ་བཤུས་དང་གསབ་བྲིས་བྱས་ཚར།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ དུས་ཚོད།:2023-02-28 14:52:57 ཀློག་གྲངས།:
       ནེའུ་ཙི་ལན་དུ་ལོ་མང་བསྡད་མྱོང་བའི་ཕྱིར་ལོག་རི་མོ་མཁས་ཅན་བསྟན་འཛིན་བཤད་སྒྲུབ་ཀྱིས་གསར་འགོད་པར། ཁོང་ནས་ལོ་བདུན་གྱི་དུས་ཚོད་ནང་འདྲ་བཤུས་དང་གསབ་བྲིས་བྱས་པའི་མཚོ་སྔོན་གྲོ་ཚང་རྡོ་རྗེ་འཆང་གི་བར་ཁྱམས་ཀྱི་ལྡེབས་རིས་ཚང་མ་ལེགས་སྒྲུབ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ས་མཐོའི་གནའ་བོའི་ཕོ་བྲང་ཆུང་ངུར་འབོད་པའི་གྲོ་ཚང་རྡོ་རྗེ་འཆང་གི་བར་ཁྱམས་ལྡེབས་རིས་འདྲ་བཤུས་དང་གསབ་བྲིས་བྱེད་ཐེངས་དང་པོ་ཡིན་པ་རེད།
       མཚོ་སྔོན་གྲོ་ཚང་རྡོ་རྗེ་འཆང་ནི་ཀྲུང་གོའི་ནུབ་བྱང་དུ་ཉར་ཚགས་ཆ་ཚང་ཞིང་གཞི་ཁྱོན་ཆེ་བ། སྤུས་ཀ་དག་པ་བཅས་ཀྱི་མིང་རྒྱལ་རབས་ཀྱི་གཞུང་ཕྱོགས་རྣམ་པའི་བཟོ་སྐྲུན་ཚོགས་པ་ཞིག་ཡིན། གྲོ་ཚང་རྡོ་རྗེ་འཆང་གི་རྒྱལ་སྐྱོང་ལྷ་ཁང་དང་པེ་ཅིང་གནའ་བོའི་ཕོ་བྲང་གི་ཧྥེང་ཐེན་ཕོ་བྲང་གཉིས་ནི་རྩ་ཐིག་གཅིག་ཡིན་ཞིང་། དགོན་སྡེ་འདིའི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་བར་ཁྱམས་ལྡེབས་རིས་ལ་ཡང“སྔོན་ལ་ཏུན་ཧོང་དང་དེ་རྗེས་གྲོ་ཚང་རྡོ་རྗེ་འཆང”ཞེས་པའི་མཚན་སྙན་ཡོད་པ་རེད།
       བསྟན་འཛིན་བཤད་སྒྲུབ་ཀྱིས། ཀྲུང་གོའི་ནུབ་བྱང་ས་ཁུལ་དུ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་ལྡེབས་རིས་སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་དེ་གྲོ་ཚང་རྡོ་རྗེ་འཆང་ཡིན་པ་དང་། གྲོ་ཚང་རྡོ་རྗེ་འཆང་གི་བར་ཁྱམས་ལྡེབས་རིས་དང་ལྷ་ཁང་གི་ལྡེབས་རིས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1700ཙམ་ཡོད་ཅིང་། བར་ཁྱམས་ཀྱི་ལྡེབས་རིས་ད་ལྟ་སྨི་གྲུ་བཞི་མ400ཙམ་ལས་ཉར་ཚགས་ཐུབ་མེད་མོད། ཡིན་ཡང་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཏུན་ཧོང་གི་ལྡེབས་རིས་ལ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་མེད་པའི་སྟོང་ཆ་བསྐང་ཡོད་ཅེས་བཤད།
       ཤེས་རྟོགས་བྱུང་བར་གཞིགས་ན། བསྟན་འཛིན་བཤད་སྒྲུབ་ཀྱིས་ལོ་བདུན་རིང་འདྲ་བཤུས་བྱས་པ་དང་ཁ་གསབ་བརྒྱབ་པའི་བར་ཁྱམས་ལྡེབས་རིས་ཀྱི་རིང་ཚད་ལ་སྨི150དང་མཐོ་ཚད་ལ་སྨི3ཡོད་པ་རེད།
       བསྟན་འཛིན་བཤད་སྒྲུབ་ཀྱིས། ས་གནས་འདི་གའི་མང་ཚོགས་ཀྱིས་གྲོ་ཚང་རྡོ་རྗེ་འཆང་སྲུང་སྐྱོབ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ཡང་གྲོ་ཚང་རྡོ་རྗེ་འཆང་གི་ལྡེབས་རིས་དེ་ཉིན་ཞིག་མེད་པར་གྱུར་སྲིད་ཅིང་། ལྷག་པར་དུ་གནམ་གཤིས་ཀྱི་འགྱུར་ལྡོག་དང་ས་ཡོམ་དང་ཆུ་ལོག་སོགས་འཕྲད་སྐབས་དེ་བས་ཀྱང་ཉམས་མེད་དུ་འགྲོ་སྲིད། དེའི་ཐོག གྲོ་ཚང་རྡོ་རྗེ་འཆང་གི་ལྡེབས་རིས་བྲིས་མ་རྒྱུན་འཛིན་ཐུབ་མེད་པས། མི་རབས་རྗེས་མས་ཞིབ་འཇུག་དང་སྲུང་སྐྱོབ་བྱ་རྒྱུར་གནོད་རྐྱེན་བཟོས་ཡོད་ཅེས་བཤད།
       བསྟན་འཛིན་བཤད་སྒྲུབ་ཀྱིས། ལོ་ཟླའི་འཁོར་སྐྱོད་ཁྲོད་ལྡེབས་རིས་ཀྱི་བཀྲག་མདངས་ཡལ་བར་མ་ཟད། ཆག་ཟད་ཤོར་བའི་རི་མོ་ཁག་གཅིག་གིས་ཀྱང་ལྡེབས་རིས་ཧྲིལ་པོའི་མཛེས་ཚོར་ལ་གཏོར་བཤིག་ཐེབས་ཡོད་ཅེས་བཤད། ཁོང་གིས། ཐེངས་འདིར་གྲོ་ཚང་རྡོ་རྗེ་འཆང་གི་ལྡེབས་རིས་འདྲ་བཤུས་དང་གསབ་འབྲི་བྱས་པ་བརྒྱུད་ཀྲུང་གོའི་གནའ་རབས་ཀྱི་ཕུལ་བྱུང་ལྡེབས་རིས་སྲུང་སྐྱོབ་དང་རྒྱུན་འཛིན་ཐུབ་བྱུང་བ་དང་། དེ་ལས་གཞན་མིང་རྒྱལ་རབས་ཤོན་ཏེ་ལོའི་སྐབས་ཀྱི་ལྡེབས་རིས་ཀྱི་འོད་ཟེར་སླར་ཡང་འཕྲོ་ཞིང་གྲོ་ཚང་རྡོ་རྗེ་འཆང་གི་ལྡེབས་རིས་ཀྱི་བཀྲག་མདངས་མི་ཚང་མས་མཇལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།