ལེ་ཧྥིན་གྱི་སྙིང་སྟོབས་ནི་ནམ་ཡང་ཉམས་པ་མེད་པའི་རྡོ་རིང་ཞིག་ཡིན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས།
དུས་ཚོད།:2023-03-02 14:30:20
ཀློག་གྲངས།:
ལོ་ཉེར་གཉིས་ལ་སོན་པའི་བཅིངས་འགྲོལ་དམག་གི་འཐབ་མོ་བ་ཞིག་གི་གཏམ་རྒྱུད་དེ་དུས་རབས་ཕྱེད་ཙམ་གྱི་རིང་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་དགོས་དོན་ཅི་ཡིན་ནམ།
ཆེས་སྤྱིར་བཏང་གི་མི་མིང་ཕལ་བ་ཞིག་ལ། ཅིའི་ཕྱིར་མི་དུང་ཕྱུར་མང་པོའི་སེམས་པ་གཅིག་ཏུ་ཕྱོགས་དགོས་སམ།
“དོན་བཟང་ཕྲན་ཙམ་ཉིན་རྒྱུན་བསྒྲུབས།དགེ་བ་ཆེན་པོ་ངང་གིས་གྲུབ། སྤྱོད་བཟང་འདི་དག་དོན་གཉེར་བྱེད་ན། དེ་ལས་ལྷག་པའི་དགེ་བ་མེད་ཅེས་པ་དེ་ང་ཚོའི་ཏང་གིས‘མི་དམངས་ལ་ཞབས་འདེགས་ཞུ་བ’དང‘མི་དམངས་ཀྱི་ཚེགས་ལས་པ’བྱེད་པ་དང་གཅིག་རྒྱུན་གཅིག་འཛིན་ཡིན་པས། ང་ཚོས་སྤྱོད་ཡོན་གཉིས་ལྡན་གྱིས་ལེ་ཧྥིན་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་དགོས།”
སྲོལ་བཟང་རྒྱུན་འཛིན་བྱེད་པར་ནམ་ཡང་ཉམས་པ་མེད། ལོ་ངོ་དྲུག་ཅུའི་ཡར་སྔོན་ཏེ1963ལོའི་ཟླ3པར། བློ་མཐུན་མའོ་ཙེ་ཏུང་གིས“བློ་མཐུན་ལེ་ཧྥིན་ལ་སློབ་སྦྱོང་བྱེད་དགོས”ཞེས་ཕྱག་བྲིས་གནང་བ་དང་། དུས་དེ་ནས་བཟུང་ཁོང་གི་མཚན་མིང་དེ་མི་རྣམས་ཀྱི་སེམས་སུ་ཟུག་པ་དང་ཁོང་གི་གཏམ་རྒྱུད་དེ་ཀྲུང་གོའི་ཡུལ་གྲུ་ཀུན་ཏུ་ཁྱབ།
ཧུའུ་ནན་ཁྲང་ཧྲར་ཡོད་པའི་ལེ་ཧྥུན་གྱི་བཞུགས་གནས་རྙིང་པའི་ས་གྱང་གི་རྩྭ་ཁང་དེ་ད་དུང་ཉར་ཚགས་བྱས་ཡོད། 1940ལོརའཁྲུངས་བའི་ལེ་ཧྥིན་ལོ་བདུན་ཙམ་ནས་དྭ་ཕྲུག་ཏུ་གྱུར། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གི་ཐུགས་ཁུར་འོག་ཁོང་ཉིད་ཡངས་ཤིང་གསལ་བའི་སློབ་ཁང་དུ་བསྐྱོད་ནས་སྐེ་དཀྲིས་དམར་པོ་འདོགས་པའི་སྐལ་བ་ལྡན་སོང་། དམག་དཔུང་དུ་ཞུགས་རྗེས། ཁོང་གིས་དམག་དཔུང་དུ་སྦྱོང་བརྡར་ཆེན་པོ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་བློ་རིམ་བཞིན་ཆགས་པར་མ་ཟད། གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས།
ཡར་ཐོན་གྱི་སྟོབས་ཤུགས་ནི་མེས་རྒྱལ་ལས་བྱུང་བ་དང་། ཐོག་མའི་བསམ་འདུན་ཡག་པོ་དེར་བཀའ་དྲིན་གྱིས་ཁེངས། ད་ལྟའང་རྒྱ་ཁྱབ་ཏུ་བསྒྲགས་བཞིན་པའི«ལེ་ཧྥིན་གྱི་ཉིན་ཐོའི»ནང་དུ་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་པ་ཞིག་གི་རྒྱང་རིང་ཕུགས་འདུན་བརྗོད་ནས་དབྱར་མཚོ་རྒྱས་པ་བཞིན་ཉམས་པ་མེད་པའི་དུས་རབས་ཀྱི་འཕར་རྩ་ཞིག་ལྡང་བཞིན་མཆིས།
“གལ་ཏེ་ཁྱེད་ནི་ཆུ་ཐིགས་གཅིག་ཡིན་ཚེ། ཁྱེད་ཀྱིས་ས་གཞི་ཚུན་གང་བརླན་གྱིས་གསོ་ཐུབ་བམ། གལ་ཏེ་ཁྱེད་ནི་ཉི་འོད་ཅིག་ཡིན་ཚེ། ཁྱེད་ཀྱིས་མུན་པ་མཐའ་རུ་སེལ་བའི་འོད་སྣང་སྦྱིན་ཐུབ་བམ། གལ་ཏེ་ཁྱེད་ནི་འབྲུ་རྡོག་གཅིག་ཡིན་ཚེ། ཁྱེད་ཀྱིས་ཚེ་སྲོག་ཡོད་ཚད་ལ་གསོན་ཤུགས་རྒྱས་སུ་འཇུག་སྲིད་དམ། གལ་ཏེ་ཁྱེད་ནི་བོངས་ཆུང་བའི་གཅུས་གཟེར་གྱི་འཛེར་མ་ཞིག་ཡིན་ཚེ། ཁྱེད་ཀྱིས་ནམ་ཡང་རང་ཉིད་ཀྱི་འཚོ་བ་རོལ་སའི་ལས་གནས་བརྟན་སྲུང་བྱེད་ཐུབ་བམ།”
རྒྱུན་ལྡན་གྱི་འཚོ་བའི་ཁྲོད་རླབས་ཆེན་གྱི་བྱ་གཞག་བསྐྲུན་ཏེ། མི་རྣམས་སྔར་ལས་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་། དད་མོས་ལས་འཕྲོས་པའི་འོད་ཟེར་གྱིས་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིས་མུ་མཐུད་དུ་འབད་བརྩོན་བྱེད་པར་འབོད་སྐུལ་གཏོང་ངེས།
མི་ཞིག་ཆུ་ནང་དུ་ལྷུང་བ་ན་ཁོ་རང་ཆུ་ནང་དུ་མཆོང་སྲིད་ལ། ཕུག་ལམ་ཉིལ་རྗེས་ཁོང་གིས་རང་སྲོག་ལ་མི་འཛེམ་པར་མི་སྐྱོབ་སྲིད། མི་ཧྲེང་རྒན་རྒོན་ལ་བདག་སྐྱོང་བྱེད་རྒྱུ་ནི་འོས་འགན་ཡིན་ལ། དེ་ནི་རང་གི་ཤ་ལས་ཆད་པའི་བུ་བུ་མོ་གཉོར་སྐྱོང་བྱེད་པ་དང་ཀུན་ནས་མཚུངས། འདི་ནི་དུས་རབས་སྔོན་མའི“ལོ་རབས་བརྒྱད་ཅུ་པའི་ལེ་ཧྥིན་གསར་པ”ཀྲུའུ་པོ་རུའུ་རེད།
ཁྱིམ་ཚང་སྟོང་ཕྲག་མང་པོའི་ཆུ་གློག་ཉམས་གསོ་དང་སྡོད་ཁང་བདག་སྐྱོང་གི་དགོས་མཁོའི་མདུན་དུ། ཁོས“མི་གཅིག་དཀའ་ལས་མྱངས་རུང་ཁྱིམ་ཚང་ཁྲི་སྟོང་མང་པོར་སྟབས་བདེ་སྐྲུན་ཐུབ”ཅེས་ལས་ཀ་དེ་མགོ་བརྩམས་པ་ནས་མི་ལོ་བཅུ་ཕྲག་ཁ་ཤས་འགོར་སོང་། འདི་ནི་དུས་རབས་སྔོན་མའི་ལོ་རབས90བའི་ཧྲང་ཧའེ་ནུང་ཐང་གི“ལེ་ཧྥིན་གསོན་པོ”ཞུས་ཧུའུ་རེད།
སྨན་བཅོས་དང་སྨན་རྫས་ལེགས་སྐྱེས་སུ་ཕུལ་ནས་ལེ་ཧྥིན་གྱི་སྙིང་སྟོབས་ཐེན་ཧྲན་རི་བོའི་ལྷོ་བྱང་དུ་ཁྱབ་པར་བྱས་ཏེ། ཏང་དང་མཐའ་མཚམས་མང་ཚོགས་བར“སེམས་འབྲེལ་ཟམ་པ”བཙུགས་ཡོད། འདི་ནི་ཞིན་ཅང་དུ་རྐང་ཚུགས་པའི་དམག་དཔུང་གི་སྨན་པ་བཟང་བོ། “དེང་རབས་ཀྱི་ལེ་ཧྥིན”ཞེས་འབོད་པའི་ཀྲོང་ཧྲི་དཔའ་རེད།
ས་གནས་སོ་སོར“ལེ་ཧྥིན་ལ་སློབ་སྦྱོང་བྱས་ནས་དྲོད་འཁོལ་སྦྱིན”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་གཅེས་སྐྱོང་བྱ་འགུལ་སྤེལ་བར་འབོད་སྐུལ་བཏང་བ་ནས། “ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རྒྱུན་རྣམ་ཅན་དུ་འགྱུར་བར”སྐུལ་འདེད་གཏོང་བའི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་ལ། ཏང་དང་རྒྱལ་ཁབ་ཀྱིས་ལེ་ཧྥིན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས། མི་སྔར་ལས་མང་པོར་ལེ་ཧྥིན་གྱི་གོམ་སྟབས་འཚོལ་ཞིབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཉེ་འགྲམ་གྱི་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེ་ཧྥིན་གྱི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐད་གསུང་བཤད་གལ་ཆེན་དང་རྒྱས་བཤད་གལ་ཆེན་ཐེངས་གང་མང་གནང་ཡོད།
ལེ་ཧྥིན་སྙིང་སྟོབས་དེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་ཁྲོད་གནས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་མཉམ་འདྲེས་ནུས་ལྡན་བྱུང་སྟེ། ཀྲུང་གོའི་སྙིང་སྟོབས་སྐྲུན་པ་དང་། རིག་གནས་ཀྱི་རང་རྟོན་རིམ་འཕར་བྱེད་པ། མི་རིགས་ཀྱི་བློ་སྟོབས་ཆེ་རུ་གཏོང་བ་བཅས་ཀྱི་གསོ་བཅུད་ཕུན་སུམ་ཚོགས་པོ་ཞིག་ཏུ་གྱུར་ནས། དུས་རབས་གསར་པའི་མི་རྣམས་ལ་སྤྱོད་བཟང་དར་སྤེལ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད།
ཧི་ནན་ལན་ཁའོ་ནི་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མིག་དཔེ་སྟོན་གནས་རེད།
2014ལོའི་ཟླ3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གནས་དེར་ཕེབས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྐོར་གཉིས་པར་མཛུབ་ཁྲིད་ཞིབ་ཕྲ་གནང་བ་རེད།
ལན་ཁའོ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་རྒྱ་བསྐྱེད་ཚོགས་འདུར་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚེ་སྲོག་ལ་ཚད་ཡོད་ལ། དཔའ་བོ་དང་དཔེ་བཟང་མི་སྣ་མང་པོའི་རྒྱུད་ལ་བླ་མེད་ཀྱི་སྙིང་སྟོབས་ཆགས་པའི་བརྒྱུད་རིམ་ལའང་ཚད་ཡོད་མོད། འོན་ཀྱང་རིན་ཐང་བྲལ་བའི་བསམ་པའི་རྒྱུ་ནོར་ཞིག་ཆགས་ཐུབ་པ་དེ་ནི་རྟག་བརྟན་གྱི་ཚད་གཞི་ཞིག་ཡིན། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དེ་ཅིན་ཀང་རི་བོའི་སྙིང་སྟོབས་དང་ཡན་ཨན་གྱི་སྙིང་སྟོབས། ལེ་ཧྥིན་གྱི་སྙིང་སྟོབས། ཧོང་ཆུས་ཆུའུ་ཡི་སྙིང་སྟོབས་སོགས་དང་མཉམ་དུ་གྲུབ་ཡོད”ཅེས་ནན་གྱིས་བསྟན།
འགག་འཕྲང་དོག་མོའི་ལམ་བུ་བརྒལ་ནས། དཀའ་བ་བརྒྱ་ཕྲག་ཁྱད་དུ་བསལ། མི་རབས་ནས་མི་རབས་ཀྱི་དཔའ་བོ་དཔེ་བཟང་རྣམས་ཀྱི་འབད་འཐབ་དང་བློས་གཏོང་བ་དེ་རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་སུ་བསྒྲིལ་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྐང་འཛིན་བརྟན་པོ་ཞིག་ཏུ་གྱུར་ཡོད།
2019ལོར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་སྐབས་སུ། ཀྲུང་གོ་བ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་ལྔ་ལྷག་གིས་དྲ་རྒྱའི་སྟེང་འདེམས་ཤོག་འཕངས་ཏེ། “ཆེས་མཛེས་པའི་འབད་འཐབ་མཁན”ཉིས་བརྒྱ་དོན་བརྒྱད་བདམས་པ་དང་། ལེ་ཧྥིན་ཡང་དེའི་གྲས་སུ་ཚུད་ཡོད།
འདི་ནི་ཏང་དང་མི་དམངས་ཀྱི་བརྩེ་སེམས་ཟབ་མོས་དྲན་གསོ་ཞུ་བ་དང་། བླ་མེད་ཀུན་སྤྱོད་དགེ་བར་ཕྱོགས་པའི་རྟག་བརྟན་གྱི་དར་ཆ་ཞིག་ཡིན།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དཔེ་སྟོན་དང་ཉམས་ལེན་འབད་སྒྲུབ་གནང་ནས། སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་དེ་དཔའ་བོ་དང་དཔེ་བཟང་བར་གུས་བཀུར་དང་སློབ་སྦྱོང་། གུས་ཞབས་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།
ས་གནས་སུ་རྟོག་ཞིབ་གནང་བར་ཕེབས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་རྟག་ཏུ་གསར་བརྗེའི་གནས་མཆོག་ལ་མཇལ་བར་ཕེབས་ཏེ། སྤྱི་ཚོགས་ཡོངས་སུ་དཔའ་བོ་དཔེ་བཟང་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་འབོད་སྐུལ་གནང་།
གལ་ཆེའི་དུས་ཚིགས་སུ་སྤྱི་ཁྱབ་ཧྲུའུ་ཅིས་སྐུ་དངོས་སུ་དཔའ་བོ་དང་དཔེ་བཟང་པར་གཟེངས་རྟགས་གནང་བ་དང་། སྤྱོད་ཡོན་གཉིས་ལྡན་གྱི་མི་སྣར་མིག་དཔེ་བལྟ་བའི་དར་སྲོལ་བཟང་བོ་ཞིག་ཆགས་པར་སྐུལ་འདེད་གནང་།
སྒོ་ཁར་འཚམས་འདྲིར་ཕེབས་པའམ་ཡང་ན་འཕྲིན་ཡིག་ལམ་ནས་ཁམས་བདེ་ཞུ་བ། སྐུ་དངོས་སུ་ཕྱག་འཇུ་བྱེད་པའམ་ཡང་ན་སྐུ་གཟུགས་བསྒུར་ནས་བཞུགས་སུ་འཇུག་པ་བཅས་གང་ཡིན་རུང་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་ལས་སྐྱེ་བོ་ཕལ་བའི་གཟི་འོད་འཕྲོ་ཞིང་ལྟེ་བའི་རིན་ཐང་དར་སྤེལ་བཏང་བ་དང་ཀྲུང་ཧྭའི་ས་གཞི་ཆེན་པོར་དྲོད་ཁོལ་སྦྱིན་ཡོད།
“ལེ་ཧྥིན་གྱི་སྙིང་སྟོབས་ནི་རྟག་བརྟན་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན།”
“ལེ་ཧྥིན་གྱི་སྙིང་སྟོབས་ལ་མི་ཚང་མས་སློབ་སྦྱོང་བྱེད་འོས་ཤིང་གཅེས་སེམས་གང་སར་ཕུལ་ཆོག”
ཁོང་གིས་མངགས་བཅོལ་ནན་མོ་དེར་ཐུན་མོང་གི་ངོས་འཛིན་ཟབ་མོ་བྱུང་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་སེམས་ནུས་གཅིག་ཏུ་སྒྲིལ་དུ་བཅུག
གུང་ཁྲན་ཏང་མིའི་བརྩེ་སེམས་ཟབ་མོས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྡོ་རིང་ཆེན་མོ་བསྐྲུན།
2018ལོའི་ཟླ12པའི་ཚེས18ཉིན། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་བརྙན་རིས་ལས་མི་སེམས་ལ་དྲོད་སྐྱིད་སྦྱིན།
“དེང་རབས་ཀྱི་ལེ་ཧྥིན”ཞེས་འབོད་པའི་ཀའོ་མིན་ཡུས་ཀྱིས་ལམ་ཧྲིལ་བོ་ལོ་བརྒྱད་ཅུར་སོན་པའི་ཐུའུ་ཡིག་ཡིག་བསྐྱོར་ནས་གར་སྟེགས་སྟེང་ཕེབས་ཏེ་གཟེངས་བསྟོད་དང་ལེན་བྱས་པ་དེས་ལྷག་བསམ་གཙང་མའི་རང་བཞིན་མཚོན་ཞིང་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྒྲོག་བྱས།
བསམ་པ་བཟང་པོ་བཅངས་ནས་ཕན་ཚུན་བར་རོགས་སྐྱོར་དང་ཕན་ཚུན་ལ་སྐུལ་མ་བཏང་ཚེ། མི་ཡོད་ཚད་ལེ་ཧྥིན་ལྟ་བུ་འགྱུར་ངེས། དེང་གི་དུས་འདིར། ཀའོ་མིན་ཡུས་ཀྱི་གཏམ་རྒྱུད་དེ“ཀའོ་མིན་ཡུས་གཅེས་སེམས་ཚོགས་པའི”རུ་མི་ཚོས་གང་སར་བརྒྱུད་སྒྲོག་བྱས་ཡོད།
2014ལོའི་ཟླ3པའི་ཚེས4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀའོ་མིན་ཡུས་གཅེས་སེམས་ཚོགས་པར”སྤྲིངས་པའི་ཡིག་ལན་ནང་ཚོགས་པའི་ཁོངས་མི་ཚོས“འབད་འབུངས་ཡར་བརྩོན་གྱིས་དགེ་བའི་ལས་ལ་གཞོལ་ནས་གཞན་དོན་སྒྲུབ་ན་རང་སེམས་སྐྱིད་པའི་དཔེ་ལྟར། དགེ་བའི་ཚོགས་བསགས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་དུས་རབས་གསར་པའི་ལེ་ཧྥིན་གྱི་གཏམ་རྒྱུད་འབྲི་དགོས་པའི་སྐུལ་ལྕག་གནང་།”
རབ་བྱུང་གཅིག་གི་རྗེས་སུ། འཇིག་རྟེན་གྱི་སྐྱེ་བོ་ཀུན་གྱིས“ལེ་ཧྥིན་ད་དུང་གསོན་པོར་གནས་ཡོད”ཅེས་བསྔགས་བརྗོད་བྱེད་དོན་ཅི་ཡིན་ནམ། ཅིའི་ཕྱིར་མི་རབས་རྗེས་མས་ཡིད་སྨོན་གུས་བཀུར་བྱེད་པ་དང་དེ་ལ་རྗེས་འདེད་བྱེད་པ་ཡིན་ནམ་ཞེ་ན།
མི་ལ་ལས«ལེ་ཧྥིན་གྱི་ཉིན་ཐོའི»ཁྲོད་ནས་ལན་འཚོལ་བཞིན་ཡོད།
2022ལོའི་ཟླ9པར། “ལེ་ཧྥིན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། དུས་རབས་གསར་པའི་ལེ་ཧྥིན་གྱི་གཏམ་རྒྱུད་འབྲི་བའི”བཞུགས་མོལ་ཚོགས་འདུ་དྲ་ཐོག་ཏུ་འཚོགས་ཤིང་། ལེ་ཧྥིན་སྙིང་སྟོབས་ཀྱི་རྩ་བ་དང་བླ་སྲོག་ལ་ཚོགས་ཞུགས་ཆེད་མཁས་པས་གྲོས་བསྡུར་ནན་མོ་བྱས།
“ལེ་ཧྥིན་གྱི་སྙིང་སྟོབས་དེ་ཀྲུང་གོ་གུང་ཁྲན་ཏང་གི་གསར་བརྗེའི་འབད་འཐབ་ཀྱི་གཤིས་རྒྱུད་དང་འཚམ་ཞིང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པོ་ཡིན།” “ལེ་ཧྥིན་གྱི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་དང་རྒྱུན་སྲིང་པ་ཞིག་ཡིན།”
ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་རྩ་བ་ཚུགས་པ་དང་ལེ་ཧྥིན་གྱི་སྙིང་སྟོབས་ལ་སྔར་བཞིན་ཡུལ་དུས་ལས་བརྒལ་བའི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཡོད།
མི་ལ་ལས་རང་ཉིད་ཀྱི་ལས་གནས་ཐོག་ད་དུང་འཚོལ་ཞིབ་བྱེད་བཞིན་ཡོད།
མི་གཅིག་གམ་ཡང་ན་མི་སྐོར་ཞིག་ཁྱོད་དང་ངའི་གམ་དུ་ཡོད། སྙིང་ཉེ་བའི་ཚོར་བ་སྦྱིན་བཞིན་ཡོད།
ལེ་ཧྥིན་གྱིས“ང་ནི་ཏང་གི་བུ་དང་མི་དམངས་ཀྱི་ལས་ཚེགས་པ་ཡིན”ཞེས་གསུངས་ཡོད། ཁོང་ཚོ་དང་ལེ་ཧྥིན་ནི་ཐུན་མོང་གི་ཐོབ་ཐང་མཚོན་རྟགས་ཡིན་པས་ཁེངས་སྐྱུང་ཡིན་ལ་སྤོབས་པ་ཡང་ཡོད།
ལེ་ཧྥིན་ཁ་གྱེས་པའི་ཉིན་མོ་ནས་བཟུང་། བབ་ཆགས་པའི་སེམས་གཏམ་རེ་རེས་ལེ་ཧྥིན་གྱི་སྙིང་སྟོབས་སྤྱིར་བཏང་མིན་པ་དང་རླབས་ཆེན་ཡིན་པ་གསལ་བཤད་བྱས་ཡོད།
དུས་ཡུན་རིང་པོའི་ཉམས་སད་ཐེག་པ་བརྒྱུད། མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིའི་ལྷད་མེད་བརྩེ་སེམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་མཛད་རྗེས་རྡོ་རིང་བསྐྲུན་ཡོད།
ཀྱག་ཀྱོག་གི་བརྒྱུད་ལམ་མང་པོ་བརྒྱུད་དེ་ནམ་ཡང་མི་རྣམས་ཀྱི་སེམས་ཁོང་དུ་ཉར་བའི་ཐུན་མོང་གི་དྲན་ཤེས་ནི་སྙིང་སྟོབས་གཅིག་སྡུད་དང་། རིན་ཐང་གཞལ་མེད། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་བཅས་ཡིན་པས། དུས་རབས་གསར་པར་སྔར་བཞིན་ཚུར་སྣང་དྲག་པོ་དང་མི་སེམས་འགུལ་བའི་འབོད་སྐུལ་བྱེད་ཀྱིན་ཡོད།
ལོ་ངོ་ལྔ་སྟོང་རིང་གི་ཕུལ་བྱུང་ཀྲུང་ཧྭའི་རིག་གནས་དང་གསར་བརྗེའི་རིག་གནས་ལ་བལྟས་ཚེ། དཔའ་བོ་གྲངས་མེད་ཀྱིས་ས་གཞི་ཆེན་པོར་ཞབས་ཀྱིས་བཅགས་ཤིང་། གུང་ཁྲན་ཏང་མིས་ལེ་ཧྥིན་གྱི་སྙིང་སྟོབས་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་གཏིང་མཐུག་པའི་མཁའ་དབྱིངས་སུ་ནམ་ཡང་རང་མདངས་མི་ཡལ་བའི་བསམ་བློའི་འོད་སྣང་འཚེར་བཞིན་ཡོད།
ལེ་ཧྥིན་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། དུས་རབས་གསར་པའི་ཚེ་སྲོག་ལ་བསྔགས་བརྗོད་མུ་མཐུད་དུ་འབྲི་བཞིན་ཡོད།
“ལེ་ཧྥིན།”
“སླེབས་བྱུང་།”
མི་བརྒྱ་ཤོག་ཏུ་ཞུགས་སྐབས། ཁོ་ཚོས“ལེ་ཧྥིན་གྱི་གསོག་འཇོག”གི་མིང་ཐོག་ནས་དཀའ་ངལ་སེལ་རོགས་དང་སློབ་སྐྱོར་ཞལ་འདེབས་ཕུལ་བ་དང་། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིར་ལས་སྒྱུར་བྱས་པ་དང་། ཁོ་ཚོས་ལས་རིགས་ཀྱི་དཔེ་དམག་དང་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་སྣེ་ཁྲིད་པ་སོགས་བརྩོན་ལེན་བྱས་ཏེ། ལོ་མང་པོའི་རིང་ལ། “ལེ་ཧྥིན་བརྒྱ་ཤོག”གི་དཔོན་དམག་ཚོས་ལེ་ཧྥིན་གྱི་སྙིང་སྟོབས་ལག་བསྟར་བྱ་རྒྱུ་དེ་བློ་བརྟན་འགྱུར་མེད་ཀྱི་མི་ཚེའི་གདམ་གར་བརྩི་བཞིན་ཡོད།
“པི་པིའི”སྒྲ་གྲགས་མ་ཐག་བྱ་བ་ཐམས་ཅད་ལ་འགན་ཁུར་མཁན་ཡོད་པས། གཞི་རིམ་བཅོས་སྐྱོང་གི“མཇུག་མཐའི་སྤྱི་ལེ་གཅིག”བདེ་བླག་ངང་སེལ་བ་མ་ཟད། ད་དུང་སྡེ་ཁུལ་འཆམ་མཐུན་དང་སྤྱི་ཚོགས་དཔལ་ཡོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
“ལེ་ཧྥིན་ནི་དུས་རབས་ཀྱི་མིག་དཔེ་ཡིན་ལ། ལེ་ཧྥིན་གྱི་སྙིང་སྟོབས་ནི་རྟག་བརྟན་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པར་དུས་རབས་ཀྱི་མིག་དཔེ་སྔར་ལས་མང་པོ་ཞིག་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་གྱིས་འབད་འཐབ་དང་བརྟན་སྲུང་སྔར་ལས་བཟང་པོ་བྱེད་པར་སྟོབས་ཤུགས་བསྩལ་ཡོད།
མི་སྒེར་དང་ཁྱིམ་གཞིས། རང་དོན་དང་གཞན་ཕན་སོགས་ལེ་ཧྥིན་གྱིས་དེ་སྔོན་དོན་གཉེར་བྱེད་པའི“གསོན་པོར་སྡོད་པའི་དོན་སྙིང”ཞེས་པ་དང་། དུས་རབས་གསར་པར་ཚེ་སྲོག་གི་བསྔགས་བརྗོད་སྙན་ངག་ཅིག་མུ་མཐུད་དུ་འབྲི་བཞིན་ཡོད།
ཡོན་ཧྲི་ལིན་ཅོན་ཏི་སྐུ་གཤེགས་པའི་དུས་སུ་སྔར་བཞིན་དབྱང་རླུང་གི་ངོ་ཤུབས་གྱོན་ཞིང་སྦུ་གུ་བཙུགས་ཏེ་བྱ་བ་སྒྲུབ་པའི་ནད་ཁང་དང་། ཝང་ཅིས་ཚའེ་ཡིས་ཁའེ་ཧྲན་གླིང་ཕྲན་སྲུང་སྐྱོང་བྱས་ནས་ལོ32འཁོར་བ། སི་ཁྲོན་ལྕགས་ཟམ་རྫོང་དུ་ས་ཡོམ་བྱུང་རྗེས་ལའོ་ཡུང་དང་ཀན་ཡུས་ཀྱིས་ཞ་ཡུག་སྡེ་བ་རུ་ཆུ་ལོག་ལས་མི་མང་པོ་བསྐྱབས་པ་སོགས་ཀྱི་མིག་དཔེ་ཡིས་མི་རྣམས་ལ་མཆི་མ་འཁོར་བ་དང་རླབས་ཆེན་གྱི་སྙིང་སྟོབས་ཀྱིས་སྐྱེ་བོ་ཀུན་གྱི་ཡིད་དབང་བཀུག་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། “ང་ཚོས་ལེ་ཧྥིན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་ལ་ལེ་ཧྥིན་གྱི་བྱེད་སྟངས་ལའང་སློབ་སྦྱོང་བྱས་ནས། བླ་ན་མེད་པའི་ཕུགས་བསམ་དད་སེམས་དང་ཀུན་སྤྱོད་གཤིས་རྒྱུད་དོན་གཉེར་བྱ་རྒྱུ་དེ་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བར་བྱེད་པ་དང་། སྤྱིར་བཏང་གི་བྱ་བ་དང་འཚོ་བའི་ཁྲོད་མཚོན་པར་བྱས་ནས་རང་ཉིད་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ་དང་། ལེ་ཧྥིན་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།”
ཉེ་སྔོན། རྣམ་པ་གསར་རྐྱང་གི་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་ཏེ་ཀྲེ་ཅང་ཞིང་ཆེན་གྱི“ལེ་ཧྥིན་སློབ་ཆུང”དང་པོ་སྟེ། ཅིན་ཧྭ་གྲོང་ཁྱེར་ཅིན་ཏུང་ཁུལ་གྱི་ཧྲུའུ་ཀོང་སློབ་ཆུང་དུ་སྤེལ་བ་རེད།
“ང་ནི་ལེ་ཧྥིན་སློབ་ཆུང་གི་སློབ་མ་ཞིག་ཡིན། ང་རང་ལེ་ཧྥིན་གྱི་རྗེས་སྙེག་པའི་ན་གཞོན་ཞིག་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན།”
སྤྲོ་སེམས་རབ་ཏུ་འཁོལ་བའི་བྱིས་པའི་སྐད་སྒྲ་སློབ་གྲྭའི་ར་སྐོར་ཡོངས་སུ་གྲགས་པ་དང་། ལེ་ཧྥིན་ལོ་ན་ཆུང་ལ་དཔའ་ངར་ཆེ་བའི་སྐུ་བརྙན་གྱི་མདུན་དུ་སློབ་གྲོགས་ཚོས་གཟི་བརྗིད་ལྡན་པའི་སྒོ་ནས་ལང་ཚོའི་དམ་བཅའ་བཞག
རྒྱལ་ས་པེ་ཅིང་གྱི་ཧའེ་ཏེན་ཚོད་ལྟའི་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་གིས་སློབ་གསེང་དུས་ཚོད་སྤྱད་དེ་འོས་འགན་ངལ་རྩོལ་དང་སློབ་གྲྭར་གཙང་སྦྲ་བྱས། ཧྲན་ཏུང་ཙའོ་ཀྲོང་མི་དམངས་ལམ་གྱི་སློབ་ཆུང་གི་དགེ་སློབ་ཚོས་སྡེ་ཁུལ་དུ་གད་སྙིགས་འཐུས། སི་ཁྲོན་དབྱི་པིན་ཁྲུང་ཝུན་ཚོད་ལྟའི་སློབ་ཆུང་གི་དང་བླངས་པ་ཚོས་རྒན་གསོ་ཁང་གི་རྒན་རྒོན་ཚོར་དྲོད་འཁོལ་སྦྱིན།
མཚན་སྙན་ནི་རྒྱུན་འཛིན་བྱས་པས་ཉམས་པ་མེད་ཅིང་། མཛད་རྗེས་རྡོ་རིང་ནི་འབད་འཐབ་བྱས་པས་ནམ་ཡང་གནས་སྲིད།
ཤུགས་དྲག་པོའི་ལོ་རྒྱུས་བརྒྱུད་དེ་ལེ་ཧྥིན་གྱི་སྙིང་སྟོབས་སྔ་མོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་དུ་ཟབ་མོར་འདྲེས་པ་དང་། ཀྲུང་གོ་མི་དམངས་ཀྱི་གཏིང་ཤུགས་བརྟན་པོ་ཞིག་མདུན་སྐྱོད་ཀྱི་དུས་རབས་ཀྱི་རླབས་རྒྱུན་ནང་ཞུགས་ཡོད།
བརྗིད་རླབས་ཆེ་བའི་མ་འོངས་པར་ཁ་ཕྱོགས་ཚེ། མི་རིགས་བསྐྱར་དར་གྱི་རླབས་ཆེན་གྱི་སྐྱོད་ལམ་གསར་པའི་སྟེང་སྐྱོད་སྐབས། ལེ་ཧྥིན་གྱི་སྙིང་སྟོབས་ལ་སྔར་ལས་བཀྲག་མདངས་ཆེ་བའི་འོད་ཟེར་འཕྲོ་ཐུབ་ངེས་ཡིན་པ་དང་། དུས་རབས་གསར་པའི་བརྗིད་ཆེའི་སྟོབས་ཤུགས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
ཆེས་སྤྱིར་བཏང་གི་མི་མིང་ཕལ་བ་ཞིག་ལ། ཅིའི་ཕྱིར་མི་དུང་ཕྱུར་མང་པོའི་སེམས་པ་གཅིག་ཏུ་ཕྱོགས་དགོས་སམ།
ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོ་ཐེངས་དྲུག་ཅུ་པ་ཐོན་ལ་ཉེ་བའི་སྐབས་སུ།ཁོང་གི་མཛད་རྗེས་ལ་ཕྱིར་དྲན་བྱས་ཚེ། ང་ཚོར་སྔར་བཞིན་མི་ཚེའི་བློ་སྒོ་འབྱེད་ཐུབ་པ་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྩོལ་ཐུབ།

“དུས་རབས་ལ་འགྱུར་ལྡོག་ཇི་འདྲ་བྱུང་ཡང་ལེ་ཧྥིན་གྱི་སྙིང་སྟོབས་ནམ་ཡང་ཉམས་མི་སྲིད་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད། ”ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། སྐྱོད་ལམ་གསར་པའི་སྟེང་། ལེ་ཧྥིན་སྙིང་སྟོབས་ཀྱི་དུས་རབས་དོན་སྤྱི་བློ་རུ་བརྟན་པོར་ངེས་ནས་ཏང་ཡོན་དང་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ་དང་། དང་བླངས་ཞབས་ཞུའི་འགན་སྲུང་དང་དེར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་དཔུང་སྡེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་ནས། མི་དམངས་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཁྲོད་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་སྲོལ་བཟང་ཆགས་པར་བྱེད་པ་དང་། ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རྒྱུན་ལྡན་འཚོ་བའི་ཁྲོད་འདྲེས་སུ་བཅུག་ནས་རྒྱུན་དུ་སྤེལ་དགོས་ཤིང་། ལེ་ཧྥིན་གྱི་སྙིང་སྟོབས་ཏེ་དུས་རབས་གསར་པར་སྔར་ལས་འོད་སྟོང་འཕྲོ་བར་བྱེད་དགོས་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་གྱིས་བསྟན་ཡོད།
ཏང་དང་མི་དམངས་ཀྱི་བརྩེ་སེམས་ཟབ་མོས་རྗེས་དྲན་ཞུ་བ་དང་། ཀུན་སྤྱོད་བཟང་པོར་ཕྱོགས་པའི་རྟག་བརྟན་དར་ཆ་མཐོན་པོར་བསྒྲེངས་ཡོད།
དཔྱིད་མགོའི་དུས་སུ། ལའོ་ཉིན་ཧྥུའུ་ཧྲུན་ཧོན་ཧིའི་ལྷོ་རྒྱུད་ཀྱི་ནགས་གསེབ་དུ་ལེ་ཧྥིན་རྗེས་དྲན་ཁང་བརྗིད་ཉམས་ལྡན་པར་གནས།

2018ལོའི་ཟླ3པའི་ཚེས5ཉིན། ལེའོ་ཉིན་ཞིང་ཆེན་ཧྥུའུ་ཧྲོན་གྲོང་ཁྱེར་གྱིས་ལེ་ཧྥིན་དྲན་གསོ་ཁང་གི་ཐང་ཆེན་དུ་བྱ་འགུལ་སྤེལ་བ་དང་། བློ་མཐུན་ལེ་ཧྥིན་ལ་དྲན་གསོ་ཞུས་པ་མ་ཟད་མི་རྣམས་ལ་ལེ་ཧྥིན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕན་ཡུས་ལུང་གིས་པར་བླངས།
ལོ་ངོ་བཞི་ལྷག་གི་སྔོན་ཏེ། 2018ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་གནས་དེར་ལྟ་སྐོར་དུ་ཕེབས་ཏེ། ལེ་ཧྥིན་གྱི་ཕྱག་བྲིས་དང་དངོས་ཤུལ། འདྲ་པར་སོགས་བཤམས་ཡོད་པའི་མདུན་དུ་ཐུགས་དལ་མོའི་ངང་ནས་ཡུན་རིང་ཞིག་ལ་གཟིགས་ཤིང་། གསུང་བཤད་ཁྲོད་བརྩེ་བ་ཟབ་མོའི་ཁེངས་ཡོད།“དོན་བཟང་ཕྲན་ཙམ་ཉིན་རྒྱུན་བསྒྲུབས།དགེ་བ་ཆེན་པོ་ངང་གིས་གྲུབ། སྤྱོད་བཟང་འདི་དག་དོན་གཉེར་བྱེད་ན། དེ་ལས་ལྷག་པའི་དགེ་བ་མེད་ཅེས་པ་དེ་ང་ཚོའི་ཏང་གིས‘མི་དམངས་ལ་ཞབས་འདེགས་ཞུ་བ’དང‘མི་དམངས་ཀྱི་ཚེགས་ལས་པ’བྱེད་པ་དང་གཅིག་རྒྱུན་གཅིག་འཛིན་ཡིན་པས། ང་ཚོས་སྤྱོད་ཡོན་གཉིས་ལྡན་གྱིས་ལེ་ཧྥིན་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་དགོས།”
སྲོལ་བཟང་རྒྱུན་འཛིན་བྱེད་པར་ནམ་ཡང་ཉམས་པ་མེད། ལོ་ངོ་དྲུག་ཅུའི་ཡར་སྔོན་ཏེ1963ལོའི་ཟླ3པར། བློ་མཐུན་མའོ་ཙེ་ཏུང་གིས“བློ་མཐུན་ལེ་ཧྥིན་ལ་སློབ་སྦྱོང་བྱེད་དགོས”ཞེས་ཕྱག་བྲིས་གནང་བ་དང་། དུས་དེ་ནས་བཟུང་ཁོང་གི་མཚན་མིང་དེ་མི་རྣམས་ཀྱི་སེམས་སུ་ཟུག་པ་དང་ཁོང་གི་གཏམ་རྒྱུད་དེ་ཀྲུང་གོའི་ཡུལ་གྲུ་ཀུན་ཏུ་ཁྱབ།
ཧུའུ་ནན་ཁྲང་ཧྲར་ཡོད་པའི་ལེ་ཧྥུན་གྱི་བཞུགས་གནས་རྙིང་པའི་ས་གྱང་གི་རྩྭ་ཁང་དེ་ད་དུང་ཉར་ཚགས་བྱས་ཡོད། 1940ལོརའཁྲུངས་བའི་ལེ་ཧྥིན་ལོ་བདུན་ཙམ་ནས་དྭ་ཕྲུག་ཏུ་གྱུར། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གི་ཐུགས་ཁུར་འོག་ཁོང་ཉིད་ཡངས་ཤིང་གསལ་བའི་སློབ་ཁང་དུ་བསྐྱོད་ནས་སྐེ་དཀྲིས་དམར་པོ་འདོགས་པའི་སྐལ་བ་ལྡན་སོང་། དམག་དཔུང་དུ་ཞུགས་རྗེས། ཁོང་གིས་དམག་དཔུང་དུ་སྦྱོང་བརྡར་ཆེན་པོ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་བློ་རིམ་བཞིན་ཆགས་པར་མ་ཟད། གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས།
ཡར་ཐོན་གྱི་སྟོབས་ཤུགས་ནི་མེས་རྒྱལ་ལས་བྱུང་བ་དང་། ཐོག་མའི་བསམ་འདུན་ཡག་པོ་དེར་བཀའ་དྲིན་གྱིས་ཁེངས། ད་ལྟའང་རྒྱ་ཁྱབ་ཏུ་བསྒྲགས་བཞིན་པའི«ལེ་ཧྥིན་གྱི་ཉིན་ཐོའི»ནང་དུ་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་པ་ཞིག་གི་རྒྱང་རིང་ཕུགས་འདུན་བརྗོད་ནས་དབྱར་མཚོ་རྒྱས་པ་བཞིན་ཉམས་པ་མེད་པའི་དུས་རབས་ཀྱི་འཕར་རྩ་ཞིག་ལྡང་བཞིན་མཆིས།
“གལ་ཏེ་ཁྱེད་ནི་ཆུ་ཐིགས་གཅིག་ཡིན་ཚེ། ཁྱེད་ཀྱིས་ས་གཞི་ཚུན་གང་བརླན་གྱིས་གསོ་ཐུབ་བམ། གལ་ཏེ་ཁྱེད་ནི་ཉི་འོད་ཅིག་ཡིན་ཚེ། ཁྱེད་ཀྱིས་མུན་པ་མཐའ་རུ་སེལ་བའི་འོད་སྣང་སྦྱིན་ཐུབ་བམ། གལ་ཏེ་ཁྱེད་ནི་འབྲུ་རྡོག་གཅིག་ཡིན་ཚེ། ཁྱེད་ཀྱིས་ཚེ་སྲོག་ཡོད་ཚད་ལ་གསོན་ཤུགས་རྒྱས་སུ་འཇུག་སྲིད་དམ། གལ་ཏེ་ཁྱེད་ནི་བོངས་ཆུང་བའི་གཅུས་གཟེར་གྱི་འཛེར་མ་ཞིག་ཡིན་ཚེ། ཁྱེད་ཀྱིས་ནམ་ཡང་རང་ཉིད་ཀྱི་འཚོ་བ་རོལ་སའི་ལས་གནས་བརྟན་སྲུང་བྱེད་ཐུབ་བམ།”
རྒྱུན་ལྡན་གྱི་འཚོ་བའི་ཁྲོད་རླབས་ཆེན་གྱི་བྱ་གཞག་བསྐྲུན་ཏེ། མི་རྣམས་སྔར་ལས་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་། དད་མོས་ལས་འཕྲོས་པའི་འོད་ཟེར་གྱིས་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིས་མུ་མཐུད་དུ་འབད་བརྩོན་བྱེད་པར་འབོད་སྐུལ་གཏོང་ངེས།
མི་ཞིག་ཆུ་ནང་དུ་ལྷུང་བ་ན་ཁོ་རང་ཆུ་ནང་དུ་མཆོང་སྲིད་ལ། ཕུག་ལམ་ཉིལ་རྗེས་ཁོང་གིས་རང་སྲོག་ལ་མི་འཛེམ་པར་མི་སྐྱོབ་སྲིད། མི་ཧྲེང་རྒན་རྒོན་ལ་བདག་སྐྱོང་བྱེད་རྒྱུ་ནི་འོས་འགན་ཡིན་ལ། དེ་ནི་རང་གི་ཤ་ལས་ཆད་པའི་བུ་བུ་མོ་གཉོར་སྐྱོང་བྱེད་པ་དང་ཀུན་ནས་མཚུངས། འདི་ནི་དུས་རབས་སྔོན་མའི“ལོ་རབས་བརྒྱད་ཅུ་པའི་ལེ་ཧྥིན་གསར་པ”ཀྲུའུ་པོ་རུའུ་རེད།
ཁྱིམ་ཚང་སྟོང་ཕྲག་མང་པོའི་ཆུ་གློག་ཉམས་གསོ་དང་སྡོད་ཁང་བདག་སྐྱོང་གི་དགོས་མཁོའི་མདུན་དུ། ཁོས“མི་གཅིག་དཀའ་ལས་མྱངས་རུང་ཁྱིམ་ཚང་ཁྲི་སྟོང་མང་པོར་སྟབས་བདེ་སྐྲུན་ཐུབ”ཅེས་ལས་ཀ་དེ་མགོ་བརྩམས་པ་ནས་མི་ལོ་བཅུ་ཕྲག་ཁ་ཤས་འགོར་སོང་། འདི་ནི་དུས་རབས་སྔོན་མའི་ལོ་རབས90བའི་ཧྲང་ཧའེ་ནུང་ཐང་གི“ལེ་ཧྥིན་གསོན་པོ”ཞུས་ཧུའུ་རེད།
སྨན་བཅོས་དང་སྨན་རྫས་ལེགས་སྐྱེས་སུ་ཕུལ་ནས་ལེ་ཧྥིན་གྱི་སྙིང་སྟོབས་ཐེན་ཧྲན་རི་བོའི་ལྷོ་བྱང་དུ་ཁྱབ་པར་བྱས་ཏེ། ཏང་དང་མཐའ་མཚམས་མང་ཚོགས་བར“སེམས་འབྲེལ་ཟམ་པ”བཙུགས་ཡོད། འདི་ནི་ཞིན་ཅང་དུ་རྐང་ཚུགས་པའི་དམག་དཔུང་གི་སྨན་པ་བཟང་བོ། “དེང་རབས་ཀྱི་ལེ་ཧྥིན”ཞེས་འབོད་པའི་ཀྲོང་ཧྲི་དཔའ་རེད།
ས་གནས་སོ་སོར“ལེ་ཧྥིན་ལ་སློབ་སྦྱོང་བྱས་ནས་དྲོད་འཁོལ་སྦྱིན”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་གཅེས་སྐྱོང་བྱ་འགུལ་སྤེལ་བར་འབོད་སྐུལ་བཏང་བ་ནས། “ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རྒྱུན་རྣམ་ཅན་དུ་འགྱུར་བར”སྐུལ་འདེད་གཏོང་བའི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་ལ། ཏང་དང་རྒྱལ་ཁབ་ཀྱིས་ལེ་ཧྥིན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས། མི་སྔར་ལས་མང་པོར་ལེ་ཧྥིན་གྱི་གོམ་སྟབས་འཚོལ་ཞིབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཉེ་འགྲམ་གྱི་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེ་ཧྥིན་གྱི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐད་གསུང་བཤད་གལ་ཆེན་དང་རྒྱས་བཤད་གལ་ཆེན་ཐེངས་གང་མང་གནང་ཡོད།
ལེ་ཧྥིན་སྙིང་སྟོབས་དེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་ཁྲོད་གནས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་མཉམ་འདྲེས་ནུས་ལྡན་བྱུང་སྟེ། ཀྲུང་གོའི་སྙིང་སྟོབས་སྐྲུན་པ་དང་། རིག་གནས་ཀྱི་རང་རྟོན་རིམ་འཕར་བྱེད་པ། མི་རིགས་ཀྱི་བློ་སྟོབས་ཆེ་རུ་གཏོང་བ་བཅས་ཀྱི་གསོ་བཅུད་ཕུན་སུམ་ཚོགས་པོ་ཞིག་ཏུ་གྱུར་ནས། དུས་རབས་གསར་པའི་མི་རྣམས་ལ་སྤྱོད་བཟང་དར་སྤེལ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད།
ཧི་ནན་ལན་ཁའོ་ནི་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མིག་དཔེ་སྟོན་གནས་རེད།
2014ལོའི་ཟླ3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གནས་དེར་ཕེབས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྐོར་གཉིས་པར་མཛུབ་ཁྲིད་ཞིབ་ཕྲ་གནང་བ་རེད།
ལན་ཁའོ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་རྒྱ་བསྐྱེད་ཚོགས་འདུར་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚེ་སྲོག་ལ་ཚད་ཡོད་ལ། དཔའ་བོ་དང་དཔེ་བཟང་མི་སྣ་མང་པོའི་རྒྱུད་ལ་བླ་མེད་ཀྱི་སྙིང་སྟོབས་ཆགས་པའི་བརྒྱུད་རིམ་ལའང་ཚད་ཡོད་མོད། འོན་ཀྱང་རིན་ཐང་བྲལ་བའི་བསམ་པའི་རྒྱུ་ནོར་ཞིག་ཆགས་ཐུབ་པ་དེ་ནི་རྟག་བརྟན་གྱི་ཚད་གཞི་ཞིག་ཡིན། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དེ་ཅིན་ཀང་རི་བོའི་སྙིང་སྟོབས་དང་ཡན་ཨན་གྱི་སྙིང་སྟོབས། ལེ་ཧྥིན་གྱི་སྙིང་སྟོབས། ཧོང་ཆུས་ཆུའུ་ཡི་སྙིང་སྟོབས་སོགས་དང་མཉམ་དུ་གྲུབ་ཡོད”ཅེས་ནན་གྱིས་བསྟན།
འགག་འཕྲང་དོག་མོའི་ལམ་བུ་བརྒལ་ནས། དཀའ་བ་བརྒྱ་ཕྲག་ཁྱད་དུ་བསལ། མི་རབས་ནས་མི་རབས་ཀྱི་དཔའ་བོ་དཔེ་བཟང་རྣམས་ཀྱི་འབད་འཐབ་དང་བློས་གཏོང་བ་དེ་རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་སུ་བསྒྲིལ་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྐང་འཛིན་བརྟན་པོ་ཞིག་ཏུ་གྱུར་ཡོད།
2019ལོར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་སྐབས་སུ། ཀྲུང་གོ་བ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་ལྔ་ལྷག་གིས་དྲ་རྒྱའི་སྟེང་འདེམས་ཤོག་འཕངས་ཏེ། “ཆེས་མཛེས་པའི་འབད་འཐབ་མཁན”ཉིས་བརྒྱ་དོན་བརྒྱད་བདམས་པ་དང་། ལེ་ཧྥིན་ཡང་དེའི་གྲས་སུ་ཚུད་ཡོད།
འདི་ནི་ཏང་དང་མི་དམངས་ཀྱི་བརྩེ་སེམས་ཟབ་མོས་དྲན་གསོ་ཞུ་བ་དང་། བླ་མེད་ཀུན་སྤྱོད་དགེ་བར་ཕྱོགས་པའི་རྟག་བརྟན་གྱི་དར་ཆ་ཞིག་ཡིན།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དཔེ་སྟོན་དང་ཉམས་ལེན་འབད་སྒྲུབ་གནང་ནས། སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་དེ་དཔའ་བོ་དང་དཔེ་བཟང་བར་གུས་བཀུར་དང་སློབ་སྦྱོང་། གུས་ཞབས་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།
ས་གནས་སུ་རྟོག་ཞིབ་གནང་བར་ཕེབས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་རྟག་ཏུ་གསར་བརྗེའི་གནས་མཆོག་ལ་མཇལ་བར་ཕེབས་ཏེ། སྤྱི་ཚོགས་ཡོངས་སུ་དཔའ་བོ་དཔེ་བཟང་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་འབོད་སྐུལ་གནང་།
གལ་ཆེའི་དུས་ཚིགས་སུ་སྤྱི་ཁྱབ་ཧྲུའུ་ཅིས་སྐུ་དངོས་སུ་དཔའ་བོ་དང་དཔེ་བཟང་པར་གཟེངས་རྟགས་གནང་བ་དང་། སྤྱོད་ཡོན་གཉིས་ལྡན་གྱི་མི་སྣར་མིག་དཔེ་བལྟ་བའི་དར་སྲོལ་བཟང་བོ་ཞིག་ཆགས་པར་སྐུལ་འདེད་གནང་།
སྒོ་ཁར་འཚམས་འདྲིར་ཕེབས་པའམ་ཡང་ན་འཕྲིན་ཡིག་ལམ་ནས་ཁམས་བདེ་ཞུ་བ། སྐུ་དངོས་སུ་ཕྱག་འཇུ་བྱེད་པའམ་ཡང་ན་སྐུ་གཟུགས་བསྒུར་ནས་བཞུགས་སུ་འཇུག་པ་བཅས་གང་ཡིན་རུང་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་ལས་སྐྱེ་བོ་ཕལ་བའི་གཟི་འོད་འཕྲོ་ཞིང་ལྟེ་བའི་རིན་ཐང་དར་སྤེལ་བཏང་བ་དང་ཀྲུང་ཧྭའི་ས་གཞི་ཆེན་པོར་དྲོད་ཁོལ་སྦྱིན་ཡོད།
“ལེ་ཧྥིན་གྱི་སྙིང་སྟོབས་ནི་རྟག་བརྟན་ཡིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན།”
“ལེ་ཧྥིན་གྱི་སྙིང་སྟོབས་ལ་མི་ཚང་མས་སློབ་སྦྱོང་བྱེད་འོས་ཤིང་གཅེས་སེམས་གང་སར་ཕུལ་ཆོག”
ཁོང་གིས་མངགས་བཅོལ་ནན་མོ་དེར་ཐུན་མོང་གི་ངོས་འཛིན་ཟབ་མོ་བྱུང་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་སེམས་ནུས་གཅིག་ཏུ་སྒྲིལ་དུ་བཅུག
གུང་ཁྲན་ཏང་མིའི་བརྩེ་སེམས་ཟབ་མོས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྡོ་རིང་ཆེན་མོ་བསྐྲུན།
2018ལོའི་ཟླ12པའི་ཚེས18ཉིན། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་བརྙན་རིས་ལས་མི་སེམས་ལ་དྲོད་སྐྱིད་སྦྱིན།
“དེང་རབས་ཀྱི་ལེ་ཧྥིན”ཞེས་འབོད་པའི་ཀའོ་མིན་ཡུས་ཀྱིས་ལམ་ཧྲིལ་བོ་ལོ་བརྒྱད་ཅུར་སོན་པའི་ཐུའུ་ཡིག་ཡིག་བསྐྱོར་ནས་གར་སྟེགས་སྟེང་ཕེབས་ཏེ་གཟེངས་བསྟོད་དང་ལེན་བྱས་པ་དེས་ལྷག་བསམ་གཙང་མའི་རང་བཞིན་མཚོན་ཞིང་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྒྲོག་བྱས།
ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ། ཀའོ་མིན་ཡུས་ཀྱིས“གཞན་ཕན་སྒྲུབ་པར་དགའ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི”གནས་ལུགས་སེམས་སུ་བཅངས་བ་དང་། སྐབས་དེར་མི་གཞན་གྱིས་ཁས་ལེན་མ་ཐོབ་རུང་། ཁོས་སྔར་བཞིན་ལེ་ཧྥིན་ལ་སློབ་སྦྱོང་དང་དོན་བཟང་བསྒྲུབས་པའི་རང་བློ་བརྟན་པོར་གནས།

2019ལོའི་ཟླ3པའི་ཚེས5ཉིན། ལེའོ་ཉིན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་རིག་གནས་ཐང་ཆེན་དུ་ཀའོ་མིན་དབྱིས་ཀྱིས“ཀའོ་མིན་དབྱི་དང་མཉམ་དུ་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི”གཅེས་སེམས་ལེགས་སྐྱེས་འབུལ་བའི་བྱ་འགུལ་སྤེལ་ཡུལ་དུ་དང་བླངས་པ་དང་མཉམ་དུ«ལེ་ཧྥིན་དཔེ་བཟང་ལ་སློབ་སྦྱོང་བྱེད»ཅེས་པའི་གླུ་གཞས་བླངས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕན་ཡུས་ལུང་གིས་པར་བླངས།
“མི་ཞིག་གིས་དོན་བཟང་ཐེངས་གཅིག་བསྒྲུབ་པར་དེ་འདྲའི་དཀའ་མོ་ཞིག་མིན་ལ། ཆེས་དཀའ་བ་ནི་ཚེ་གང་བོར་དོན་བཟང་པོ་སྒྲུབ་རྒྱུ་དེ་ཡིན། ལེ་ཧྥིན་གྱི་གཏམ་རྒྱུད་ལ་ཉན་ནས་འཚར་ལོངས་བྱུང་བའི་ཀའོ་མིན་ཡུས་ཀྱང་ཆེས་མཐར་མཇུག་མི་ཁྲི་སྟོང་མང་པོའི་སེམས་ཁོང་གི་ལེ་ཧྥིན་གསོན་པོ་ཞིག་ཏུ་གྱུར་ཡོད།བསམ་པ་བཟང་པོ་བཅངས་ནས་ཕན་ཚུན་བར་རོགས་སྐྱོར་དང་ཕན་ཚུན་ལ་སྐུལ་མ་བཏང་ཚེ། མི་ཡོད་ཚད་ལེ་ཧྥིན་ལྟ་བུ་འགྱུར་ངེས། དེང་གི་དུས་འདིར། ཀའོ་མིན་ཡུས་ཀྱི་གཏམ་རྒྱུད་དེ“ཀའོ་མིན་ཡུས་གཅེས་སེམས་ཚོགས་པའི”རུ་མི་ཚོས་གང་སར་བརྒྱུད་སྒྲོག་བྱས་ཡོད།
2014ལོའི་ཟླ3པའི་ཚེས4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀའོ་མིན་ཡུས་གཅེས་སེམས་ཚོགས་པར”སྤྲིངས་པའི་ཡིག་ལན་ནང་ཚོགས་པའི་ཁོངས་མི་ཚོས“འབད་འབུངས་ཡར་བརྩོན་གྱིས་དགེ་བའི་ལས་ལ་གཞོལ་ནས་གཞན་དོན་སྒྲུབ་ན་རང་སེམས་སྐྱིད་པའི་དཔེ་ལྟར། དགེ་བའི་ཚོགས་བསགས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་དུས་རབས་གསར་པའི་ལེ་ཧྥིན་གྱི་གཏམ་རྒྱུད་འབྲི་དགོས་པའི་སྐུལ་ལྕག་གནང་།”
རབ་བྱུང་གཅིག་གི་རྗེས་སུ། འཇིག་རྟེན་གྱི་སྐྱེ་བོ་ཀུན་གྱིས“ལེ་ཧྥིན་ད་དུང་གསོན་པོར་གནས་ཡོད”ཅེས་བསྔགས་བརྗོད་བྱེད་དོན་ཅི་ཡིན་ནམ། ཅིའི་ཕྱིར་མི་རབས་རྗེས་མས་ཡིད་སྨོན་གུས་བཀུར་བྱེད་པ་དང་དེ་ལ་རྗེས་འདེད་བྱེད་པ་ཡིན་ནམ་ཞེ་ན།
མི་ལ་ལས«ལེ་ཧྥིན་གྱི་ཉིན་ཐོའི»ཁྲོད་ནས་ལན་འཚོལ་བཞིན་ཡོད།
“དུས་རབས་ཀྱི་མཛེས་པ་ནི་ཅི་ཞིག་ཡིན་ནམ། མདོག་ཡལ་ཞིང་ལྷན་པ་བརྒྱབ་པའི་འཐབ་མོ་བ་དག་གི་དམག་ལྭ་སེར་པོ་དེ་ནི་ཆེས་མཛེས་ཤིང་སྣུམ་གྱིས་ཟིན་པའི་ལས་བཟོ་པའི་གོན་པ་སྔོན་པོ་དེ་ནི་ཆེས་མཛེས་པ་ཡིན་ལ། སྦོམ་ཞིང་སྟུག་ལ་ཤ་དྲེག་གིས་ཁེངས་པའི་ཞིང་པའི་ལག་ཟུང་ནི་ཆེས་མཛེས་པ་ཡིན། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་ཀྱིས་བྱ་བ་སྒྲུབ་མཁན་གྱི་བླ་སྲོག་ནི་ཆེས་མཛེས་པ་ཡིན། འདི་དག་ཚང་མ་ང་ཚོའི་དུས་རབས་ཀྱི་མཛེས་པ་ཡིན་ལ། གལ་ཏེ་སུ་ཞིག་གིས་དེ་ནི་མཛེས་པ་ཞིག་ཏུ་མི་རློམ་ཚེ། དེ་ཡིས་ང་ཚོའི་དུས་རབས་ཀྱི་མཛེས་པ་རྟོག་གི་མེད།”

2012ལོའི་ཟླ2པའི་ཚེས18ཉིན། ཧུའུ་ནན་ཁྲང་ཧྲ་ལེ་ཧྥིན་དྲན་གསོ་ཁང་གི་མ་བུ་འགྲེལ་བཤད་པ་ཐན་ཧོང་ཧྥང(གཡས་ཀྱི་དང་པོ)དང་ཀྲང་ལུའུ་ཆི(གཡས་ཀྱི་གཉིས་པ)གཉིས་ཀྱིས་ལྟ་སྐོར་བར་འགྲེལ་བཤད་རྒྱག་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་པའེ་ཡུས་ཀྱིས་པར་བླངས།
ཆུང་དུས་སུ་འཚིག་རྨས་ཐེབས་པའི་ཐན་ཧོང་ཧྥང་གིས་ལེ་ཧྥིན་གྱི་གཏམ་རྒྱུད་ལ་ཉན་བཞིན་ནར་སོན་པ་དང་། ལོ་བཅུ་ཕྲག་འགའི་རིང་ལ། ལེ་ཧྥིན་གྱི་དྲན་གསོ་ཁང་དུ་ཡིག་འབྲུ་ས་ཡ་གཅིག་ལྷག་ཡོད་པའི་རྒྱུ་ཆ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས། “ལག་པ་མེད་ཀྱང་བརྗིད་ཆེའི་ལོ་རྒྱུས་འབྲི་ཐུབ་པའི”ངོ་མཚར་གྱི་མི་ཚེར་གྲུབ་འབྲས་ཐོབ་ཡོད། བུ་མོ་ཀྲང་ལུའུ་ཆི་ཡིས་མཐོང་ཐོས་མྱོང་གསུམ་ལ་བརྟེན་ནས་ལེ་ཧྥིན་གྱི་གཏམ་རྒྱུད་བརྗོད་ཐུབ་པ་དང་། ད་ལྟ་ཧུའུ་ནན་ལེ་ཧྥིན་དྲན་གསོ་ཁང་དུ་ཆེས་དགའ་བསུ་ཐོབ་པའི་འགྲེལ་བཤད་པ་ཞིག་ཏུ་གྱུར་ཡོད།

2023ལོའི་ཟླ2པའི་ཚེས10ཉིན། གྲོགས་པོ་ཆུང་ཆུང་ཚོས་ཁྱིམ་བདག་དང་མཉམ་དུ་ལེའོ་ཉིན་ཞིང་ཆེན་ཧྥུའུ་ཧྲོན་ལེ་ཧྥིན་དྲན་གསོ་ཁང་དུ་ལྟ་སྐོར་བྱས། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཡའོ་ཅན་ཧྥིན་གྱིས་པར་བླངས།
ཡང་མི་ལ་ལས་མིག་མདངས་ལོ་རྒྱུས་ཀྱི་གཏིང་ཟབ་སར་ཕྱོགས་ཡོད།2022ལོའི་ཟླ9པར། “ལེ་ཧྥིན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། དུས་རབས་གསར་པའི་ལེ་ཧྥིན་གྱི་གཏམ་རྒྱུད་འབྲི་བའི”བཞུགས་མོལ་ཚོགས་འདུ་དྲ་ཐོག་ཏུ་འཚོགས་ཤིང་། ལེ་ཧྥིན་སྙིང་སྟོབས་ཀྱི་རྩ་བ་དང་བླ་སྲོག་ལ་ཚོགས་ཞུགས་ཆེད་མཁས་པས་གྲོས་བསྡུར་ནན་མོ་བྱས།
“ལེ་ཧྥིན་གྱི་སྙིང་སྟོབས་དེ་ཀྲུང་གོ་གུང་ཁྲན་ཏང་གི་གསར་བརྗེའི་འབད་འཐབ་ཀྱི་གཤིས་རྒྱུད་དང་འཚམ་ཞིང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པོ་ཡིན།” “ལེ་ཧྥིན་གྱི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་དང་རྒྱུན་སྲིང་པ་ཞིག་ཡིན།”
ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་རྩ་བ་ཚུགས་པ་དང་ལེ་ཧྥིན་གྱི་སྙིང་སྟོབས་ལ་སྔར་བཞིན་ཡུལ་དུས་ལས་བརྒལ་བའི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཡོད།
མི་ལ་ལས་རང་ཉིད་ཀྱི་ལས་གནས་ཐོག་ད་དུང་འཚོལ་ཞིབ་བྱེད་བཞིན་ཡོད།
ཁོ་ཚོའི་ཁྲོད་རྟ་ཐོག་གི་ཡིག་སྐྱེལ་གློག་འཕྲིན་གྱི་གྲོང་གསེབ་ཀྱི་སྦྲགས་སྲིད་པ་ཝང་ཧྲོན་ཡིག་ཡོད་ལ། མི་གཅིག་དང་རྟ་གཅིག་གིས་ལོ་ངོ30ལྷག་ཙམ་ལ་ཁེར་རྐྱང་གིས་འཚོ་བ་རོལ། རྟ་ཕོ་ཇི་ཙམ་ཐང་ཆད་ཀྱང་དངོས་པོ་ཡུལ་མི་ཚོའི་ལག་ཏུ་སྐྱེལ་དགོས།

2005ལོའི་ཟླ1པའི་ཚེས12ཉིན། སི་ཁྲོན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་མུའུ་ལི་བོད་རིགས་རང་སྐྱོང་རྫོང་གི་རྟ་ཐོག་འཕྲིན་སྐྱེལ་བ་ཝང་ཧྲོན་ཡིག་ཡིག་སྐྱེལ་ལམ་དུ་བསྐྱོད་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲིན་ཁའེ་ཡིས་པར་བླངས།
དཀའ་སྤྱད་ཀྱིས་བསྐྱོད་པའི་ཉིན་དང་མཚན་དུ། ཝང་ཧྲོན་ཡིག་གིས་རྒྱུན་དུ་རང་གིས་བརྩམས་པའི་དམངས་གླུ་ཞིག་ལེན་སྲིད་དེ། “ཏང་གི་འགོ་ཁྲིད་ཀྱིས་ང་ལ་ཁྲིད་སྟོན་བྱས། ལེ་ཧྥིན་ལ་མིག་དཔེ་བལྟས་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོལ་དགོས། ང་དང་མི་དམངས་གཅིག་སེམས་གཅིག་འབྲེལ་ཡིན།”
ཁོ་ཚོའི་ཁྲོད་དུ་ས་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་རྒན་པ་དབྱང་ཧྲན་ཀྲིག་ཡོད་པ་དང་། ལས་འཁྱེར་ངལ་གསོ་བྱས་རྗེས་ཕ་ཡུལ་ཡུན་ནན་ཧྲི་ཏན་དུ་སྡོང་འཛུགས་ནགས་སྐྲུན་གྱི་ལས་ལ་ཞུགས་ནས། དེ་སྔོན་རི་བོ་སྐྱ་ཐིང་ཐིང་དང་ཆུ་མེད་པའི་ཏཱ་ལིང་རི་བོའི་གནས་ཏེ་ད་ལྟ་ལྗང་མདོག་གི་ཡུལ་གྲུ་ཞིག་ཏུ་བསྒྱུར་ཡོད།

ལས་འཁྱུར་ངལ་གསོ་བྱས་རྗེས་ཕ་ཡུལ་ཡུན་ནན་ཧྲི་ཏན་དུ་སྡོང་འཛུགས་ནགས་སྐྲུན་བྱེད་དུ་ཡོང་མཁན་ཡང་ཧྲན་ཀྲིག་གིས་ནགས་ཚལ་ལ་ལྟ་བཞིན་བསྡད་ཡོད། ཞིན་ཧྭ་གསར་འགྱུར་ཁང་གིས་རྒྱུ་ཆ་ལས་སྤེལ།
“ཚེ་སྲོག་མ་རྫོགས་བར་དུ་མི་དམངས་ལ་ཞབས་འདེགས་ཞུ་མཚམས་མི་འཇོག” དེ་ནི་དབྱང་ཧྲན་ཀྲིག་གིས་སྐུ་འཚོ་བཞུགས་སྐབས་བཤད་པའི་སྐད་ཆ་ཞིག་ཡིན་ལ། ཁོང་གི་སྐུ་ཚེ་ཧྲིལ་པོའི་མཚོན་ཚུལ་ངོ་མ་ཞིག་ཀྱང་ཡིན།

2020ལོའི་ཟླ1པའི་ཚེས27ཉིན། སྐབས་དེའི་ཝུའུ་ཧན་ཅིན་ཡུན་ཐན་སྨན་ཁང་གི་ཡོན་ཀྲང་ཀྲང་ཏིན་ཡུས་ཀྱིས་སྨན་ཁང་གི་ཕྱོགས་བསྡུས་ནད་ཁུལ་གྱི་ཐོག་ཁང་དུ་འབྲེལ་གཏུག་དང་མཐུན་སྦྱོར་གྱི་བྱ་བ་སྤེལ་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།
ཁོང་ཚོའི་ཁྲོད་དུ“མི་དམངས་ཀྱི་དཔའ་བོ”ཀྲང་ཏིན་ཡུས་ཡོད་ཅིང་། རིམས་ནད་བྱུང་རྗེས། ཤ་གྲིམ་འཁུམ་འདུའི་ནད་ཕོག་ཡོད་པའི་སྐབས་དེའི་ཝུའུ་ཧན་ཅིན་ཡུན་ཐན་སྨན་ཁང་གི་ཡོན་ཀྲང་ཀྲང་ཏིན་ཡུས་གོམ་པ་བརྟན་པོའི་ངང་ནད་ཁང་དུ་བསྐྱོད་དེ། “ཏང་དང་མི་དམངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ཆེད་རང་ཉིད་ཀྱི་ཡོད་ཚད་ལེགས་སྐྱེས་སུ་འབུལ་བར”གྲ་སྒྲིག་བྱེད་བཞིན་མཆིས།

2020ལོའི་ཟླ1པའི་ཚེས2ཉིན། “འབར་མདེལ་དཔའ་བོ” ཏུའུ་ཧྥུའུ་ཀོས(གཡོན)དང་འཐབ་གྲོགས་ཚོ་སྐམ་དམག་གི་དམག་ཁོངས་སྨན་པའི་སློབ་ཆེན་གྱི་ལུས་རྩལ་ཐང་དུ་རྒྱུག་བཞིན་ཡོད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཆོན་ཁྲའོ་ཡིས་པར་བླངས།
ཁོང་ཚོའི་ཁྲོད་དུ་འབར་མདེལ་དཔའ་བོ་ཏུའུ་ཧྥུའུ་ཀོས་ཡོད། “ཁྱོད་ཕྱིར་སྣུར་བྱོས་དང་ང་ཡོང་།” ལྷོ་ནུབ་མཐའ་མཚམས་ཀྱི་འབར་མདེལ་ཐང་དུ་ཁོང་རང་སྲོག་འཛེམ་མེད་ཀྱིས་མཆོང་ནས་རྒྱབ་ཀྱི་འཐབ་གྲོགས་སྲུང་སྐྱོབ་བྱས་པས། རང་ཉིད་ཀྱི་མིག་ལོང་པར་གྱུར་བ་དང་ལག་པ་མེད་པར་གྱུར།མི་གཅིག་གམ་ཡང་ན་མི་སྐོར་ཞིག་ཁྱོད་དང་ངའི་གམ་དུ་ཡོད། སྙིང་ཉེ་བའི་ཚོར་བ་སྦྱིན་བཞིན་ཡོད།
ལེ་ཧྥིན་གྱིས“ང་ནི་ཏང་གི་བུ་དང་མི་དམངས་ཀྱི་ལས་ཚེགས་པ་ཡིན”ཞེས་གསུངས་ཡོད། ཁོང་ཚོ་དང་ལེ་ཧྥིན་ནི་ཐུན་མོང་གི་ཐོབ་ཐང་མཚོན་རྟགས་ཡིན་པས་ཁེངས་སྐྱུང་ཡིན་ལ་སྤོབས་པ་ཡང་ཡོད།
ལེ་ཧྥིན་ཁ་གྱེས་པའི་ཉིན་མོ་ནས་བཟུང་། བབ་ཆགས་པའི་སེམས་གཏམ་རེ་རེས་ལེ་ཧྥིན་གྱི་སྙིང་སྟོབས་སྤྱིར་བཏང་མིན་པ་དང་རླབས་ཆེན་ཡིན་པ་གསལ་བཤད་བྱས་ཡོད།
དུས་ཡུན་རིང་པོའི་ཉམས་སད་ཐེག་པ་བརྒྱུད། མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིའི་ལྷད་མེད་བརྩེ་སེམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་མཛད་རྗེས་རྡོ་རིང་བསྐྲུན་ཡོད།
ཀྱག་ཀྱོག་གི་བརྒྱུད་ལམ་མང་པོ་བརྒྱུད་དེ་ནམ་ཡང་མི་རྣམས་ཀྱི་སེམས་ཁོང་དུ་ཉར་བའི་ཐུན་མོང་གི་དྲན་ཤེས་ནི་སྙིང་སྟོབས་གཅིག་སྡུད་དང་། རིན་ཐང་གཞལ་མེད། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་བཅས་ཡིན་པས། དུས་རབས་གསར་པར་སྔར་བཞིན་ཚུར་སྣང་དྲག་པོ་དང་མི་སེམས་འགུལ་བའི་འབོད་སྐུལ་བྱེད་ཀྱིན་ཡོད།
ལོ་ངོ་ལྔ་སྟོང་རིང་གི་ཕུལ་བྱུང་ཀྲུང་ཧྭའི་རིག་གནས་དང་གསར་བརྗེའི་རིག་གནས་ལ་བལྟས་ཚེ། དཔའ་བོ་གྲངས་མེད་ཀྱིས་ས་གཞི་ཆེན་པོར་ཞབས་ཀྱིས་བཅགས་ཤིང་། གུང་ཁྲན་ཏང་མིས་ལེ་ཧྥིན་གྱི་སྙིང་སྟོབས་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་གཏིང་མཐུག་པའི་མཁའ་དབྱིངས་སུ་ནམ་ཡང་རང་མདངས་མི་ཡལ་བའི་བསམ་བློའི་འོད་སྣང་འཚེར་བཞིན་ཡོད།
ལེ་ཧྥིན་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་། དུས་རབས་གསར་པའི་ཚེ་སྲོག་ལ་བསྔགས་བརྗོད་མུ་མཐུད་དུ་འབྲི་བཞིན་ཡོད།
“ལེ་ཧྥིན།”
“སླེབས་བྱུང་།”
མཛད་སྒོ་དེའི་རིགས་ལེ་ཧྥིན་འཚོ་བཞུགས་སྐབས་སུ་དུས་རབས་ཕྱེད་ཀ་ལྷག་ཙམ་ལ་རྒྱུན་བསྲིང་ཡོད། ཉིན་རེའི་མཚན་མོར་མིང་འདོན་པ་དང་། ཐེངས་དང་པོར་འབོད་པ་ནི་ལེ་ཧྥིན་ཡིན་ལ། བརྒྱ་ཤོག་ཡོངས་ཀྱི་དཔོན་དམག་གིས་མགྲིན་གཅིག་ཏུ་ཨ་ལན་སློག་བཞིན་ཡོད།

2012ལོའི་ཟླ4པའི་ཚེས7ཉིན། “ལེ་ཧྥིན་བརྒྱ་ཤོག”གིས་མཚན་མོའི་མིང་འདོན་བཞིན་པ། ཉིན་རེའི་མཚན་མོར་མིང་འདོན་པ་དང་། ཐེངས་དང་པོར་འབོད་པ་ནི་ལེ་ཧྥིན་ཡིན་ལ། བརྒྱ་ཤོག་ཡོངས་ཀྱི་དཔོན་དམག་གིས་མགྲིན་གཅིག་ཏུ་ཨ་ལན་སློག་བཞིན་ཡོད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཞིན་གྱིས་པར་བླངས།
“ལེ་ཧྥིན་གྱི་སྙིང་སྟོབས་ལ་བརྟེན་ནས་ལེ་ཧྥིན་གྱི་སྙིང་སྟོབས་དེ་མེས་རྒྱལ་གྱི་ས་གཞི་ཆེན་མོར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་དགོས།” སྐབས་དེ་དུས་ཀྱི“ལེ་ཧྥིན་བརྒྱ་ཤོག་གི”མཛུབ་ཁྲིད་པ་ཡིན་པའི་ཞེ་ཀྲིན་དབྱིས་ལ2014ལོའི་ཟླ3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐེངས་གཉིས་པའི་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྟེང་སྐུལ་ལྕག་གནང་བའི་སྐད་ཆ་དེ་དག་སེམས་སུ་བརྟན་པོར་ངེས་ནས་བྱ་སྤྱོད་སྤེལ་ཡོད།མི་བརྒྱ་ཤོག་ཏུ་ཞུགས་སྐབས། ཁོ་ཚོས“ལེ་ཧྥིན་གྱི་གསོག་འཇོག”གི་མིང་ཐོག་ནས་དཀའ་ངལ་སེལ་རོགས་དང་སློབ་སྐྱོར་ཞལ་འདེབས་ཕུལ་བ་དང་། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིར་ལས་སྒྱུར་བྱས་པ་དང་། ཁོ་ཚོས་ལས་རིགས་ཀྱི་དཔེ་དམག་དང་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་སྣེ་ཁྲིད་པ་སོགས་བརྩོན་ལེན་བྱས་ཏེ། ལོ་མང་པོའི་རིང་ལ། “ལེ་ཧྥིན་བརྒྱ་ཤོག”གི་དཔོན་དམག་ཚོས་ལེ་ཧྥིན་གྱི་སྙིང་སྟོབས་ལག་བསྟར་བྱ་རྒྱུ་དེ་བློ་བརྟན་འགྱུར་མེད་ཀྱི་མི་ཚེའི་གདམ་གར་བརྩི་བཞིན་ཡོད།
བདེན་ལེགས་མཛེས་གསུམ་གྱི་སྙིང་སྟོབས་ནམ་ཡང་འགྱུར་བ་མེད་ལ། ལེ་ཧྥིན་སྙིང་སྟོབས་ཏེ་དཔལ་འབར་ལྟར་མི་རྣམས་ཀྱི་སེམས་སུ་འོད་སྣང་སྦྱིན་ནས་སྤྱི་ཚོགས་ཀྱི་ཕྱོགས་གང་སར་དྲོད་འཁོལ་བསྩལ་ཡོད།

2023ལོའི་ཟླ2པའི་ཚེས5ཉིན། ཀོང་ཞིས་པིན་དབྱང་རྫོང་ལི་ཐང་གྲོང་རྡལ་ལེའང་སྡེ་བའི་པིན་དབྱང་ས་ཚུགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒན་མོ་ཧོང་ཨའེ་མིན་ཁྱིམ་ནས་སྒོ་རུ་ཁྲིད་བཞིན་པ། ལོ92ལ་སླེབས་པའི་རྒན་མོ་ཧོང་ཨའེ་མིན་ནི་ས་གནས་དེ་གའི་ལྔ་སྐྱོང་ཁྱིམ་ཚང་གི་རྒན་མོ་ཞིག་རེད། ལོ་ངོ་བཅུ་ལྷག་གི་རིང་ལ། གཟའ་མཇུག་དང་དུས་ཆེན་སོགས་ཀྱི་གུང་གསེང་སྐབས་སུ་མངགས་གཏོང་ཁང་གི་གཞོན་ནུ་ཉེན་རྟོག་པ་དང་། དང་བླངས་པས་འཚོ་བའི་མཁོ་ཆས་ཁག་ཅིག་འཁྱེར་ནས་རྒན་མོ་ལ་ལྟ་རུ་འགྲོ་བ། ཁོ་མོ་དང་མཉམ་དུ་ཁ་བརྡ་བྱེད་པ་དང་ཁྱིམ་ལས་ལས་རོགས་བྱེད་ཀྱིན་ཡོད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལུའུ་པོ་ཨན་གྱིས་པར་བླངས།
ཐེན་ཅིན་གྱི་རྒན་པོ་པའེ་ཧྥང་ལི་ཡིས་རྐང་གསུམ་འཁོར་ལོ་སྐོར་ནས་དབུལ་ཕོངས་སློབ་མར་རོགས་རམ་བྱས་པས། བྱིས་པ300ལྷག་ཙམ་སློབ་གྲྭར་བསྐྱོད་པའི་ཕུགས་འདུན་མངོན་འགྱུར་བྱུང་། ཧི་ནན་ཀྲིན་ཀྲིག་གི་ཏིན་ཡོན་ཞིན་གྱི“གླ་གཏོང་རླངས་འཁོར་ལེ་ཧྥིན་རུ་ཁག”སྲང་ལམ་ཆེ་ཆུང་གང་སར་བསྐྱོད་ནས། མང་ཚོགས་མི་ཐེངས་འབུམ་གཅིག་ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། ཧྲི་ཅ་ཀྲོང་གི“ལེ་ཧྥིན་ཨ་ཡེ”ཅིན་གོ་ཧྥང་གིས་ལས་འཁྱུར་ངལ་གསོ་བྱས་རྗེས་སྡེ་ཁུལ་གྱི་སྡོད་དམངས་ལ་ལོ་ངོ་སུམ་ཅུའི་རིང་ལ་ཞབས་འདེགས་ཞུས།
དུས་ནམ་ཡང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་ཡིད་སྨོན་བྱས་པའི་རྐྱེན་གྱིས་ལེ་ཧྥིན་སྙིང་སྟོབས་དེ་ཁུར་མོང་གི་ས་བོན་དང་འདྲ་བར་ཀྲུང་གོའི་ས་གཞི་ཆེན་མོར་རྩ་བ་ཚུགས་པ་དང་མང་ཚོགས་ཀྱི་སེམས་སུ་བཞག་ཡོད།

2022ལོའི་ཟླ3པའི་ཚེས7ཉིན། ནན་ཅིང་ལྷོ་ཕྱོགས་འབབ་ཚུགས་སུ“158”ལེ་ཧྥིན་ཞབས་ཞུ་ས་ཚིགས་ཀྱི་ལས་བཟོ་བ་ཀུའུ་ཅོན་གྱིས་ལོང་བ་ཡུལ་སྐོར་བ་སོགས་དང་མཉམ་དུ་མེ་འཁོར་ས་ཚུགས་སུ་སྒུག་ནས་བསྡད་ཡོད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅི་ཁྲུན་ཕུང་གིས་པར་བླངས།
“ཁྱེད་རང་ལ་སོ་ལྟ་ཡི་གེ་གསར་པ་ཞིག་ཡོད་པ་དེ་བདེ་བླག་ངང་བདག་སྤྲོད་བྱས་ནས་འབྲེལ་ཡོད་ཐག་གཅོད་ཚན་པར་མངགས་གཏོང་བྱེད་བཞིན་ཡོད།” ལེ་ཧྥིན་གྱི་ཕ་ཡུལ་ཧུའུ་ནན་ཁྲང་ཧྲ་ཝང་ཁྲིན་ཁུལ་དུ“ལེ་ཧྥིན་གྱི་སོ་སྲུང”བཟོ་སྐྲུན་གསར་གཏོད་དང་ཁྱབ་གདལ་བཏང་བར་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།“པི་པིའི”སྒྲ་གྲགས་མ་ཐག་བྱ་བ་ཐམས་ཅད་ལ་འགན་ཁུར་མཁན་ཡོད་པས། གཞི་རིམ་བཅོས་སྐྱོང་གི“མཇུག་མཐའི་སྤྱི་ལེ་གཅིག”བདེ་བླག་ངང་སེལ་བ་མ་ཟད། ད་དུང་སྡེ་ཁུལ་འཆམ་མཐུན་དང་སྤྱི་ཚོགས་དཔལ་ཡོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
“ལེ་ཧྥིན་ནི་དུས་རབས་ཀྱི་མིག་དཔེ་ཡིན་ལ། ལེ་ཧྥིན་གྱི་སྙིང་སྟོབས་ནི་རྟག་བརྟན་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པར་དུས་རབས་ཀྱི་མིག་དཔེ་སྔར་ལས་མང་པོ་ཞིག་དགོས།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་གྱིས་འབད་འཐབ་དང་བརྟན་སྲུང་སྔར་ལས་བཟང་པོ་བྱེད་པར་སྟོབས་ཤུགས་བསྩལ་ཡོད།
“ལེ་ཧྥིན་དང་བླངས་ཞབས་ཞུ་རུ་ཁག”དང“གླ་གཏོང་རླངས་འཁོར་ལེ་ཧྥིན་རུ་ཁག”གང་ཡིན་པ་དང་། ཡང་ན“ལེ་ཧྥིན་མངགས་གཏོང་ཁང”དང“ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་དཔེ་སྟོན་ས་ཚིགས།” ལེ་ཧྥིན་གྱི་ཕ་ཡུལ་ནས་ཀྲུང་གོའི་ས་གཞི་ཆེན་པོའི་བར་ལས་རིགས་སོ་སོས་ལེ་ཧྥིན་གྱི་མིང་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཚད་གཞིའི་ལག་ལེན་བསྟར་མཁན། སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་གསར་གཏོད་བྱེད་མཁན་བཅས་བརྩོན་ལེན་བྱས་པ་དང་། དང་བླངས་ཀྱི་སྙིང་སྟོབས་མཚོན་བྱེད་དུ་བྱས་པའི་ལེ་ཧྥིན་གྱི་སྙིང་སྟོབས་ཏེ་དུས་རབས་གསར་པའི་ནང་སྔར་ལས་ལམ་སྲོལ་གསར་པ་ཞིག་ཏུ་ཆགས་ཡོད།

2015ལོའི་ཟླ9པའི་ཚེས29ཉིན། “ཏུན་ཧོང་གི་བུ་མོ”ཧྥན་ཅིན་ཧྲི་ཏུན་ཧོང་མའོ་ཀའོ་བྲག་ཕུག་ཏུ་བསྡད་ཡོད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུང་ཀྲི་ཅོན་གྱིས་པར་བླངས།
2023ལོའི་དཔྱིད་གསར་དུས་ཆེན་སྐབས། “ཏུན་ཧོང་གི་བུ་མོ”ཧྥན་ཅིན་ཧྲེ་ཡིས་སྔར་བཞིན་མའོ་ཀའོ་བྲག་ཕུག་ཏུ་འདུག་པར་སེམས་ཐག་བཅད་ཡོད། ལོ84ལ་སླེབས་པའི་རྒན་མོ་དེས་ལོ50ལྷག་ཙམ་རིང་གི་ལང་ཚོ་བྱེ་ཐང་དུ་སྤྱད་པ་དང་། ཁོ་མོས་ད་དུང་དུས་ཚོད་ཀྱི་མདུན་དུ་གྲངས་ཀ་ཅན་གྱི་བྱ་ཐབས་ལ་བརྟེན་ནས་མའོ་ཀའོ་བྲག་ཕུག་གི“ལང་ཚོ་ཉམས་པ་མེད་པ”མངོན་འགྱུར་བྱེད་བཞིན་ཡོད།མི་སྒེར་དང་ཁྱིམ་གཞིས། རང་དོན་དང་གཞན་ཕན་སོགས་ལེ་ཧྥིན་གྱིས་དེ་སྔོན་དོན་གཉེར་བྱེད་པའི“གསོན་པོར་སྡོད་པའི་དོན་སྙིང”ཞེས་པ་དང་། དུས་རབས་གསར་པར་ཚེ་སྲོག་གི་བསྔགས་བརྗོད་སྙན་ངག་ཅིག་མུ་མཐུད་དུ་འབྲི་བཞིན་ཡོད།
ཡོན་ཧྲི་ལིན་ཅོན་ཏི་སྐུ་གཤེགས་པའི་དུས་སུ་སྔར་བཞིན་དབྱང་རླུང་གི་ངོ་ཤུབས་གྱོན་ཞིང་སྦུ་གུ་བཙུགས་ཏེ་བྱ་བ་སྒྲུབ་པའི་ནད་ཁང་དང་། ཝང་ཅིས་ཚའེ་ཡིས་ཁའེ་ཧྲན་གླིང་ཕྲན་སྲུང་སྐྱོང་བྱས་ནས་ལོ32འཁོར་བ། སི་ཁྲོན་ལྕགས་ཟམ་རྫོང་དུ་ས་ཡོམ་བྱུང་རྗེས་ལའོ་ཡུང་དང་ཀན་ཡུས་ཀྱིས་ཞ་ཡུག་སྡེ་བ་རུ་ཆུ་ལོག་ལས་མི་མང་པོ་བསྐྱབས་པ་སོགས་ཀྱི་མིག་དཔེ་ཡིས་མི་རྣམས་ལ་མཆི་མ་འཁོར་བ་དང་རླབས་ཆེན་གྱི་སྙིང་སྟོབས་ཀྱིས་སྐྱེ་བོ་ཀུན་གྱི་ཡིད་དབང་བཀུག་ཡོད།
མི་གཅིག་ལས་གནས་གཅིག་དང་མི་ཚེ་གཅིག་ལ་དོན་དག་གཅིག སྤྱིར་བཏང་གི་དོན་དག་ཆུང་ཆུང་རྣམས་ཕུན་སུམ་ཚོགས་པོ་ཡོང་ཐུབ་པ་དང་། ཆུ་ཕྲན་ཞིག་ཆུ་ཕྲན་གཞན་ཞིག་བཞུར་ན་གཙང་པོ་ཞིག་ཏུ་འགྱུར་ངེས་རེད།

2022ལོའི་ཟླ3པའི་ཚེས5ཉིན། ཅང་སུའུ་ཞིང་ཆེན་ཡང་ཀྲིག་གྲོང་ཁྱེར་ཅང་ཏུའུ་ཆུའུ་ཡི་ཧྲོང་ཡུང་སྤྱི་གླིང་དུ་ཅང་ཏུའུ་ཆུའུ་སློབ་འབྲིང་གཉིས་པའི་སློབ་མས་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་ཁྲོད་གད་སྙིགས་འཐུ་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་རིན་ཧྥེ་ཡིས་པར་བླངས།
སྤྱི་ཕན་རྩ་འཛུགས་ཀྱི་སྒོ་བརྡུངས་ནས་དང་བླངས་པའི་རེའུ་མིག་ཅིག་བྲིས་ཏེ། རོགས་རམ་བྱེད་དགོས་པའི་ཁྱིམ་མཚེས་གཡས་གཡོན་ལ་དུས་ཐོག་ཏུ་རོགས་རམ་བྱས་ནས། རྒྱུན་ལྡན་གྱི་རང་འཁྲིའི་བྱ་བའི་ཁྲོད་འབད་འབུངས་ལྷོད་མེད་བྱེད་ཀྱིན་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། “ང་ཚོས་ལེ་ཧྥིན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་ལ་ལེ་ཧྥིན་གྱི་བྱེད་སྟངས་ལའང་སློབ་སྦྱོང་བྱས་ནས། བླ་ན་མེད་པའི་ཕུགས་བསམ་དད་སེམས་དང་ཀུན་སྤྱོད་གཤིས་རྒྱུད་དོན་གཉེར་བྱ་རྒྱུ་དེ་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བར་བྱེད་པ་དང་། སྤྱིར་བཏང་གི་བྱ་བ་དང་འཚོ་བའི་ཁྲོད་མཚོན་པར་བྱས་ནས་རང་ཉིད་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ་དང་། ལེ་ཧྥིན་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།”
ཉེ་སྔོན། རྣམ་པ་གསར་རྐྱང་གི་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་ཏེ་ཀྲེ་ཅང་ཞིང་ཆེན་གྱི“ལེ་ཧྥིན་སློབ་ཆུང”དང་པོ་སྟེ། ཅིན་ཧྭ་གྲོང་ཁྱེར་ཅིན་ཏུང་ཁུལ་གྱི་ཧྲུའུ་ཀོང་སློབ་ཆུང་དུ་སྤེལ་བ་རེད།
“ང་ནི་ལེ་ཧྥིན་སློབ་ཆུང་གི་སློབ་མ་ཞིག་ཡིན། ང་རང་ལེ་ཧྥིན་གྱི་རྗེས་སྙེག་པའི་ན་གཞོན་ཞིག་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན།”
སྤྲོ་སེམས་རབ་ཏུ་འཁོལ་བའི་བྱིས་པའི་སྐད་སྒྲ་སློབ་གྲྭའི་ར་སྐོར་ཡོངས་སུ་གྲགས་པ་དང་། ལེ་ཧྥིན་ལོ་ན་ཆུང་ལ་དཔའ་ངར་ཆེ་བའི་སྐུ་བརྙན་གྱི་མདུན་དུ་སློབ་གྲོགས་ཚོས་གཟི་བརྗིད་ལྡན་པའི་སྒོ་ནས་ལང་ཚོའི་དམ་བཅའ་བཞག
རྒྱལ་ས་པེ་ཅིང་གྱི་ཧའེ་ཏེན་ཚོད་ལྟའི་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་གིས་སློབ་གསེང་དུས་ཚོད་སྤྱད་དེ་འོས་འགན་ངལ་རྩོལ་དང་སློབ་གྲྭར་གཙང་སྦྲ་བྱས། ཧྲན་ཏུང་ཙའོ་ཀྲོང་མི་དམངས་ལམ་གྱི་སློབ་ཆུང་གི་དགེ་སློབ་ཚོས་སྡེ་ཁུལ་དུ་གད་སྙིགས་འཐུས། སི་ཁྲོན་དབྱི་པིན་ཁྲུང་ཝུན་ཚོད་ལྟའི་སློབ་ཆུང་གི་དང་བླངས་པ་ཚོས་རྒན་གསོ་ཁང་གི་རྒན་རྒོན་ཚོར་དྲོད་འཁོལ་སྦྱིན།
མཚན་སྙན་ནི་རྒྱུན་འཛིན་བྱས་པས་ཉམས་པ་མེད་ཅིང་། མཛད་རྗེས་རྡོ་རིང་ནི་འབད་འཐབ་བྱས་པས་ནམ་ཡང་གནས་སྲིད།
ཤུགས་དྲག་པོའི་ལོ་རྒྱུས་བརྒྱུད་དེ་ལེ་ཧྥིན་གྱི་སྙིང་སྟོབས་སྔ་མོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་དུ་ཟབ་མོར་འདྲེས་པ་དང་། ཀྲུང་གོ་མི་དམངས་ཀྱི་གཏིང་ཤུགས་བརྟན་པོ་ཞིག་མདུན་སྐྱོད་ཀྱི་དུས་རབས་ཀྱི་རླབས་རྒྱུན་ནང་ཞུགས་ཡོད།
བརྗིད་རླབས་ཆེ་བའི་མ་འོངས་པར་ཁ་ཕྱོགས་ཚེ། མི་རིགས་བསྐྱར་དར་གྱི་རླབས་ཆེན་གྱི་སྐྱོད་ལམ་གསར་པའི་སྟེང་སྐྱོད་སྐབས། ལེ་ཧྥིན་གྱི་སྙིང་སྟོབས་ལ་སྔར་ལས་བཀྲག་མདངས་ཆེ་བའི་འོད་ཟེར་འཕྲོ་ཐུབ་ངེས་ཡིན་པ་དང་། དུས་རབས་གསར་པའི་བརྗིད་ཆེའི་སྟོབས་ཤུགས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།