བོད་ཀྱི་འོན་ཅང་རྡོའི་གནའ་ཤུལ་རྒྱལ་ཡོངས་ཀྱི་དཔྱད་འདེམས་རྣམ་གྲངས22ལས་མཐའ་མའི་དཔྱད་འདེམས་ནང་ཚུད།

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2023-03-03 10:10:15 ཀློག་གྲངས།:
       ཟླ2ཚེས27ཉིན། 2022ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ཐོག་མའི་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་ཤིང་། འདེམས་ཤོག་འཕངས་པའི་འབྲས་བུ་ལྟར་ན། རྣམ་གྲངས22ལས་མཐའ་མའི་དཔྱད་འདེམས་ནང་ཚུད་པ་ལས། བོད་ཀྱི་ཆུ་ཤུར་གྱི་འོན་ཅང་རྡོའི་གནའ་ཤུལ་ཚུད་འདུག
འོན་ཅང་རྡོའི་གནའ་ཤུལ་གནས་ཡུལ།
       འོན་ཅང་རྡོའི་གནའ་ཤུལ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་ཀྱི་སྤྱི་ལེ30ལྷག་ཙམ་གྱི་ཆུ་ཤུར་རྫོང་ཚལ་སྣ་ཤང་ཚལ་སྣ་གྲོང་ཚོར་ཡོད་ཅིང་། བྱང་ཤར་ལྷོ་གསུམ་རི་བོས་བསྐོར་བ་དང་ནུབ་ངོས་ཀྱི་སྤྱི་ལེ2ཙམ་གྱི་སར་ལྷ་སའི་སྐྱིད་ཆུ་དལ་གྱིས་རྒྱུག་བཞིན་ཡོད།
བར་སྣང་ནས་པར་བླངས་པའི་འོན་ཅང་རྡོའི་གནའ་ཤུལ།
       2021ལོ་དང2022ལོར། ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་དང་། ཆུ་ཤུར་རྫོང་རིག་དངོས་ཅུས། དགའ་ལྡན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་གཞོགས་འདེགས་འོག ཧྲའན་ཤིས་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ། ནུབ་བྱང་སློབ་ཆེན་རིག་གནས་ཤུལ་བཞག་སློབ་གླིང་བཅས་ཀྱིས་མཉམ་དུ་གནའ་ཤུལ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
འོན་ཅང་རྡོའི་གནའ་ཤུལ་གྱི་ཁུལ་དང་པོའི་ལྷོ་ནུབ་ཀྱི་མཆོད་རྟེན།
       ཁང་ཤུལ་དང་། རྩིག་རྨང་། མཆོད་རྟེན་གྱི་ཞབས་ར་སོགས་གནའ་ཤུལ22སྔོག་འདོན་ཐུབ་ཡོད་ཅིང་། གནའ་ཤུལ་གྱི་དུས་རབས་རགས་ཙམ་རྟོགས་ཡོད་ལ། ཤུལ་དངོས་ཀྱི་མ་དཔེ800ལྷག་ཙམ་རག་པ་རེད།
རྫ་ཁོག་གི་ལྷུང་བཟེད་ཁ་གཅོད་ཅན་དང་། ཟངས་ཀྱིས་བཏུམས་པའི་གཡག དོམ་གཟུགས་ཀྱི་འཇིམ་བརྙན།
ལྷ་བབས་མཆོད་རྟེན་གྱི་ཚ་ཚ།
གཡུ་རྩི་བཏང་བའི་རྫ་ལེབ་ཀྱི་ཆག་དུམ།
མེ་ཏོག་པད་མ་བཀོད་པའི་སོ་ཕག་ཆག་དུམ།
       སྤྱི་ཡོངས་ནས་བལྟས་ན། འོན་ཅང་རྡོའི་གནའ་ཤུལ་དུ་རིག་གནས་ཀྱི་རྣམ་པ་ཅུང་ཟབ་པ་དང་། དུས་སྐབས་སོ་སོའི་རྗེས་ཤུལ་ཉར་ཚགས་ལྟོས་བཅས་ཅུང་ཡག་པོ་ཡོད་པ་མ་ཟད། ས་འོག་དང་རྗེས་ཤུལ་ནང་དུ་ཤུལ་དངོས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། གནའ་ཤུལ་གྱི་གྲུབ་ཆ་གཙོ་བོ་ནི་སྤུར་རྒྱལ་བཙན་པོའི་དུས་སྐབས་ཀྱི་ཡིན་པ་དང་། དེའི་སྐོར་ལ་ཚད་ལྡན་ཡིག་ཆ་ཁག་ཏུ་ལོ་རྒྱུས་ཀྱི་ཟིན་ཐོ་ཅུང་ཁ་གསལ་བཀོད་ཡོད་ལ་གནའ་རྫས་རྟོག་ཞིབ་ཀྱི་སྔོག་འདོན་བྱེད་རིང་སྔ་མའི་བཟོ་བཀོད་རྗེས་ཤུལ་དང་ཤུལ་དངོས་མང་པོའང་ཐོན་ཡོད། ཐེངས་དང་པོར་བརྒྱུད་རིམ་ལྡན་པའི་བརྟག་དཔྱད་དང་སྔོག་འདོན་བྱས་པའི་སྤུར་རྒྱལ་བཙན་པོའི་དུས་ཀྱི་རིམ་མཐོའི་བཟོ་བཀོད་ཀྱི་གནའ་ཤུལ་ཡིན་པའི་ངོས་ནས། དུས་རབས་བརྒྱད་པ་དང་དགུ་པའི་སྤུར་རྒྱལ་བཙན་པོའི་དུས་ཀྱི་རིམ་མཐོའི་བཟོ་བཀོད་དང་། ལག་ཤེས་བཟོ་ལས། ནང་བསྟན། ཕྱི་ཕྱོགས་སྤེལ་རེས་སོགས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།