རྩོམ་རིག་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ།:མཚོ་ལྷོ་ཁུལ་རྩོམ་སྒྱུ་ལྷན་ཚོགས
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2023-03-15 16:59:51
ཀློག་གྲངས།:
༄༅། །མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རྩོམ་རིག་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།


དེ་ཡང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་ཆེད། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས«མཚོ་ལྷོ་རྩོམ་རིག»(རྒྱ་ཡིག་དེབ)དང«ཁྲི་ཤོར་རྒྱལ་མོ»(བོད་ཡིག་དེབ)གཉིས་ཀྱི་སྟེང་དུ། ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བརྗོད་དོན་རྩོམ་ཡིག་བསྡུ་བའི་བྱ་འགུལ་ཐེངས་གཅིག་སྤེལ་རྩིས་ཡོད།
གཅིག རྩོམ་བསྡུའི་ནང་དོན།ཐེངས་འདིའི་རྩོམ་བསྡུའི་བྱ་འགུལ་གྱི་བརྗོད་དོན་ནི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་ཡིན་པས། རྩོམ་ཡིག་གི་བརྗོད་བྱ་ཡང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་ལ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ། རིག་གནས་རྒྱུད་འཛིན། དམངས་འཚོ་བསྒྱུར་བཅོས། སྐྱེ་ཁམས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སུ་བླངས་པའི་ཁྱད་འཕགས་ཀྱི་གྲུབ་འབྲས་ཡིན་དགོས།
གཉིས། རྩོམ་བསྡུའི་རེ་བ།
༡ རྩོམ་ལུས་ལ་སྒྲུང་གཏམ་དང་ལྷུག་རྩོམ། ལྷུག་རྩོམ་སྙན་ངག སྙན་ངག སྙན་ཞུའི་རྩོམ་རིག
༢ སྒྲུང་གཏམ་ལ་ཡིག་གྲངས10000ནང་ཚུད་དང་། ལྷུག་རྩོམ་དང་སྙན་ཞུའི་རྩོམ་ཡིག་ལ་ཡིག་གྲངས4000ནང་ཚུད། ལྷུག་རྩོམ་སྙན་ངག་དང་སྙན་ངག་ལ་ཐིག་ཕྲེང80ནང་ཚུད་ཡིན་དགོས།
༣ བདམས་ཐོན་བྱུང་བའི་རྩོམ་ཡིག་དུས་དེབ་ཏུ་འགོད་རྒྱུ་མ་ཟད་རྩོམ་ཡོན་ཀྱང་སྟེར་རྒྱུ་ཡིན།
གསུམ། རྩོམ་བསྡུའི་དུས་ཚོད།
2023ལོའི་ཟླ4བའི་ཚེས20ཉིན་ཡར་སྔོན།
བཞི། རྩོམ་ཡིག་བསྐུར་སྟངས།
«མཚོ་ལྷོ་རྩོམ་རིག»(རྒྱ་ཡིག་དེབ) hnwx2021@126.com
«ཁྲི་ཤོར་རྒྱལ་མོ»(བོད་ཡིག་དེབ) cxjmbjb@126.com
ལྔ། གསལ་བཤད།
རྩོམ་ཡིག་བསྐུར་ཡོང་དུས། ངེས་པར་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རྩོམ་ཡིག་ཅེས་འགོད་དགོས་པ་དང་། རྩོམ་པ་པོའི་རུས་མིང་དང་སྡོད་གནས། ཁ་པར་ཨང་གྲངས་སོགས་ཀྱང་གསལ་བོར་འབྲི་དགོས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས།
2023ལོའི་ཟླ3པའི་ཚེས15ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།