ངོས་དང་པོ > སྐབས་དོན། > སྣ་ཚོགས། > སྡེ་ཆེན་རྩེད་ར་རྟགས་མའི་ལ་གཞས་འགྲན་ཚོགས་སྐབས་བརྒྱད་པ་བསྡུ་བའི་བརྡ་སྦྱོར།
སྡེ་ཆེན་རྩེད་ར་རྟགས་མའི་ལ་གཞས་འགྲན་ཚོགས་སྐབས་བརྒྱད་པ་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས།
དུས་ཚོད།:2023-04-06 09:38:36
ཀློག་གྲངས།:
སྐད་ངག་འབྲུ་གསུམ་གྱི་ས་ལམ་ཟིན་པའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་རྣམ་པ།
ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བང་མཛོད་ཆེན་མོ་ལས། བོད་ཀྱི་དམངས་ཁྲོད་ངག་རིག་སྒྱུ་རྩལ་ཏེ། མེས་པོ་རབ་བརྒྱུད་ནས་བློ་གྲོས་ཀྱི་རྩལ་དང་ལྷན་སྐྱེས་ཀྱི་ངག བརྩེ་མདངས་ཀྱི་རི་མོར་འཁྲུངས་བའི་སྲོལ་རྒྱུན་ལ་གཞས་འཚོལ་སྡུད་དང་སྒྲ་ཕབ། ལེགས་སྒྲིག རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏང་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་མི་འགྱང་བར་སྡེ་ཆེན་རྩེད་ར་རྟགས་མའི་ལ་གཞས་འགྲན་ཚོགས་སྐབས་བརྒྱད་པ་བསྡུ་བའི་བརྡ་སྦྱོར་འདི་ཆེད་དུ་སྤེལ་བ་ཡིན། ད་ལོའི་ཐོག་མཐའ་བར་གསུམ་གྱི་གླུ་བ་གླུ་མ་བསལ་འདེམ་གྱི་ཁྱབ་ཁོངས་སུ་རང་ཞིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ལས་གཞན། མཚོ་ཤར་ས་ཁུལ་ཡང་གསར་དུ་ཁ་སྣོན་བྱས་ཡོད། ད་རེའི་སྡེ་ཆེན་རྩེད་ར་རྟགས་མའི་ལ་གཞས་འགྲན་ཚོགས་སྐབས་བརྒྱད་པ་ནི། སྐབས་སྔོན་མ་དག་དང་བསྡུར་ན་གླུ་བ་གླུ་མ་ཟབ་ཞུགས་ཀྱི་གྲངས་ཀ་ལྡབ་འགྱུར་གྱིས་འཕར་སྣོན་བྱས་ཡོད་པར་མ་ཟད། ཐོག་མའི་བསལ་འདེམ་དུ་ཚུད་པའི་གླུ་བ་གླུ་མ་ཡོངས་ལའང་ལྟོས་བཅོས་ཀྱིས་དྲན་རྟེན་ལེགས་སྐྱེས་འོས་འཚམ་རེ་སྟེར་རྒྱུ་ཡིན་ལ། བསྐྱར་འགྲན་ནས་རྟིང་རྩོད་འགྲན་སྡུར་ཁྲོད་ཚུད་པའི་གླུ་བ་གླུ་མ་དག་ལ། སྔར་ལུགས་བཞིན་འགྲན་སྡུར་རྐྱང་བའི་ངོས་ཐད་ནས་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་མི་བགར་བར། སོ་སོའི་ཚངས་དབྱངས་སྙན་པའི་སྐད་ངག་གི་ཆ་རྐྱེན་དང་གསེར་ནག་རིལ་བུའི་གླུ་ཚིག་གི་ནོམ་ལ་གཞིགས་ནས་དམིགས་བསལ་གྱི་བྱ་དགའི་རྣམ་གྲངས་བགར་རྒྱུ་ཡིན། འདིར་ཆེད་དུ་གསལ་འདེབས་བྱ་རྒྱུའི་དོན་ཚན་འགའ་ནི་གཤམ་གསལ་ལྟར།
གཅིག སྡེ་ཆེན་རྩེད་ར་རྟགས་མའི་ལ་གཞས་འགྲན་ཚོགས་སྐབས་བརྒྱད་པ་ད་ལོའི་སྤྱི་ཟླ་ལྔ་པ་ནས་མགོ་བརྩམ་འཆར་ཡོད་ལ། བྱེ་བྲག་གི་གཏན་ཁེལ་དུས་ཚོད་སྐབས་དེ་དུས་ཡང་བསྐྱར་གསལ་བརྡ་གཏོང་ངེས།
གཉིས། འགྲན་ཞུགས་གོ་རིམ་ཁྲོད། གླུ་བ་གླུ་མ་ཚང་མས་སྲོལ་རྒྱུན་ལ་གཞས་ལེན་སྟངས་ཀྱི་འགྲོས་རིམ་ལྟར། ཐོག་མའི་རྩེད་མགོ་རྩོམ་པ་ནས་མཇུག་གི་བདེ་མོ་འཇོག་པའི་བར་གྱི་ཞིབ་ཆ་ཡོད་ཚད་ལྷག་ལུས་མེད་པར་ཐོན་པ་ལ་སྣང་འཇོག་གང་ལེགས་བྱ་དགོས།
གསུམ། སྡེ་ཆེན་རྩེད་ར་རྟགས་མའི་ལ་གཞས་འགྲན་ཚོགས་སྐབས་བརྒྱད་པའི་འགྲན་སྡུར་གྱི་དུས་ཡུན་ཅུང་རིང་བས། འགྲན་སྡུར་ལ་ཞུགས་མོས་ཀྱི་གླུ་བ་གླུ་མ་ཀུན་པོས་སྔ་ས་ནས་རང་ཉིད་ཀྱི་ལས་ཀ་འཐུས་ཤོར་མི་འགྲོ་བ་དང་བདེ་བླག་ངང་འགྲན་སྡུར་ལ་ཞུགས་ཆེད། དུས་ཚོད་བཀོད་སྒྲིག་ལ་ཡིད་འཇོག་བྱ་དགོས།
བཞི། གོང་དུ་གསལ་བཤད་བྱས་ཟིན་པ་ནང་བཞིན། རེབ་འདིའི་སྡེ་ཆེན་རྩེད་ར་རྟགས་མའི་ལ་གཞས་འགྲན་ཚོགས་སྐབས་བརྒྱད་པ་ནི་འགྲན་སྡུར་རྐྱང་རྐྱང་གི་ཁྱབ་ཁོངས་ལས་རིང་དུ་བརྒལ་ཏེ། གཙོ་བོ་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་དམངས་ཁྲོད་ལ་གཞས་འཚོལ་སྡུད་ལེགས་སྒྲིག་བྱེད་པ་དམིགས་སུ་བཟུང་ཡོད་པས། དེ་སྔའི་སྐབས་སོ་སོའི་འགྲན་སྡུར་ཁྲོད་ཞུགས་ནས་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་གླུ་བ་གླུ་མ་ཡོངས་དང་ལྷག་པར་དུ་རྒན་རབས་གླུ་བ་གླུ་མ་དག་མཉམ་ཞུགས་བྱེད་པར་དགའ་བསུ་ཞུ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ནས་སྤྱི་ཟླ4པའི་ཚེས4ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།