༄༅། །ལུང་བཟང་ཞང་གིས་སློབ་རའི་བདེ་འཇགས་ལ་ཉེན་ཟོན་ལེགས་པོ་བྱས་ཏེ་བདེ་སྲུང་བྱ་བར་ཁག་ཐེག་བྱས།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-04-11 09:01:34 ཀློག་གྲངས།:
       སློབ་རའི་བདེ་འཇགས་སྲུང་སྐྱོང་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། སློབ་གྲྭའི་བདེ་འཇགས་ཉེན་ཟོན་ལས་དོན་ཏན་ཏིག་ངང་སྤེལ་བ། སློབ་རའི་ཁོར་ཡུག་གི་བདེ་འཇགས་དོགས་ཟོན་ཆུ་ཚད་བཅས་མཐོ་རུ་བཏང་སྟེ། སློབ་མར་སྐྱིད་སྣང་དང་དྲོ་སྐྱིད་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བཞེངས་སྐྲུན་བྱེད་ཆེད། ལུང་བཟང་ཞང་མངགས་གཏོང་ཁང་གིས་ཉེན་ཁ་སྔོན་འགོག་བྱེད་པ་དང་མི་མངོན་པའི་རྐྱེན་ངན་འབྱུང་སའི་གྱོད་གཞི་ཇེ་ཉུང་དུ་གཏོང་བའི་བདེ་འཇགས་སྲུང་སྐྱོང་གི་ལས་དོན་དང་ཟུང་འབྲེལ་ཟབ་མོ་བྱས་ཏེ། སློབ་རའི་བདེ་སྲུང་བྱ་བ་ལེགས་པོར་བསྒྲུབས་ཤིང་། སྦྱོར་བ་དངོས་ཀྱིས་སློབ་གྲྭའི་དོན་དངོས་དང་བསྟུན་ནས་སློབ་གྲྭའི་ཕྱོགས་ལ་འབྲེལ་གཏུག་ཧུར་ཐག་བྱས་ཤིང་། སློབ་གྲྭའི་བདེ་སྐྱོང་ལས་དོན་ལ་ནན་ཏན་སྒོས་སྐུལ་འདེད་བྱས་ཏེ། སློབ་གྲྭ་དང་ཉེ་འཁོར་གྱི་བདེ་འཇགས་བཅོས་སྐྱོང་དང་སྒྲིག་སྲོལ་བྱ་བ་བརྟན་བརླིང་ངང་སྤེལ།
       ལུང་བཟང་ཞང་མངགས་གཏོང་ཁང་གིས་སློབ་གྲྭའི་བདེ་འཇགས་བྱ་བར་དམིགས་ཏེ། སློབ་གྲྭའི་མཐའི་ཁོར་ཡུག་གི་འགྱུར་ལྡོག་ལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་། གནས་ཚུལ་ཁོང་དུ་ཆུད་པ། ཁྲིམས་འགལ་ཉེས་གསོག་སྔོན་འགོག་བཅས་ལ་དོགས་ཟོན་བྱས་ཤིང་། ལུང་བཟང་ཤང་བཅའ་སྡོད་སློབ་ཆུང་གི་གུང་གསེང་བར་སྐབས་དང་། སློབ་མགོ་ཚུགས་པའི་སྐབས་སུ། མི་དམངས་ཉེན་རྟོག་པ་བཀོད་སྒྲིག་བྱས་ནས་སློབ་གྲྭའི་སྒོ་ཁར་སློབ་སྲུང་ལས་རེས་བྱེད་པ་དང་། སློབ་སྲུང་ལས་དོན་ཧུར་ཐག་སྒོས་སྤེལ་ཏེ་སློབ་གྲྭའི་མཐའ་འཁོར་ནི་སྐོར་ཞིབ་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་སའི་གཙོ་གནད་ས་ཁུལ་དུ་བཟུང་སྟེ་སློབ་གྲྭའི་མཐའ་འཁོར་གྱི་སྐོར་ཞིབ་བྱ་བ་ཞིབ་ཚགས་ཅན་དུ་བཏང་ཞིང་། སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་མཐའ་འཁོར་གྱི་ཉེན་རྟོག་པའི་གྲངས་ཚད་མང་དུ་གཏོང་བ་སོགས་བྱས་ཏེ། སློབ་གྲྭའི་མཐའ་འཁོར་གྱི་བདེ་འཇགས་དང་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་སེལ་བ་དང་། སློབ་གྲྭ་དང་ཉེ་འཁོར་གྱི་གྱོད་གཞི་སྣ་ཚོགས་འབྱུང་བར་བཀག་སྡོམ་མཐའ་གཅིག་ཏུ་བྱས། དུས་མཚུངས་སུ་སློབ་མའི་ཁྱིམ་བདག་གི་ལུས་ཁམས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་དུས་རྒྱུན་གྱི་དཔེ་མཚོན་གྱོད་དཔེ་གཙོ་གནད་དུ་བཟུང་ནས་གྱོད་གཞི་བརྒྱུད་དེ་ཁྲིམས་ལུགས་ཤེས་བྱ་འགྲེལ་བཤད་བྱས་ཤིང་བདེ་འཇགས་སྐོར་ནས་གློག་འཁྱུག་པ་དང་། དུག་འགོག་སློབ་གསོ། མེ་ཟོན་བདེ་འཇགས་སོགས་སྒྲོག་འགྲེལ་བྱས་ལ། མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་སྐོར་ནས་སློབ་མར་བདེ་འཇགས་སློབ་གསོ་དྲིལ་བསྒྲགས་བྱས་ནས། རྒྱ་ཆེའི་དགེ་སློབ་རྣམས་ཀྱི་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། དྲིལ་བསྒྲགས་ཀྱི་མཁའ་དབུགས་ལེགས་པོ་བཞེངས་སྐྲུན་བྱས།
       སློབ་མགོ་ཚུགས་ཐེངས་རེར། སློབ་མ་རྣམས་གཅིག་བསྡུས་བྱེད་སའི་ས་ཚུགས་སུ། ལུང་བཟང་མངགས་གཏོང་ཁང་གིས་ཉེན་ཟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་མ་བདེ་འཇགས་ངང་སློབ་གྲྭར་འགྲོ་བ་དང་ཡུལ་ལ་ལོག་པར་འགན་ལེན་བྱས་ཤིང་། སློབ་གྲྭའི་མཐའ་འཁོར་གྱི་སྒྲིག་ལམ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཏེ་སློབ་གྲྭར་ཡོད་པའི་དགེ་སློབ་དང་ཁྱིམ་བདག་གི་བདེ་སྣང་དང་སྐྱིད་སྣང་། ཐོབ་སྣང་བཅས་མཐོ་རུ་བཏང་ཞིང་། སློབ་གྲྭའི་བདེ་འཇགས་དང་སློབ་སྦྱོང་གི་ཁོར་ཡུག་བརྟན་ཞིང་གོ་རིམ་ལྡན་པར་འགན་ནུས་ཐོབ་པས། སྤྱི་ཚོགས་དང་ཁྱིམ་བདག་གིས་བསྔགས་བརྗོད་ཐོབ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།