ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅། །པཎ་ཆེན་ཤངས་སྡེ་དགོན་པ་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིར་བདམས།
༄༅། །པཎ་ཆེན་ཤངས་སྡེ་དགོན་པ་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིར་བདམས།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-04-14 17:20:40
ཀློག་གྲངས།:

ཉེ་ཆར། ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་འགོ་ཁྲིད་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཁག་གསུམ་པར་མིང་བསྐོ་པའི་སྐོར་གྱི་ཆོད་དོན་ཐག་བཅད་ལྟར། གཏེར་ལན་རྫོང་པཎ་ཆེན་ཤངས་སྡེ་དགོན་པ་སོགས་ལས་ཁུངས་ཉེར་གཉིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཁག་གསུམ་པའི་མིང་ཐོར་བདམས་ཐོན་བྱུང་། དུས་མཚུངས་སུ་ཞོན་ཧྭ་རྫོང་གི་པཎ་ཆེན་སྐུ་ཕྲེང་བཅུ་བའི་དྲན་རྟེན་ཁང་སོགས་ལས་ཁུངས་བདུན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཁག་གསུམ་པར་ཚུད།

པཎ་ཆེན་ཤངས་སྡེ་དགོན་པར་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེ་བའི་སྲོལ་རྒྱུན་གྱི་དུས་ཡུན་རིང་བའི་ལོ་རྒྱུས་ཡོད་ལ། འཇར་འགོག་དམག་འཁྲུག་ལངས་རྗེས། སྐབས་དེར་ཤངས་སྡེ་དགོན་དུ་བཞུགས་པའི་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་དང་ས་གནས་མི་རིགས་ཀྱི་མདུན་ལམ་ལ་དོ་ཁུར་གནང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་འཇར་འགོག་ལས་དོན་ལ་རོགས་སྐྱོར་བྱེད་ཆེད། རང་ཉིད་ཀྱི་འགྲོ་གྲོན་དངུལ་ལོར་ལས་མ་དངུལ་སྒོར་སུམ་ཁྲི་ཡིས་འཇར་འགོག་ལས་དོན་ཐད་ལ་ཞལ་འདེབས་ཕུལ་བ་མ་ཟད། ཁོང་གིས་རང་དཔེ་གཞན་སྟོན་གྱིས་དགོན་པའི་བླ་གྲྭ་ཡོངས་ཀྱིས་ཟས་ཐུན་གཅིག་ཉུང་བཟའ་བྱེད་པ་དང་། གྱོན་པ་སྣ་གཅིག་ཉུང་གོན་བྱེད་པ། མི་རེ་རེའི་ཞལ་འདེབས་འབུལ་བ་དང་། མི་རེ་རེར་འཇར་འགོག་གི་སྟོབས་ཤུགས་འབུལ་བའི་བྱ་འགུལ་སྤེལ་བས། ཀྲུང་ཧྭ་མི་རིགས་ཀྱི་འཇར་འགོག་དམག་འཁྲུག་ལས་དོན་དང་། སྐབས་དེའི་མཚོ་སྔོན་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལ་ནུས་པ་གལ་ཆེན་ཐོན། བཅིངས་འགྲོལ་སྐབས་སུ། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཉིན་མོར། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཤངས་སྡེ་གཟིམ་ཤག་ཏུ་མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་ལ་བཀྲ་ཤིས་གློག་འཕྲིན་བཏང་སྟེ། སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པར་རྟེན་འབྲེལ་ཞུས་ཤིང་། གུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་རྒྱུའི་བསམ་པ་བསྟན།

པཎ་ཆེན་ཤངས་སྡེ་དགོན་པ་ནི་ཆིང་གོང་མ་ཆན་ལུང་ཁྲི་ལོ་ཞེ་བཞི་ལོའི་ལོ་མགོ་སྟེ་སྤྱི་ལོ1797ལོར་བཙུགས་པ་དང་། བོད་ཀྱི་ཆོས་སྲིད་གཙོ་འཛིན་རྣམས་བོད་ལྗོངས་སུ་རྒྱུ་བའི་སྒར་སའམ་བཞུགས་གནས་ཡིན་ལ། དགོན་པར་ས་གནས་གཉིས་སུ་དབྱེ་ཡོད་དེ། གཅིག་ནི་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་། གཅིག་གི་སྣེ་ལེན་ས་ཚུགས་ཡིན། པཎ་ཆེན་སྐུ་ཕྲེང་དགུ་པ་དང་སྐུ་ཕྲེང་བཅུ་བ་སོགས་འདིར་བཞུགས་མྱོང་བས། པཎ་ཆེན་ཤངས་སྡེ་དགོན་པ་ཞེས་པའི་མིང་ཐོགས་པར་བཤད།

ཉེ་བའི་ལོ་འགའི་ཚུན་ལ། པཎ་ཆེན་ཤངས་སྡེ་དགོན་པ་སྙིང་རྗེའི་ལས་གཞིའི་རྣམ་གྲངས་གང་མང་ལ་ཧུར་ཐག་གིས་ཞུགས་པ་སྟེ། 5.12ཟི་ཁྲོན་ཝུན་ཁྲོན་ས་འགུལ་དང་། 4.14ཡུའུ་ཧྲུའུ་ས་འགུལ་སོགས་བྱུང་རྗེས། དགོན་པས་རང་འགུལ་སྒོས་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་དངོས་རྫས་བསྐྱལ། གཏེར་ལམ་རྫོང་དུ་ཁངས་སྐྱོན་དང་ཆུ་ལོག་གིས་གནོད་སྐྱོན་ཐེབས་ཚེ། པཎ་ཆེན་ཤངས་སྡེ་དགོན་པས་ཐེངས་གང་མང་ལ་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་དངོས་རྫས་གྱ་ནོམ་པ་སྦྱིན་ཞིང་། དགོན་པའི་བྱམས་བརྩེའི་སྦྱོར་བ་ལ་རྒྱ་ཆེའི་མང་ཚོགས་ཀྱིས་བསྟོད་བསྔགས་ཐོབ་པས། པཎ་ཆེན་ཤངས་སྡེ་དགོན་པར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྒྱལ་གཅེས་ཆོས་གཅེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་སློབ་གསོའི་རྟེན་གཞིའི་གཟི་བརྗིད་མཚན་སྙན་གང་མང་ཐོབ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།