བོད་རིག་པའི་བང་མཛོད་དེ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་ཉི་གཞོན། དུས་ཚོད།:2023-05-19 08:12:41 ཀློག་གྲངས།:
       ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་དང་གཙོ་སྒྲུབ་བྱས་པའི་རྒྱལ་ཁབ་རིམ་པའི་དཔེ་སྐྲུན་ཁང་ཞིག་ཡིན་ལ། རང་རྒྱལ་གྱི་ཆེད་དུ་བོད་རིག་པའི་དཔེ་དེབ་དཔར་སྐྲུན་བྱེད་སའི་དབང་གྲགས་ལྡན་པའི་ལས་ཁུངས་ཤིག་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཀྱི་སྤྱི་ཕན་རང་བཞིན་གྱི་དཔེ་སྐྲུན་ལས་ཁུངས་བཞིའི་ཡ་གྱལ་ཞིག་ཡིན་པར་མ་ཟད། བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་རྒྱལ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་གྲུབ་འབྲས་ཐོ་འགོད་དང་བརྒྱུད་བསྒྲགས་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་རེད། དེ་ཡང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནི་སྤྱི་ལོ1986ལོར་དབུ་བརྙེས་ཤིང་། བགྲང་བྱ37ཙམ་གྱི་འཕེལ་རྒྱས་ཀྱི་གོམ་སྟབས་བརྒྱུད། དེང་དུས་བོད་ཡིག་དང་རྒྱ་ཡིག །དབྱིན་ཡིག་བཅས་ཀྱི་དཔེ་དེབ་རིགས1700ལྷག་དང་དཔེ་དེབ་ས་ཡ4ལྷག་པར་སྐྲུན་བྱས་པས། རྒྱལ་ཕྱི་ནང་དུ་ཤུགས་རྐྱེན་ཆེས་ཆེ་བའི་བོད་རིག་པའི་ཆེད་ལས་རིག་གཞུང་དཔེ་སྐྲུན་ལས་ཁུངས་ཤིག་ཏུ་གྲུབ་ཡོད།
«བསྟན་འགྱུར»དཔེ་བསྡུར་མ་ཐོག་མར་འགྲེམས་སྤེལ་ཞུ་བའི་མཛད་སྒོ།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དཔེ་སྐྲུན་ཁང་དུ་ཕེབས་ཏེ་བོད་རིག་པའི་དཔེ་སྐྲུན་ལས་ཀར་ཐུགས་ཁུར་གནང་བ།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ཧུང་ཐའོ་ལགས་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
       ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བོད་རིག་པའི་སྐོར་གྱི་དཔེ་དེབ་རྩ་ཆེན་གང་མང་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་ལས། དཔྲལ་བའི་མིག་ལྟ་བུ་ནི«བཀའ་བསྟན»དཔེ་བསྡུར་མ་ཡིན་པ་སྨོས་མ་དགོས་ལ། དེ་ནི་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཚན་ཞིབ་རྣམ་གྲངས་གལ་ཆེན་ཞིག་ཡིན། «བཀའ་འགྱུར»དཔེ་བསྡུར་མ་ནི་མ་དཔེའི་གླེགས་བམ་རེ་དེབ་རེ་བྱས་ཏེ་བསྒྲིགས་ཡོད་པ་དང་། དེབ་རེར་ཆ་སྙོམས་ཀྱི་ལྡེབ་གྲངས900ཙམ་ཡོད་ལ། དཀར་ཆག་ལ་དེབ2དང་གཞུང་དངོས་ལ་དེབ106བཅས་ཁྱོན་བསྡོམས་དེབ108ཡོད། «བསྟན་འགྱུར»དཔེ་བསྡུར་མ་ནི་ཕལ་ཆེར་མ་དཔེའི་གླེགས་བམ་གཉིས་རེ་དེབ་རེ་བྱས་ནས་བསྒྲིགས་པས། དེབ་རེར་ཆ་སྙོམས་ལྡེབ་གྲངས1500ཡོད་ཅིང་། དཀར་ཆག་དེབ4བཅས་བསྡོམས་པའི་དེབ124ཡོད། དེ་ཡང2008ལོའི་ཟླ10བར«བཀའ་བསྟན»དཔེ་བསྡུར་མ་ཡོངས་རྫོགས་པར་བསྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དངོས་སུ་འགྲེམས་སྤེལ་བྱས་པ་དང་། སྔ་གཞུག་ཏུ་སྐབས་གསུམ་པའི་རྒྱལ་ཁབ་ཀྱི་དཔེ་དེབ་བྱ་དགའ་དང་ཀྲུང་གོའི་བོད་རིག་པའི་ཇོ་མོ་གླང་མའི་བྱ་དགའ་སོགས་ཐོབ་མྱངས། གཞན་ཡང་། «ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་ལས་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ།»(དེབ25)དང«བོད་ལྗོངས་ལོ་རྒྱུས་ཆེན་མོ»(དེབ13) «མེས་པོའི་ཤུལ་བཞག»(ལེའུ131) «བོད་ཀྱི་མཁས་དབང་རིམ་བྱོན་གྱི་རྣམ་ཐར» «སྔ་རབས་མཁས་པའི་ལྗགས་རྩོམ་ཕྱོགས་བསྒྲིགས» «དེང་རབས་མཁན་པའི་གསུམ་རྩོམ་བདམས་བསྒྲིགས» «ཚིག་མཛོད་སྣ་ཚོགས» «བོད་ན་གཞོན་པའི་བརྩམས་ཆོས» «དེང་རབས་ཀྲུང་གོའི་བོད་རིག་པའི་ཡིག་མཛོད»སོགས་དཔེ་ཚོགས་རིན་ཐང་བྲལ་བ་གང་མང་པར་སྐྲུན་འགྲེམས་སྤེལ་བྱས་ཡོད།
བཀའ་བསྟན་དཔེ་བསྡུར་ཅུས་ཀྱི་ཆེད་མཁས་པ་རྣམས་ཀྱིས«བཀའ་བསྟན»དཔེ་བསྡུར་གྱི་ཕྱག་ལས་གནང་བཞིན་པ།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཝང་ཝེ་ཆང་གིས་ལས་གྲོགས་དང་མཉམ་དུ་ལས་ཀའི་སྐོར་ལ་གྲོས་བསྡུར་གནང་བཞིན་པ།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་པུའུ་ཡི་ཀྲུའུ་རེན་གཞོན་པ་ཚངས་པོས་ལས་གྲོགས་དང་མཉམ་དུ་ལས་ཀའི་སྐོར་ལ་གྲོས་བསྡུར་གནང་བཞིན་པ།
       «ཀྲུང་གོའི་བོད་རིག་པ»དུས་དེབ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་གིས་གཙོ་སྒྲུབ་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དང་པར་སྐྲུན་བྱས་པའི་སྤྱི་ཚོགས་ཚན་རིག་གི་ཁོངས་སུ་གཏོགས་པའི་རིག་གཞུང་དུས་དེབ་ཅིག་ཡིན་པར་མ་ཟད། རྒྱལ་ནང་གི་རྒྱལ་ཁབ་རིམ་པའི་བོད་རིག་པའི་ཁོངས་གཏོགས་ཀྱི་རིག་གཞུང་དུས་དེབ་ཉག་ཅིག་དེ་ཡིན། མིག་སྔར་བོད་ཡིག་དང་རྒྱ་ཡིག །དབྱིན་ཡིག་བཅས་ཀྱི་དཔར་གཞི་གསུམ་ཡོད་ལ། དེའི་རྩོམ་པ་པོ་དང་ཀློག་པ་པོ་ནི་བོད་ལྗོངས་དང་བོད་འབྲེལ་ས་ཁུལ་གཞན་དག །དེ་མིན་མཐོ་རིམ་སློབ་ཆེན་དང་རིག་གཞུང་སྡེ་ཁག་སོགས་འདུས་ཡོད་པས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཆེས་མཐོའི་ཆུ་ཚད་དང་ཆེས་གསར་པའི་གནས་ཚུལ་མཚོན་ཐུབ་བོ། །
པར་སྐྲུན་བྱས་པའི་དཔེ་དེབ་ཁག་ཅིག
པར་སྐྲུན་བྱས་པའི་གསུང་འབུམ་དང་བྱ་དགའ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།