མཚོ་སྔོན་གྱིས་གླིང་སྒྲུང་དེབ140ལྷག་ཙམ་དཔེ་སྐྲུན་བྱས་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-05-29 21:52:00
ཀློག་གྲངས།:
སྤྱི་ཚེས28ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་གེ་སར་ལོ་རྒྱུས་སྙན་ངག་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་མང་རིང་འཆར་གཞི་དང་བརྒྱུད་རིམ་ལྡན་པའི་སྒོ་ནས«གླིང་གེ་སར་རྒྱལ་པོའི་སྒྲུང»མྱུར་སྐྱོབ་སྲུང་སྐྱོབ་དང་། ལེགས་སྒྲིག ཡིག་སྒྱུར་དཔེ་སྐྲུན་སོགས་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས«གླིང་གེ་སར་རྒྱལ་པོའི་སྒྲུང»དེབ་ཁག140ལྷག་ཙམ་འཚོལ་བསྡུ་དང་། ལེགས་སྒྲིག དཔེ་སྐྲུན་བཅས་བྱས་པ་རེད། དེའི་ནང་ལག་བྲིས་མ་དང་། ཤིང་བརྐོས་མ། དེ་བཞིན་སྒྲུང་པའི་སྒྲུང་གླུ་སོགས80ལྷག་ཙམ་འཚོལ་བསྡུ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཕུལ་བྱུང་སྒྱུ་རྩལ་པའི་སྐོར་ཁག63ལེགས་སྒྲིག་དཔེ་སྐྲུན་བྱས་པ་རེད།
«གླིང་གེ་སར་རྒྱལ་པོའི་སྒྲུང»དང«ཧོ་མའི་ལོ་རྒྱུས་སྙན་ངག» «ཅིའར་ཅ་མེ་ཧྲི་ལོ་རྒྱུས་སྙན་ངག»བཅས་ལ་གོ་ལ་ཧྲིལ་པོའི་ལོ་རྒྱུས་སྙན་ངག་རིང་པོ་གསུམ་ཞེས་བརྗོད་ཀྱི་ཡོད། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད«གླིང་གེ་སར་རྒྱལ་པོའི་སྒྲུང»དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་ཐོའི་ནང་བཅུག
དུས་རབས20པའི་ལོ་རབས50པར་མཚོ་སྔོན་ཞིང་ཆེན་གྱིས«གླིང་གེ་སར་རྒྱལ་པོའི་སྒྲུང»གི་ཡོངས་བཤེར་དང་། འཚོལ་བསྡུ། དེ་བཞིན་མྱུར་སྐྱོབ་བཅས་ཀྱི་ལས་དོན་སྔོན་ལ་སྤེལ་བ་དང་མཚོ་སྔོན་ཞིང་ཆེན«གླིང་གེ་སར་རྒྱལ་པོའི་སྒྲུང»མྱུར་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་མཚོ་སྔོན་ཞིང་ཆེན«གླིང་གེ་སེར་རྒྱལ་པོའི་སྒྲུང»ཞིབ་འཇུག་སུའོ་བཙུགས་པ་མ་ཟད། དམངས་ཁྲོད་དུ«གླིང་གེ་སར་རྒྱལ་པོའི་སྒྲུང་གི་ཐོག་མའི་པར་གཞི་མི་ཉུང་བ་ཞིག་འཚོལ་བསྡུ་དང་སྔོག་འདོན་བྱས་ནས། རྒྱལ་ཡོངས་ཀྱི«གླིང་གེ་སར་རྒྱལ་པོའི་སྒྲུང»འཚོལ་རྙེད་སྔ་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད།
«གླིང་སྒྲུང»ཁག140ལྷག་ཙམ་འཚོལ་བསྡུ་དང་། ལེགས་སྒྲིག དཔེ་སྐྲུན་བཅས་བྱས་པ་ཕུད། མཚོ་སྔོན་གྱིས«གླིང་སྒྲུང»གི་ལོ་ཆུང་བྱིས་པའི་ཀློག་དེབ་དཔེ་ཚོགས10དང་རྒྱ་ཡིག་ཏུ་བསྒྱུར་བའི་དཔེ་དེབ18རྩོམ་སྒྲིག་བྱས་ནས་དཔེ་སྐྲུན་བྱས་ཡོད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་ཞིབ་འཇུག་པ་རྟ་མགྲིན་མཚོས། རྒྱུན་འཛིན་མཁན་རིགས་མི་འདྲ་བ་དག་གིས་ལོ་རྒྱུས་སྙན་ངག«གླིང་གེ་སར་རྒྱལ་པོའི་སྒྲུང»འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།