ལྷ་གྲུ་ཨང་བཅུ་དྲུག་པའི་མི་སྡོད་འཕུར་གྲུའི་འཕེན་གཏོང་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།:མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2023-05-31 09:40:03 ཀློག་གྲངས།:
       ཟླ5པའི་ཚེས30ཉིན་གྱི་ཆུ་ཚོད9དང་སྐར་མ31སྟེང་། ལྷ་གྲུ་ཨང་བཅུ་དྲུག་པའི་མི་སྡོད་འཕུར་གྲུ་འཁུར་བའི་རྒྱང་སྐྱོད་ཨང་གཉིས་པའི་རྒྱང་ཚོདFབཅུ་དྲུག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཅིག་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་འཕེན་གཏོང་བྱས། ཆུ་ཚོད་སྐར་མ10ཡི་རྗེས་སུ་ལྷ་གྲུ་ཨང་བཅུ་དྲུག་པའི་མི་སྡོད་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་གཉིས་བདེ་བླག་ངང་ཁ་གྱེས་ཏེ་སྔོན་ལ་གཏན་ཁེལ་བྱས་པའི་འཁོར་ལམ་དུ་ཞུགས་ལ། འཇིག་རྟེན་འཕུར་སྐྱོད་པའི་གཟུགས་ཁམས་བདེ་ཐང་ཡིན་པས་ཐེངས་འདིའི་འཕེན་གཏོང་ལེགས་འགྲུབ་བྱུང་།
ཟླ5པའི་ཚེས30ཉིན་ལྷ་གྲུ་ཨང་བཅུ་དྲུག་པའི་མི་སྡོད་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་གཉིས་བདེ་བླག་ངང་ཁ་གྱེས་ཏེ་སྔོན་ལ་གཏན་ཁེལ་བྱས་པའི་འཁོར་ལམ་དུ་ཞུགས་ལ། འཇིག་རྟེན་འཕུར་སྐྱོད་པའི་གཟུགས་ཁམས་བདེ་ཐང་ཡིན་པས་ཐེངས་འདིའི་འཕེན་གཏོང་ལེགས་འགྲུབ་བྱུང་།
       ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་པ་ལྟར་ན། འཕུར་གྲུ་འཁོར་ལམ་སྟེང་ཞུགས་རྗེས་སྔོན་བཀོད་སྒྲིག་རིམ་ལྟར་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་དང་རང་འགུལ་སྒོས་འབྲེལ་མཐུད་བྱ་རྒྱུ་དང་། ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པས་འཁོར་ལམ་སྟེང་ནས་ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པ་དང་བརྗེ་རེས་བྱ་རྒྱུ་རེད། བར་སྣང་ས་ཚིགས་སུ་ལས་ཀ་དང་འཚོ་བ་རོལ་པའི་རིང་། ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པས་གྲུ་ཚང་ཕྱི་རོལ་གྱི་བར་སྣང་ནས་ཚན་རིག་ཚོད་ལྟ་བྱ་རྒྱུ་མ་ཟད། གྲུ་ཚང་ཕྱི་ནང་གི་སྒྲིག་ཆས་སྒྲིག་སྦྱོར་དང་སྡེབ་སྒྲིག སྲུང་སྐྱོང་ཉམས་གསོ་སོགས་ཀྱི་ལས་འགན་ཁག་ལེགས་འགྲུབ་བྱ་རྒྱུ་རེད།
ཟླ5པའི་ཚེས30ཉིན་ལྷ་གྲུ་ཨང་བཅུ་དྲུག་པའི་མི་སྡོད་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་གཉིས་བདེ་བླག་ངང་ཁ་གྱེས་ཏེ་སྔོན་ལ་གཏན་ཁེལ་བྱས་པའི་འཁོར་ལམ་དུ་ཞུགས་ལ། འཇིག་རྟེན་འཕུར་སྐྱོད་པའི་གཟུགས་ཁམས་བདེ་ཐང་ཡིན་པས་ཐེངས་འདིའི་འཕེན་གཏོང་ལེགས་འགྲུབ་བྱུང་། 
       མིག་སྔར། བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་དེ་སྦྲེལ་མཐུད་འཁོར་ལམ་དུ་སླེབས་ཤིང་ལས་ཀའི་རྣམ་པ་ལེགས་པས་ལྷ་གྲུ་ཨང་བཅུ་དྲུག་པའི་མི་སྡོད་འཕུར་གྲུ་བར་སྣང་ས་ཚིགས་དང་འབྲེལ་མཐུད་བྱས་ཏེ་འཇིག་རྟེན་འཕུར་སྐྱོད་པ་རྣམས་གྲུ་ཚང་དུ་བཅའ་སྡོད་བྱེད་པར་མཐུན་རྐྱེན་གང་ལེགས་བཏོན་པ་ཡོད་པ་རེད། །
ཟླ5པའི་ཚེས30ཉིན་ལྷ་གྲུ་ཨང་བཅུ་དྲུག་པའི་མི་སྡོད་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་གཉིས་བདེ་བླག་ངང་ཁ་གྱེས་ཏེ་སྔོན་ལ་གཏན་ཁེལ་བྱས་པའི་འཁོར་ལམ་དུ་ཞུགས་ལ། འཇིག་རྟེན་འཕུར་སྐྱོད་པའི་གཟུགས་ཁམས་བདེ་ཐང་ཡིན་པས་ཐེངས་འདིའི་འཕེན་གཏོང་ལེགས་འགྲུབ་བྱུང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།