ངོས་དང་པོ > སྐབས་དོན། > སྣ་ཚོགས། > “གཡང་མདའ”མི་རིཊ་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སྐབས་བདུན་པ་འཚོག་འཆར་འདུག
“གཡང་མདའ”མི་རིཊ་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སྐབས་བདུན་པ་འཚོག་འཆར་འདུག
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-06-16 08:55:41
ཀློག་གྲངས།:
ཉེ་ལམ་འཚོགས་པའི“གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་སྡུར་སྐབས་བདུན་པའམ་མདའ་སྟོན་རིག་གནས་དུས་ཆེན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། 2023ལོའི“གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་སྡུར་རམ་མདའ་སྟོན་རིག་གནས་དུས་ཆེན་ཟླ6ཚེས25ཉིན་ནས་ཚེས29ཉིན་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ནས་འཚོགས་རྒྱུ་རེད། ད་སྔའི་བར་དུ་འགྲན་སྡུར་ལ་རྒྱལ་ཕྱི་རྒྱལ་ནང་གི་འཐུས་ཚབ་རུ་ཁག121དང་། ལུས་རྩལ་པ1700ཡིས་འགྲན་ཞུགས་མིང་ཐོ་བཀོད་ཡོད་པ་རེད།

ཐེངས་འདིའི་འགྲན་སྡུར་གཞི་རྒྱ་ཅུང་ཆེ་ཞིང་། འགྲན་ཞུགས་རུ་ཁག་ནང་དུ་ཕོ་ལན་དང་། འཇར་མན། ཧ་སག་སི་ཐན། ལྷོ་ཁོ་རེ་ཡ་སོགས་རྒྱལ་ཕྱིའི་འགྲན་ཞུགས་རུ་ཁག21དང་། རྒྱལ་ནང་གི་འགྲན་ཞུགས་རུ་ཁག22། ཞིང་ཆེན་ནང་ཁུལ་གྱི་འགྲན་ཞུགས་རུ་ཁག78བཅས་འདུ་བ་དང་། གཡང་མདའ་ཡི་རྒྱལ་སྤྱིའི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་གྱི་སྒྲིག་སྲོལ་ལྟར་དུ་མི20ཅན་གྱི་སྲོལ་རྒྱུན་རྭ་གཞི་རུ་ཁག་དང་། མི20ཅན་གྱི་ལྕགས་གཞུ་རུ་ཁག མི20ཅན་གྱི་འཁོར་ལོ་མའི་རུ་ཁག མི5ཅན་གྱི་སྲོལ་རྒྱུན་གཞི་བཅས་འགྲན་སྡུར་རྣམ་གྲངས4བཀོད་སྒྲིག་བརྒྱབ་ནས་འགྲན་ར10དང་འགྲན་ལམ16ནས་འགྲན་སྡུར་བྱ་རྒྱུ་རེད། འགྲན་སྡུར་གྱི་རིང་ལ་ལ་གཞས་འགྲན་སྡུར་དང་། “གཡང་མདའ”རོལ་དབྱངས་སྤྲོ་ཚོགས། གློག་བརྙན། བོད་ཀྱི་དམངས་གླུ་སོགས་རིག་གནས་བྱེད་སྒོ་གྱ་ནོམ་པ་ཞིག་སྤེལ་རྒྱུ་རེད།
གཅན་ཚ་རྫོང་ནི་མི་རིགས་སྲོལ་རྒྱུན་མདའ་འཕེན་ལུས་རྩལ་གྱི་ཕ་ས་ཡིན་ལ། “གཡང་མདའ”རིག་གནས་སྒྱུ་རྩལ་གྱི་ཕ་ས་ཡང་ཡིན། 2007ལོ་ནས་བཟུང་། གཅན་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྔ་གཞུག་ཏུ་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་སྡུར་སྐབས་དྲུག་ལ་སྤེལ་ཏེ། འཛམ་གླིང་དུ་གྲགས་པའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་སྤུས་རྟགས་བཏོད་པར་མ་ཟད། མདའ་འཕེན་གྱི་སྒྲིག་སྲོལ་ཡང་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་དང་མཉམ་པ་བཟོས་ནས་གཞི་ཁྱོན་ཇེ་ཆེར་དང་ཆུ་ཚད་ཇེ་མཐོར་བཏང་ཡོད་པས། རྒྱལ་ཕྱི་རྒྱལ་ནང་གི་སྙན་གྲགས་དང་ཤུགས་རྐྱེན་ཡང་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད།ཐེངས་འདིའི་འགྲན་སྡུར་གྱི་དམིགས་ཡུལ་ནི་རྒྱལ་སྤྱིའི་ལུས་རྩལ་འགྲན་སྡུར་གྱི་སྙིང་སྟོབས་དང་གཡང་མདའ་ཕ་ས་ཡི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་དར་སྤེལ་བཏང་སྟེ། རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་འདི་རིག་གནས་ཀྱི་ཉིང་བཅུད་འཛོམས་ཞིང་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་པའི་གསོལ་སྟོན་ཆེན་པོ་ཞིག་དང་། རིག་གནས་དང་ལུས་རྩལ། ཡུལ་སྐོར། ཞིང་གྲོང་དར་སྤེལ་གཞི་གཅིག་ཏུ་དྲིལ་བའི་ལྗང་མདོག་གི་རྩོལ་བྱུང་རིག་གནས་དང་ལུས་རྩལ་གྱི་གསོལ་སྟོན་ཆེན་མོ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱ་ཆེད་དང་། འགྲན་སྡུར་དེ་གོ་སྐབས་སུ་བཟུང་སྟེ། ཕྱི་ཕྱོགས་བསྡམས་གློད་ལ་ཤུགས་སྣོན་དང་། མཉམ་ལས་བརྗེ་སྤེལ་ལ་སྐུལ་སྤེལ་བྱས་ནས་རབ་མཛེས་མཚོ་སྔོན་དང་ཉམས་དགའི་རྨ་ལྷོ། ཡིད་འོང་གཅན་ཚ་ཕྱི་ཕྱོགས་སུ་ཅི་དགར་ངོམ་ཆེད་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།