གེ་སར་ལྟེ་གནས་ཀྱིས་གཞི་རིམ་གྱི་རིག་གནས་བྱ་བར་མཛུབ་སྟོན་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།
དུས་ཚོད།:2023-06-21 09:22:17
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་རྟོག་དཔྱོད་ཁྲོད་ནས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱས་པ།
ཉེ་ཆར། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་གྲགས་ཅན་ཟླ་བ་གྲགས་པར་མཁལ་ནད་དང་། གློ་ཚད། ཁྲག་ཤེད་མཐོ་བའི་ནད་སོགས་ཀྱིས་མནར་ནས་སྔ་ཕྱིར་ཟི་ལིང་དང་། ནན་ཅིན། ཁྲིན་ཏུའུ་སོགས་སུ་གསོ་བཅོས་བྱས་ཤིང་། ད་ལྟ་མཁལ་མ་བརྗེ་སྤོར་གྱི་དུས་ལ་ཐུག་པ་ཤེས་རྟོགས་བྱུང་བས། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་མི་སྣ་དྲུག་གིས་རང་མོས་ཞལ་འདེབས་ཀྱི་དམངས་སྒོར1800བསྡུས་ཏེ་ཁོའི་ཁྱིམ་མིའི་ལག་ཏུ་སྤྲད་ཅིང་། ཁོང་ལ་མྱུར་མོར་ནད་ལས་གྲོལ་ཏེ་མུ་མཐུད་དུ་གེ་སར་རིག་གནས་འཕེལ་རྒྱས་ཀྱི་ཕྱོགས་སུ་བྱས་རྗེས་འཇོག་དགོས་པའི་རེ་སྐུལ་བྱས།

མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་བརྗོད་དོན་སློབ་གསོ་གཞུང་ལས་ཁང་གི་བཀོད་སྒྲིག་ལྟར“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་དང་། མང་ཚོགས་ཀྱི་རིག་གནས་རང་རྟོན་ཆེ་རུ་གཏོང་རྒྱུར་ཟུང་འབྲེལ་སྒོས། “ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི”ལག་ལེན་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་བཅས་བྱས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་། ནན་ཏན་ངང་སྤེལ་བ། སེམས་ལ་ཟུག་པ་བཅས་ལ་སྐུལ་འདེད་བཏང་ཡོད།

མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་ཡུལ་དངོས་རྟོག་དཔྱོད་ལས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་བྱང་ནི་གེ་སར་སྒྲུང་དར་ཁྱབ་སོང་ཡོད་པའི་ས་ཁུལ་གལ་ཆེན་ཞིག་ཡིན་པ་སྟེ། ཡུལ་དེར་གེ་སར་སྒྲུང་དང་འབྲེལ་བའི་ཤུལ་རྟེན་དང་རྗེས་ཤུལ། དམངས་ཁྲོད་ཀྱི་ངག་རྒྱུན་སྣ་ཚོགས། གེ་སར་ཟློས་གར། གེ་སར་བླ་གཏོར་རིག་གནས། གེ་སར་སྒྲུང་པ་སོགས་གེ་སར་རིག་གནས་ཀྱི་རྣམ་པ་མང་པོ་ཞིག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་མུས་ཡོད་ལ། དེ་དག་ནི་གེ་སར་སྒྲུང་གི་ལོ་རྒྱུས་མཚོན་པའི་མངོན་ཡོད་རིག་གནས་ཀྱི་རྣམ་པ་ཞིག་ཀྱང་རེད། རྟོག་དཔྱོད་བྱས་པ་བརྒྱུད་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་སུ་གེ་སར་རིག་གནས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞི་བཙུགས་པ་འདིས། མཚོ་བྱང་ཁུལ་གྱི་གེ་སར་སྒྲུང་རྒྱུན་འཛིན་དང་རིག་གཞུང་ཞིབ་འཇུག་ལ་སྲུང་སྐྱོབ་ནུས་ལྡན་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་གཏོང་བར་ཞབས་འདེགས་ཞུ་བ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན།

དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་མགོ་ལོག་ཁུལ་གེ་སར་རིག་གནས་བཤམས་མཛོད་ཁང་དུ་གེ་སར་རིག་གནས་ལས་ཤུལ་རྟེན་དང་ཐང་ཀ་སོགས་ཀྱི་འགྲེམ་སྟོན་བྱ་བར་མཛུབ་སྟོན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་གེ་སར་རིག་གནས་དྲིལ་བསྒྲགས་དམིགས་ཡུལ་དུ་བཟུང་ནས། འགྲེམ་སྟོན་ཁང་སོ་སོའི་འགྲེལ་ཚིག་དག་བཅོས་དང་ཁ་སྣོན་བྱས་པར་མ་ཟད། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཟློས་གར་ཁང་ཆེན་མོར་ཐོག་མར་གཟིགས་འབུལ་བྱས་པའི་ཨ་མདོའི་ཟློས་གར་ཆེན་མོ«གྱིམ་ཤིང་ཀོང་ཇོའི»འཁྲབ་གཞུང་ཡིག་བསྒྱུར་དང་ཞིབ་བཤེར་གྱི་བྱ་བར་ཞུགས། འཁྲབ་གཞུང་གསར་རྩོམ་དང་དག་བཅོས་ཀྱི་བྱ་བའི་ཁྲོད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་མཐོར་འདེགས་གཏོང་བ། རང་ངོས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་ཟློས་གར་འདི་ཉིད་བདེ་བླག་ངང་གཟིགས་འབུལ་བྱེད་པར་ནུས་པ་གང་ལེགས་བཏོན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།