འགན་གཙང་ལེན་བྱས་པའི་ས་ཞིང་སྟེང་ཁང་པ་འཛུགས་སྐྲུན་བྱས་ཆོག་གམ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།
དུས་ཚོད།:2023-06-30 08:49:00
ཀློག་གྲངས།:
བློ་མཐུན་རྩོམ་སྒྲིག་པ་ལགས།
གཡང་འབུམ་ནི་བྲག་མགོ་སྡེ་བའི་སྡེ་མི་ཞིག་ཡིན་ཞིང་། ཁོས་ལོ་འགའི་སྔོན་དུ་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་སྡེ་འདབས་ཀྱི་ས་སྟོང་མུའུ10ཡོད་པའི་ས་ཞིང་འགན་གཙང་ལེན་བྱེད་པའི་གན་རྒྱ་བཞག་སྟེ་སྔོ་ཚོད་གདབ་རྒྱུ་བྱས། ཕྱིས་སུ་གཡང་འབུམ་བཟའ་ཟླ་གཉིས་ཀྱིས་རང་བྱུང་གི་སྔོ་ཚོད་ལེགས་པོ་གདབ་ཆེད་དྲོད་ཁང་ལས་པ་དང་། སྔོ་ཚོད་ལ་བདག་སྐྱོང་བཟང་པོ་བྱེད་བསམས་ནས་ས་ཞིང་གི་ཟུར་ཞིག་ཏུ་སྟབས་བདེ་ཤིང་ཁང་ཞིག་ལས་ཤིང་། ཉིན་གང་བོར་སྔོ་ཚོད་ལ་ཆུ་བཏང་སྟེ་ཡུལ་དུ་འགྲོ་ཁོམ་ཡང་མེད་དུས་དེ་རུ་ཞག་སྡོད་བྱེད་བཞིན་ཡོད། གཡང་འབུམ་གྱི་ཚོད་མའི་རྒྱུ་སྤུས་ཤིན་ཏུ་ལེགས་པས་སྔོ་ཚོད་སྡེབ་འཚོང་ཁང་མང་པོར་ཕྱིར་འཚོང་བྱས་པས་ཁོ་བཟའ་ཟླ་གཉིས་ཀྱིས་སྒོར་མོ་མི་ཉུང་བ་ཞིག་བཙལ། དེ་བས་གཡང་འབུམ་བཟའ་ཟླ་གཉིས་ཀྱིས་སྒོར་མོ་དེ་དག་བཀོལ་ནས་ཡུལ་གྱི་ཁང་རྙིང་ཞིག་གསོ་བྱས་པར་མ་ཟད་བུ་ལ་ཆུང་མ་བླངས་རྗེས། ཁོ་བཟའ་ཟླ་གཉིས་ཀྱིས་དུས་རྒྱུན་བུ་དང་མཉམ་དུ་བསྡད་ན་སྟབས་བདེ་མིན་པར་བསམས་ཏེ། འགན་གཙང་ལེན་བྱས་པའི་ས་ཞིང་སྟེང་གི་སྟབས་བདེ་ཤིང་ཁང་བཤིག་སྟེ། བསྐྱར་དུ་སྡོད་ཁང་གྱན་གཉིས་འཛུགས་སྐྲུན་བྱས་ནས་དེ་རུ་འཚོ་བ་རོལ་རྒྱུའི་འཆར་འགོད་བྱས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་གཡང་འབུམ་གྱིས་འགན་གཙང་ལེན་བྱས་ཡོད་པའི་ས་ཞིང་སྟེང་དུ་ཁང་པ་འཛུགས་སྐྲུན་བྱས་ཆོག་གམ།
ཞེས་མགོན་རྒྱལ་གྱིས།
ས་ཞིང་འགན་གཙང་ལེན་མཁན་ལ་འགན་གཙང་ལེན་བྱས་པའི་ས་ཞིང་སྟེང་དུ་ཞིང་ལས་ཐོན་སྐྱེད་སོགས་བྱ་འགུལ་སྤེལ་བའི་དབང་ཆ་ཡོད་ཅིང་། ཡིན་ན་ཡང་ཆོག་མཆན་མ་ཐོབ་པར་ཞིང་ལས་མིན་པའི་འཛུགས་སྐྲུན་བྱས་མི་ཆོག རང་རྒྱལ་གྱི«དམངས་དོན་ཁྲིམས་གཞུང»གི་དོན་ཚན331པའི་གཏན་འཁེལ་ལྟར་ན། “ས་ཞིང་འགན་གཙང་ལེན་མཁན་གྱིས་ཁྲིམས་ལྟར་འགན་གཙང་ལེན་བྱས་ཏེ་བདག་གཉེར་བྱེད་པའི་རྨོ་ཞིང་དང་ནགས་ས། རྩྭ་ས་སོགས་ལ་བདག་བཟུང་དང་བེད་སྤྱོད། ཁེ་ཕན་ལེན་པའི་ཁེ་དབང་ཡོད་པ་དང་། འདེབས་འཛུགས་ལས་རིགས་དང་ནགས་ལས། ཕྱུགས་ལས་སོགས་ཞིང་ལས་ཐོན་སྐྱེད་བྱེད་དབང་ཡོད”ཅེས་བཀོད་ཡོད། རང་རྒྱལ་གྱི«ཞིང་སྡེའི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས»ཀྱི་དོན་ཚན17པའི་གཏན་འཁེལ་ལྟར་ན། “འགན་གཙང་ལེན་མཁན་ལ་གཤམ་གྱི་ཁེ་དབང་འདི་དག་ཡོད་དེ།
(གཅིག) འགན་གཙང་ལེན་བྱས་པའི་ས་ཞིང་ལ་ཁྲིམས་ལྟར་བཀོལ་སྤྱོད་དང་ཁེ་ཕན་ལེན་པའི་ཁེ་དབང་ཡོད་པ་དང་། རང་གིས་རྩ་འཛུགས་བྱས་ཏེ་ཚོང་གཉེར་ཐོན་སྐྱེད་དང་ཐོན་རྫས་ཐག་གཅོད་བྱེད་དབང་ཡོད།
(གཉིས) ས་ཞིང་འགན་གཙང་ལེན་བྱེད་དབང་ཁྲིམས་ལྟར་བརྗེ་རེས་དང་བཤུག་སྤྲོད་བྱས་ཆོག
(གསུམ) ས་ཞིང་འགན་གཙང་ལེན་བྱེད་དབང་ཁྲིམས་ལྟར་བརྒྱུད་སྤྲོད་བྱས་ཆོག
(བཞི) འགན་གཙང་ལེན་བྱས་པའི་ས་ཞིང་ཁྲིམས་ལྟར་བསྡུ་ལེན་དང་བསྡུ་སྤྱོད། བདག་བཟུང་བྱས་ཚེ། ཁྲིམས་ལྟར་འོས་འཚམ་གྱི་ཁ་གསབ་དངུལ་ཐོབ་དབང་ཡོད།
(ལྔ) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་གཞན་པའི་ཁེ་དབང་ཡོད”ཅེས་བཀོད་ཡོད།
དོན་ཚན18པའི་གཏན་འཁེལ་ལྟར་ན། “འགན་གཙང་ལེན་མཁན་གྱིས་གཤམ་གྱི་འོས་འགན་དག་འཁུར་དགོས་ཏེ།
(གཅིག) ས་ཞིང་གི་ཞིང་ལས་སྤྱོད་སྒོ་རྒྱུན་འཁྱོངས་བྱ་དགོས་ཤིང་། ཁྲིམས་ལྟར་ཆོག་མཆན་མ་ཐོབ་པར་ཞིང་ལས་མིན་པའི་འཛུགས་སྐྲུན་བྱས་མི་ཆོག
(གཉིས) ས་ཞིང་ལ་ཁྲིམས་ལྟར་སྲུང་སྐྱོང་དང་ལུགས་མཐུན་སྒོས་བེད་སྤྱོད་བྱ་དགོས།
(གསུམ) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཞན་པའི་འོས་འགན་འཁུར་དགོས”ཞེས་བཀོད་ཡོད།
གོང་གི་གྱོད་དོན་འདིར་གཞིགས་ན། གཡང་འབུམ་གྱིས་འགན་གཙང་ལེན་བྱས་པའི་ས་ཞིང་སྟེང་སྔོ་ཚོད་འདེབས་འཛུགས་བྱས་པ་ནི་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་མཐུན་ཞིང་། ཡིན་ན་ཡང་འགན་གཙང་ལེན་བྱས་པའི་ས་ཞིང་སྟེང་སྡོད་ཁང་འཛུགས་སྐྲུན་བྱས་པ་ནི་ཞིང་ལས་མིན་པའི་འཛུགས་སྐྲུན་གྱི་ཁོངས་སུ་གཏོགས་པས། གཡང་འབུམ་ལ་ཁྲིམས་ལྟར་ཆོག་མཆན་ཐོབ་མེད་ན་ས་ཞིང་སྟེང་ཁང་པ་འཛུགས་སྐྲུན་བྱས་མི་ཆོག

བློ་མཐུན་མགོན་རྒྱལ་ལགས།

ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།