མཚོ་སྔོན་པོ་དྲ་བས་ལོ་ཙཱའི་སྐོར་གྱི་རྩོམ་ཡིག་བསྡུ་བཞིན་ཡོད།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-07-28 08:15:47
ཀློག་གྲངས།:
མཚོ་སྔོན་པོ་དྲ་བ་ནི2007ལོའི་ཟླ11པའི་ཚེས28ཉིན་དངོས་སུ་ཤར་གཏོང་བྱས་པ་ནས་ད་ལྟའི་བར་མི་ལོ15འདས་ཤིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བསྒྲུབས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་དྲ་ཚིགས་ཤིག་ཡིན། མི་ལོ་བཅོ་ལྔའི་རིང་བོད་ཀྱི་རིག་གནས་དང་ལེགས་རྩོམ། རྒྱལ་ཕྱི་ནང་གི་གསར་འགྱུར་སྣ་ཚོགས། སློབ་གསོ། དམངས་སྲོལ། ཆོས་ལུགས། མི་སྣ། སྐྱེ་ཁམས། བརྡ་ཆད་ཁྱབ་བསྒྲགས་སོགས་ལེ་ཚན་སྣ་མང་བརྒྱུད་སྤེལ་བྱ་སའི་གཞུང་གཉེར་སྟེགས་བུ་ཆེ་གྲས་ཤིག་ཡིན།
དྲ་བའིAPPམ་ལག་ལ་དྲ་བའི་སྔར་ཡོད་ཀྱི་ལེ་ཚན་དག་གཞི་རྩ་བྱས་ཏེ་ད་ལམ་བོད་འབྲེལ་ས་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་ལ་སྔར་ལས་རམ་འདེགས་དང་གཅིག་གྱུར་ཡོང་ཆེད་རྒྱ་བོད་ཤན་སྦྱར་གྱི་ལམ་ནས་མཚོ་ལྷོའི་ས་མིང་རིག་གནས་དང་གསར་བྱུང་གི་བརྡ་ཆད་གསར་བའི་ལེ་ཚན་གཉིས་ཁ་སྣོན་དང་། དེ་མིན་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་ལེ་ཚན་སྒྲོག་འདོན་གྱི་བྱེད་ནུས་གསར་བ་ཞིག་ཀྱང་ལས་ཡོད་པས་འདི་ནི་མིག་སྔར་བོད་ཡིག་གིAPPམ་ལག་གཞན་དག་མེད་པ་ཞིག་ཡིན།

ཉེ་ལམ་མཚོ་སྔོན་པོ་དྲ་བའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། སྔར་ཡོད་ལེ་ཚན་དག་གི་སྟེང་ལོ་ཙཱའི་ལེ་ཚན་ཞིག་གསར་སྣོན་བྱས་ཡོད་ལ། དེར་ནང་གསེས་ལ༼ལོ་ཙཱའི་གཞུང་ལུགས༽དང༼འགྱུར་རྩོམ།༽ ༼བརྡ་ཆད་ཁྱབ་བསྒྲགས༽བཅས་ལེ་ཚན་ཆུང་བ་གསུམ་དུ་བཀར་ནས་ཡོད་པས། རྒྱ་ཆེའི་རིག་གནས་པའི་སྡེར་ལེ་ཚན་འདི་དག་དང་འཚམ་པའི་ལྗགས་རྩོམ་ཡོད་ཚེ་གཤམ་གྱི་ཡིག་ཟམ་བརྒྱུད་ནས་བསྐུར་དང་དུས་ལྟར་ཀློག་པ་པོ་དག་གི་སྤྱན་སྔར་བསྟར་ཡོང་།
རྩོམ་བསྐུར་གནས་ཀྱི་ཡིག་ཟམ། amdotibet@163.com
མཚོ་སྔོན་པོ་དྲ་བའི་རྩོམ་སྒྲིག་ཁང་།
2023ལོའི་ཟླ7པའི་ཚེས28ཉིན།
2023ལོའི་ཟླ7པའི་ཚེས28ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།