མཚོ་སྔོན་པོའི་གསེར་ཉར་སྲུང་སྐྱོབ་བྱེད་པའི་གྲོས་འདོན་ཡི་གེ

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2023-08-09 08:26:37 ཀློག་གྲངས།:
རྒྱ་ཆེའི་ཡུལ་སྐོར་བ་རྣམ་པ།
       མཚོ་སྔོན་པོའི་གསེར་ཉ་ནི་རང་རྒྱལ་ལ་དམིགས་བསལ་དུ་ཡོད་པའི་ཉ་རིགས་ཐོན་ཁུངས་ཤིག་ཡིན་ལ་མཚོ་སྔོན་པོར་དམིགས་བསལ་དུ་ཡོད་པའི་རྩ་ཆེའི་སྲོག་ཆགས་ཤིག་ཀྱང་ཡིན་པས། མཚོ་སྔོན་པོའི“ཉ་དང་བྱ་མཉམ་གནས”ཀྱི་སྐྱེ་ཁམས་མ་ལག་ཁྲོད་ལྟེ་བའི་ནུས་པ་འདོན་སྤེལ་བྱས་ཡོད། མཚོ་སྔོན་པོའི་གསེར་ཉར་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་བོད་མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་དོ་སྙོམས་སྲུང་སྐྱོབ་དང་ཐ་ན་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
       མཚོ་སྔོན་པོའི་མཚོ་རྒྱ་བསྡམས་ནས་ཉ་གསོ་བཞིན་ཡོད་པས་མཚོ་སྔོན་པོའི་གསེར་ཉ་གསོན་པར་གོ་སྐབས་དང་མདུན་ལམ་ཆེན་པོ་ལྡན་ཡོད། འོན་ཀྱང་། ཁྲིམས་འགལ་བ་ཁག་ཅིག་གིས་ཁྲིམས་ལས་འགལ་ནས་མཚོ་སྔོན་པོའི་གསེར་ཉ་ལྐོག་འཛིན་དང་ལས་སྣོན། ལྐོག་འཚོང་བཅས་བྱས་ཏེ་དེའི་ཁྲོད་ནས་ཁེ་ཕན་ཆེན་པོ་ལེན་བཞིན་ཡོད་པས། ང་ཚོས་གྲོས་གཞི་བཏོན་པ་གཤམ་གསལ།
       གཅིག གསེར་ཉར་སྲུང་སྐྱོབ་བྱེད་པ་ནི་མཚོ་སྔོན་པོར་སྲུང་སྐྱོབ་བྱས་པ་ཞིག་ཡིན་ཞིང་། མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་རང་རྟོགས་ངང་ཆེ་རུ་བཏང་ནས་གསེར་ཉ་གང་བྱུང་དུ་འཛིན་པའི་བྱ་སྤྱོད་ནང་མི་ཞུགས་པར་མ་ཟད། རང་འགུལ་ངང་བཀག་འགོག་བྱས་ཏེ་གསེར་ཉ་འཚོ་གནས་ཀྱི་ཁོར་ཡུག་ལ་ཐུན་མོང་ཐོག་སྲུང་སྐྱོབ་བྱས་ནས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་དང་བླངས་པ་ཞིག་བྱེད་དགོས།
       གཉིས། མཚོ་སྔོན་པོའི་གསེར་ཉ་དང་དེ་བཞིན་དེའི་ཐོན་རྫས་འཛད་སྤྱོད་མི་བྱེད་པ་དང་ལྗང་མདོག་འཛད་སྤྱོད་ཀྱི་དར་སྲོལ་གསར་པ་གཏོད་དགོས། ཁྲིམས་འགལ་ངང་གསེར་ཉ་འཛིན་བཟུང་དང་བཟའ་བ། བར་ཚོང་རྒྱག་པ། དེས་ཐོན་རྫས་བཟོ་བ་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་བཀག་འགོག་དང་ཐེར་འདོན་གོང་ཞུ་ཧུར་ཐག་བྱེད་དགོས།
       གསུམ། མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་པ་ཞིག་བྱེད་དགོས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་སྒྲོག་ཧུར་ཐག་བྱ་དགོས། དྲང་ནུས་བརྒྱུད་སྤྲོད་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་དོ་ཁུར་དང་སེམས་ཁུར། གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་བོ་ཞིག་བཏོད་དེ་ཉེ་འགྲམ་གྱི་མི་རྣམས་མཚོ་སྔོན་པོའི་གསེར་ཉར་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས།
       མཚོ་སྔོན་པོ་ནི“ཆུ་དང་ཉ། བྱ”བཅས་མཉམ་དུ་འཚོ་སྡོད་བྱེད་པའི་འདམ་རའི་སྐྱེ་ཁམས་མ་ལག་ཅིག་ཡིན་པ་དང་། གསེར་ཉ་ནི་སྐྱེ་ཁམས་མ་ལག་དེའི་སྲོག་ཆགས་གཙོ་བོ་ཞིག་ཡིན་པའི་ཆ་ནས་གྲངས་འབོར་ཉུང་དུ་ཕྱིན་ཚེ་འདབ་ཆགས་གཞན་པའི་རིགས་ཀྱི་གྲངས་འབོར་ཡང་རྒྱུན་ཆད་མེད་པར་ཉུང་དུ་འགྲོ་ལ། མཚོ་སྔོན་པོའི་མཐའ་འཁོར་དུ་འདབ་ཆགས་འཚོ་གནས་བྱ་རྒྱུར་འཚམ་པའི་ས་ཁོངས་ཇེ་ཉུང་དུ་སོང་སྟེ་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་དེ་བས་ཉམས་ཞན་དུ་འགྲོ་ངེས། དེར་བརྟེན། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་དྭངས་གཙང་གི་ཆུ་ཁུངས་འདིར་སྲུང་སྐྱོབ་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།