གྲོ་ཚང་རྡོ་རྗེ་འཆང་དང་རྨ་ཙོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བགྲོ་གླེང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།:གསང་བདག་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2023-08-21 16:41:28 ཀློག་གྲངས།:
       ཟླ8པའི་ཚེས16ཉིན་ནས་ཚེས18ཉིན་བར། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་དང་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གཉིས་ཀྱིས་རོགས་སྒྲུབ་བྱས་པའི་གྲོ་ཚང་རྡོ་རྗེ་འཆང་དང་རྨ་ཙོང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་བགྲོ་གླེང་ཚོགས་འདུ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ས་ཁུལ་དུ་འཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུའམ་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ལིའུ་ཀྲེང་ཁུའེ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུའམ་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཟུར་པ་ལའེ་མིང་གཉིས་གདན་དྲངས་པ་ལྟར་ཚོགས་འདུར་ཕེབས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོས་ཤིས་ཚིག་ཕུལ།
       དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ལས་ཁུངས་དང་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ། སྡོད་ཁང་དང་མཁར་ཤང་འཛུགས་སྐྲུན་པུའུ། རྒྱལ་ཁབ་རིག་དངོས་ཅུའུ་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་མཁས་པ་གྲགས་ཅན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཞུང་ལས་ཐིང་། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་སྡེ་ཁག དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུ། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། གྲོ་ཚང་ས་ཁུལ་ཏང་ཨུ་དང་ས་ཁུལ་སྲིད་གཞུང། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཏེ། གྲོ་ཚང་རྡོ་རྗེ་འཆང་དང་རྨ་ཙོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་ལ་དམིགས་ནས་མཉམ་དུ་བརྗེ་རེས་བགྲོ་གླེང་བྱས།
       ཚོགས་ཐོག་ནས། རྨ་ཙོང་རིག་གནས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ཧ་ཅང་མཐོང་ཆེན་བྱེད་དགོས་ཏེ། རྨ་ཙོང་རིག་གནས་ཀྱི་དངོས་དཔང་ཞིབ་འཇུག་རྨང་གཞི་རུ་བྱེད་པ་དང་། རྨ་ཙོང་རིག་གནས་དོན་སྤྱིའི་གོ་དོན་དང་ཕྱིར་བསྲིང་ལ་ཤུགས་སྣོན་པ། རྨ་ཙོང་རིག་གནས་ཀྱི་ས་གཤིས་ཁུལ་ཁོངས་ཁྱབ་ཚུལ་དང་དུས་རབས་ཀྱི་རིན་ཐང་། མི་རིགས་སོ་སོའི་རྨ་ཙོང་རིག་གནས་གྲུབ་པའི་ཁྲོད་ཀྱི་བྱས་རྗེས་གལ་ཆེན། རྨ་ཙོང་རིག་གནས་ཀྱི་ཀྲུང་གོའི་རིག་གནས་འཕེལ་འགྱུར་ཁྲོད་ཀྱི་ཁྱད་དུ་འཕགས་པའི་ནུས་པ་སོགས་ལ་ཞིབ་འཇུག་ཟབ་མོ་བྱེད་པ། ཀྲུང་གོའི་རིག་གནས་སྣ་མང་གཞི་གཅིག་གི་ཁྱད་ཆོས་གྲུབ་པའི་རྒྱུ་རྐྱེན་དང་འཕེལ་འགྱུར་གྱི་བརྒྱུད་རིམ་འཚོལ་ཞིབ་བྱེད་པ། རིམ་པ་བཞིན་རྨ་ཙོང་རིག་གནས་ཀྱི་གཞུང་ལུགས་ཞིབ་འཇུག་མ་ལག་བཙུགས་ཏེ། རྨ་ཙོང་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་གྱི་ལག་ལེན་ཐད་འདེགས་སྐྱོར་བྱེད་དགོས། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་གོ་སྐབས་སུ་བརྩི་བ་དང་། རྨ་ཙོང་རིག་གནས་ཀྱི་སྤྱི་ཁོག་རང་བཞིན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྣེ་ཁྲིད་དུ་བྱེད་པ་དང་། རྨ་ཆུའི་རིག་གནས་ཐོན་ཁུངས་དང་ཁྱད་ལྡན་ས་ཁོངས་རིག་གནས་རྒྱབ་རྟེན་དུ་བྱེད་པ། སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། རྒྱུན་འཛིན་ལ་ཤུགས་སྣོན་པ་དང་། ཁྱད་ཆོས་མངོན་པར་བྱེད་དགོས། རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ་དང་། གྲོ་ཚང་རྡོ་རྗེ་འཆང་གི་སྲུང་སྐྱོབ་དང་ཉམས་གསོ་བྱ་བར་སྔར་ལས་ཤུགས་སྣོན་བྱས་ཏེ། གྲོ་ཚང་རྡོ་རྗེ་འཆང་སོགས་རིག་གནས་ཤུལ་བཞག་གཙོ་བོ་དག་རྨ་ཙོང་རིག་གནས་ཀྱི་ཚད་ཤིང་དང་རིག་གནས་ཡུལ་སྐོར་མཉམ་བསྲེས་ཀྱི་དཔེ་མཚོན། མི་རིགས་མཐུན་སྒྲིལ་གྱི་དཔེ་གཞི་རུ་འཛུགས་སྐྲུན་བྱེད་དགོས། ཕྱོགས་བསྡུས་རང་བཞིན་གྱི་བསླབ་ཚན་དང་གྲོ་ཚང་རྡོ་རྗེ་འཆང་རིག་པ་འཛུགས་པ་དང་། རྨ་ཙོང་རིག་གནས་ཀྱི་ཞིབ་འཇུག་མཐོར་འདེགས་གཏོང་དགོས། གྲོ་ཚང་རྡོ་རྗེ་འཆང་གི་ཞིབ་འཇུག་དེ་རྨང་གཞི་དང་འདེགས་གནས་སུ་བརྩི་བ་དང་། ཞིབ་འཇུག་ལ་ཤུགས་སྣོན་པ། བསླབ་ཚན་བརྒལ་བ་དང་མཐོང་རྒྱ་མང་པོའི་བྱེད་ཐབས་ལ་བརྟེན་ནས་ལོ་རྒྱུས་མངོན་སུམ་ཁྲོད་འདྲེས་པར་བྱེད་པ། སྣ་མང་གཞི་གཅིག་གི་མི་རིགས་མཉམ་འདྲེས་ཁྱད་ཆོས་སུ་བྱས་པའི་རིག་གནས་ངེས་བཟུང་ཞིབ་འཇུག་སྤེལ་བ། རྨ་ཙོང་རིག་གནས་རྒྱབ་ལྗོངས་སུ་བྱས་པའི་མཐའ་མཚམས་བཅོས་སྐྱོང་ཞིབ་འཇུག་དང་། རིག་གནས་དར་གོས་ཚོང་ལམ་གཙོ་གནད་དུ་བྱས་པའི་འཆམ་མཐུན་མཉམ་འདྲེས་རིག་གནས་ཞིབ་འཇུག་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐད་ལོ་རྒྱུས་ཀྱི་ཉམས་མྱོང་དང་དཔེ་གཞི་འདོན་སྤྲོད་བྱེད་དགོས་པར་ནན་གྱིས་བསྟན།
       ཚོགས་ཐོག་ནས«གྲོ་ཚང་རྡོ་རྗེ་འཆང་དང་རྨ་ཙོང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བགྲོ་གླེང་ཚོགས་འདུའི་ཐུན་མོང་གི་ལྟ་བ»ལ་གྲོས་འཆམ་བྱུང་། བགྲོ་གླེང་ཚོགས་འདུའི་སྐབས་སུ། ཚོགས་ཞུགས་མི་སྣས་མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ས་ཁུལ་བཅས་སུ་ཡུལ་དངོས་རྟོག་ཞིབ་བྱས། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།