དམངས་ལ་བློ་དཀར་བའི་ལས་བྱེད་བཟང་བོ། བདུད་མགོན་སྐྱབས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-09-01 08:38:28
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་འཕྲལ་སྡོམ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཟུར་པ་བདུད་མགོན་སྐྱབས་ལགས་ལ་སེམས་གཏིང་ནས་མྱ་ངན་ཞུ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ནི་རྨ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་ཆགས་ཡོད། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3600ལས་བརྒལ་བའི་ས་ཆ་འདི་ནི། ཐུན་ཏེ་རྫོང་འཕྲལ་སྡོམ་དོ་དམ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅིའམ་ཅུའུ་ཀྲང་ཟུར་པ་བདུད་མགོན་སྐྱབས་ཀྱིས་ལོ་ངོ30རིང་གཞུང་དོན་ལ་འབད་འབུངས་ཀྱི་རྔུལ་ཁྲག་གཏོར་ས་དེ་ཡིན།
ད་ལོའི་ཟླ3པའི་ཚེས9ཉིན། བདུད་མགོན་སྐྱབས་ཉིད་ལས་གནས་བརྟན་སྲུང་བྱེད་སྒང་དུ་སྙིང་རྩ་འགག་སྟེ་འདས་གྲོངས་སུ་གྱུར་ལ། གཞུང་དོན་གྱི་ཆེད་དུ་འདས་པ་ལགས། ལོ47ཡིན། ཁོའི་ལས་གྲོགས་ཤིག་གིས་བཤད་རྒྱུར། དཀའ་སྤྱད་འབད་འབུངས་ཀྱི་རྒྱབ་རོལ་ན་ཏང་ལ་དགའ་བའི་སེམས་པ་རྣམ་དག་ཅིག་ཡོད་ལ། དམངས་སེམས་སྐྱོང་བའི་བརྩེ་བ་སླད་མེད་ཅིག་ཀྱང་ཡོད།
2021ལོའི་ཟླ4བར། བདུད་མགོན་སྐྱབས་ཐུན་ཏེ་རྫོང་འཕྲལ་སྡོམ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ལ་བསྐོས། ཁོ་རང་དུས་ཡུན་རིང་བོར་གཞི་རིམ་དུ་ལས་དོན་གཉེར་བའི་དབང་གིས་ཉེན་འགོག་གེགས་སེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་མཆིས་མོད། འོན་ཀྱང་འཕྲལ་སྡོམ་དོ་དམ་ལས་དོན་ལ་ཆེད་ལས་རང་བཞིན་ལྡན་པས་སྔར་བཞིན་སྤྱི་ཁོག་རང་བཞིན་གྱིས་སློབ་སྦྱོང་བྱ་དགོས་འདུག ཁོང་གི་གཞུང་ལས་ཁང་གི་སྒྲོམ་སྟེགས་སུ་ཆེད་ལས་དཔེ་དེབ་མང་པོ་བསྒྲིགས་ཡོད་ལ། ལས་འགན་འཁུར་བའི་ལོ་ངོ་གཉིས་ཀྱི་རིང་ཟིན་བྲིས་དེབ8ལ་བྲིས་ནས་ཚར་འདུག ཁོས་ད་དུང་མཚན་མོའི་ལས་རེས་ཀྱི་དུས་ཚོད་བེད་སྤྱད་ནས“འཕྲལ་སྡོམ་སློབ་ཚན་ཆུང་གྲས”ཤིག་བཙུགས་ཏེ་ལས་གྲོགས་ཚོ་དང་མཉམ་དུ་སློབ་སྦྱོང་བྱེད་མུས་འདུག
2021ལོའི་ཟླ6པའི་ཚེས10ཉིན། ཁྲའེ་སྣུམ་ཏུན30ལྷག་ཙམ་སྐྱེལ་འདྲེན་བྱེད་ཀྱིན་པའི་སྣུམ་སྣོད་རླངས་འཁོར་ཞིག་མྱུར་བགྲོད་གཞུང་ལམ་སྟེང་དུ་དོན་རྐྱེན་བྱུང་ཡོད་ལ། རྨ་ཆུ་དང་བར་ཐག་སྤྱི་ལེ10ཙམ་ལས་མི་འདུག་པས། གལ་ཏེ་མྱུར་དུ་ཐག་གཅོད་མ་ཐུབ་ན་ཆུ་བོར་སྦགས་བཙོག་བཟོ་ངེས་ཡིན། བདུད་མགོན་སྐྱབས་ཀྱིས་དུས་ཐོག་ཏུ་ཏང་ཡོན་རྣམས་ལ་སྣེ་ཁྲིད་དེ་ཉེན་ཁ་ལ་མ་འཛེམ་པར་ཉེན་འགོག་འཕྲུལ་ཆས་སྣ་ཚོགས་ཆེད་ལས་རང་བཞིན་གྱི་སྒོ་ནས་བེད་སྤྱོད་བྱས་ཏེ་ཉེན་ཁ་སྔོན་འགོག་བྱེད་པར་མཛུབ་སྟོན་གང་ལེགས་བྱས་མཐར། ཁྲའེ་སྣུམ་རླངས་འཁོར་ཆུ་ནང་དུ་ལྷུང་བའི་ཉེན་ཁ་ཇེ་ཆུང་དང་ཆུར་འབག་བཙོག་བཟོ་བའི་ཤུགས་རྐྱེན་ཡང་མེད་པར་བཟོས། ཐུན་ཏེ་རྫོང་འཕྲལ་སྡོམ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲུའུ་ཡན་གྱིས་བཤད་རྒྱུར། “ལས་གྲོགས་བདུད་མགོན་སྐྱབས་ཀྱིས་རྒྱུན་དུ་ང་ཚོ་ལ་ནམ་རྒྱུན་རང་ཉིད་ཀྱི་འགན་འཁུར་གཙུགས་སུ་བཟུང་ནས་ཏང་དང་མི་དམངས་ལ་ཞབས་ཞུ་བཟང་བོ་ཞུ་བྱེད་དགོས”ཞེས་བཤད།
བདུད་མགོན་སྐྱབས་ཀྱི་གཞུང་ལས་ཁང་དུ་ཉལ་ཁྲི་ཆུང་ཆུང་ཞིག་ཡོད་ལ། ཁོ་རང་འཕྲལ་སྡོམ་དོ་དམ་ཅུའུ་ཡི་འགན་འཁུར་བར་བསྐོས་པ་ནས་བཟུང་། རྒྱུན་དུ་རང་ཁྱིམ་དུ་མི་ལོག་པར་ཉལ་ཁྲི་དེའི་སྟེང་དུ་ཉལ་ནས་འཕྲལ་སྡོམ་གྱི་དོན་རྐྱེན་བྱུང་ཚེ་དུས་ཐོག་ཏུ་མྱུར་སྐྱོབ་བྱེད་པའི་ལས་སུ་བྲེལ་བར་དུས་ནམ་ཡང་གྲ་སྒྲིག་གིས་འདང་ཡོད་པ་རེད།
2022ལོའི་ཟླ8པའི་ཚེས2ཉིན་གྱི་དགོང་མོར། འབའ་ལུང་ཤང་རྒྱ་རག་སྡེ་བར་དྲག་ཆར་བབས་ནས་ཆུ་ལོག་གི་གནོད་འཚེ་བྱུང་དུས། བློ་མཐུན་བདུད་མགོན་སྐྱབས་དུས་ཐོག་ཏུ་ཡུལ་དངོས་སུ་སོང་སྟེ། གཙང་འགྲམ་དུ་གཞིས་ཆགས་པའི་ཁྱིམ་ཚང35ལྷག་གནས་སྤོར་བྱེད་དུ་བཅུག་ནས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་ཁག་འཁུར་བྱས་པ་རེད།
བློ་མཐུན་བདུད་མགོན་སྐྱབས་ནི་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ཡོད་པའི་ཏང་གི་ལས་བྱེད་པ་བཟང་བོ་ཞིག་ཡིན་ལ། ཁོ་རང་རྒྱུན་དུ་གཞི་རིམ་དུ་བསྐྱོད་ཐེངས་རེར་བྱིས་པ་རྣམས་ལ་ཀ་ར་ཉོས་ནས་སྟེར་བ་དང་། འཚོ་བའི་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་རམ་བྱས་ནས་འཕྲལ་སྡོམ་གྱི་དོན་རྐྱེན་སྒྲུབ་པའི་ཞོར་ནས་ཀྱང་དམངས་ལ་བག་ཆགས་བཟང་བོ་འཇོག་པ་རེད། གཞན་ཡང་རོང་འབྲོག་མང་ཚོགས་རྣམས་ལ་འཕྲལ་སྡོམ་གྱི་རྒྱུན་ཤེས་སྒྲོག་འགྲེལ་བྱེད་པ་དང་ཉེན་ཡོལ་གྱི་ཐབས་ཇུས་སློབ་ཁྲིད་བྱེད་པ། དུས་རྒྱུན་ཆར་ཐོགས་ཆེ་བའི་སྐབས་སུ་ཁོས་ལས་སྒྲུབ་མི་སྣ་དག་ཁྲིད་ནས་ཕྱོགས་གང་སར་ལྟ་རྟོག་བྱེད་པ་དང་འབྲོག་པ་མང་ཚོགས་ལ་རོགས་རམ་བྱས་ནས་རང་བྱུང་གི་གནོད་འཚེ་སྔོན་འགོག་བྱེད་པར་འགན་འཁྲི་གཙོ་བོ་ཞིག་ལ་བརྩིས་ཡོད་པ་རེད།
2022ལོར། བློ་མཐུན་བདུད་མགོན་སྐྱབས་མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས“སྔོན་ཐོན་མི་སྒེར”ལ་བདམས་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།