མཚོ་ལྷོའི་མཁས་གྲུབ་རིམ་བྱོན་གྱི་གསུང་འབུམ་དཀར་ཆག་འཚོལ་བསྡུའི་བརྡ་ཡིག

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-09-01 11:39:00 ཀློག་གྲངས།:
       ས་གནས་ཀྱི་གནའ་དཔེ་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྒྱུད་རིམ་ཧྲིལ་པོར་ཞབས་འདེགས་གང་ལེགས་ཞུ་བ་དང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ལས་དོན་ཞིག་ཡིན་པར་མ་ཟད། ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་ལ་སྲུང་སྐྱོབ་དང་བདག་དོམ་བྱེད་པའི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན། དེ་བས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་ལས་དོན་འདིར་དོ་སྣང་དང་གཙིགས་ཆེན་བྱས་ཏེ་རང་ཁུལ་གྱི་སྔོན་བྱོན་མཁས་གྲུབ་དག་གི་གསུང་རྩོམ་དང་གསུང་འབུམ་གང་ཡོད་འཚོལ་བསྡུ་དང་དག་སྒྲིག པར་སྐྲུན་བྱ་འཆར་ཡོད་པས། མཁྱེན་རྒྱ་ཡངས་པ་དག་གིས་འདི་ལ་དོ་སྣང་བྱས་ཏེ་གཤམ་གསལ་དཀར་ཆག་ནང་འདུས་མེད་པའི་མཚོ་ལྷོ་ཁུལ་གྱི་མཁས་གྲུབ་དག་གི་གསུང་འབུམ་བཞུགས་པ་མཁྱེན་ན་མཁས་པའི་མཚན་དང་གསུང་གི་དཀར་ཆག གསུང་གང་དུ་བཞུགས་པ་བཅས་ཀྱི་གནས་ཚུལ་རེ་ཡིག་ཟམ་མམ་ཁ་པར་བརྒྱུད་དེ་འདོན་སྤྲོད་གནང་རྒྱུ་མཁྱེན་ནོ། །
       ཡིག་ཟམ། amdotibet@163.com
       ཁ་པར་ཨང་གྲངས། 18097088306/18689185044

མཚོ་ལྷོའི་མཁས་གྲུབ་རིམ་བྱོན་གྱི་གསུང་འབུམ་དཀར་ཆག

ཀ་གྱ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་གསུང་འབུམ། རེ་གཉིས་བཞུགས།
སྐུ་འབུམ་དགེ་བཤེས་ཀྱི་གསུང་འབུམ། བྲིས་མ་འགའ་རེ་བཞུགས།
ཁ།
མཁས་གྲུབ་བྱམས་པ་བཟང་པོའི་གསུང་འབུམ། པོད་གཉིས་བཞུགས།

དགུ་རོང་བློ་བཟང་དམ་ཆོས་ཀྱི་གསུང་འབུམ། པོད་ཆུང་གསུམ་བཞུགས།
གྲུབ་དབང་གཡུང་དྲུང་ལྷུན་གྲུབ་ལ་གསུང་འབུམ། པོད་གཅིག་བཞུགས། འཁྲུངས་ཡུལ་ནི་མང་རྫོང་སུམ་མདོ་ཡུལ་ཚོ་བོན་བརྒྱ་སྡེ་བདུན་གྱི་ཁོངས་གཏོགས་ཡིན།
ང་།
ངག་དབང་ཟླ་གྲགས་ཀྱི་གསུང་འབུམ། པོད་གཅིག་བཞུགས།
སྔགས་སའི་དགེ་བཤེས་ཆེན་མོའི་གསུང་འབུམ། པོད་བཞུགས།
ཇ།
རྗེ་བཙུན་བློ་བཟང་འོད་ཟེར་གྱི་གསུང་འབུམ། པོད་ཆུང་གཅིག་བཞུགས།
རྗེ་བློ་བཟང་འོད་ཟེར་ཆུང་བའི་གསུང་འབུམ། རེ་གཉིས་བཞུགས།
ཉ།
རྙེ་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་འཛིན་ཉི་མ། 1740-1800 པོད་འགའ་བཞུགས།
རྙེ་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན། 1802-1849 ཨ་རིག པོད་གཉིས་བཞུགས།
ཐ།
ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་གསུང་འབུམ། པོད་ཆུང་གཅིག་བཞུགས།
ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་གསུང་འབུམ། པོད་ཆུང་གཅིག་བཞུགས།
ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོའི་གསུང་འབུམ། པོད་ཆུང་གཅིག་བཞུགས།
པ།
སྤྲེལ་རྫོང་བློ་བཟང་འོད་ཟེར་གྱི་གསུང་འབུམ། རེ་གཉིས་བཞུགས།
བ།
བོན་རྒྱའི་སངས་རྒྱས་རྒྱ་མཚོའི་གསུང་འབུམ། པོད་ཆུང་གཅིག་བཞུགས།
བྲག་དཀར་སྔགས་རམས་པའི་གསུང་འབུམ། པོད་གཉིས་བཞུགས།
བོན་བརྒྱ་རང་ཤར་རིག་གྲོལ་ལ་གསུང་འབུམ། པོད་གཅིག་བཞུགས། འཁྲུངས་ཡུལ་ནི་མང་རྫོང་སུམ་མདོ་ཡུལ་ཚོ་བོན་བརྒྱ་སྡེ་བདུན་གྱི་ཁོངས་གཏོགས་ཡིན།
བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ལ་གསུམ་འབུམ། པོད་གཉིས་བཞུགས། འཁྲུངས་ཡུལ་ནི་མང་རྫོང་སུམ་མདོ་ཡུལ་ཚོ་བོན་བརྒྱ་སྡེ་བདུན་གྱི་ཁོངས་གཏོགས་ཡིན།
བྱང་སྟོན་ནམ་མཁའ་རྒྱལ་མཚན་ལ་གསུང་འབུམ། པོད་གཅིགབཞུགས། འཁྲུངས་ཡུལ་ནི་མང་རྫོང་སུམ་མདོ་ཡུལ་ཚོ་བོན་བརྒྱ་སྡེ་བདུན་གྱི་ཁོངས་གཏོགས་ཡིན།
ཙ།
གཙང་པན་ཊི་ཏའི་གསུང་འབུམ། པོད་ཆུང་གཅིག་བཞུགས།
ཟ།
བཟོད་པ་རྒྱ་མཚོའི་གསུང་འབུམ། པོད་ཆུང་གཅིག་བཞུགས།
ར།
རུ་མང་བྱམས་པ་འཕྲིན་ལས་ཀྱི་གསུང་འབུམ། པོད་གཉིས་བཞུགས།
ལ།
ལ་མོ་ཡོངས་འཛིན་གྱི་གསུང་འབུམ། པོད་འགའ་བཞུགས།
བླ་ནག་པ་དམ་ཆོས་རྒྱ་མཚོའི་གསུང་འབུམ། པོད་ཆུང་གཅིག་བཞུགས།
ཤ།
རིག་སྨོན་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ། པོད་ཆུང་བཞི་བཞུགས།
ས།
སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ། པོད་ཉི་ཤུ་བཞུགས།
ཧ།
ལྷ་རམས་པ་མཁྱེན་རབ་རྒྱ་མཚོའི་གསུང་འབུམ། རེ་གཉིས་བཞུགས།
ཨ།
ཨ་རོལ་ལུང་རྟོགས་རྒྱ་མཚོའི་གསུང་འབུམ། པོད་ཆུང་གཅིག་བཞུགས།
ཨོའུ་རྒྱ་རྡོ་རྗེ་འཆང་འཇམ་དཔལ་མཁྱེན་རབ་གྱི་གསུང་འབུམ། པོད་ཆུང་གཅིག་བཞུགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།