བོད་ལྗོངས་ཀྱིས་གནའ་དཔེ་ཤོག་གྲངས་ཁྲི་4ཙམ་གྲངས་གཞིར་བཟོས་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-09-04 09:31:50
ཀློག་གྲངས།:
སྤྱི་ཟླ9ཚེས1ཉིན༼གཙང་ཆབ་སྔོན་མོས་སྲིད་པའི་མཐའ་རུ་འབབ། ཤེས་རིག་བདུད་རྩིས་བསྐལ་བརྒྱར་བྱིན་གྱིས་རླབས།༽ཞེས་པའི་སྤྱི་ལོ2023ལོའི་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་གནའ་དཔེའི་འགྲེམས་སྟོན་བྱེད་སྒོ་ལྷ་སར་སྤེལ་བ་རེད།

སྤྱི་ལོ2017ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་གནའ་དཔེ587ཉར་ཚགས་བྱས་པ་དང་ཤོག་ལྷེ་ཁྲི4ཙམ་གྱི་རྩ་ཆེའི་གནའ་དཔེ་གྲངས་གཞིར་བཟོ་བའི་ལས་དོན་བསྒྲུབས་པ་མ་ཟད། རྩ་ཆེའི་ཐོན་ཁུངས་དེ་དག་རིམ་བཞིན་རྒྱ་ཆེའི་ཀློག་པ་པོར་རིན་མེད་ངང་གཟིགས་འབུལ་ཞུས་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང༼བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས༽ལ་བོད་ཡིག་གནའ་དཔེའི་ཚད་ལྡན་ཡིག་ཆ་ཆིག་ཁྲི་ལྔ་སྟོང་ལྷག་ཙམ་ཡོད་པའི་ནང་ནས་གནའ་དཔེ40ལྷག༼རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང༽ཞེས་པའི་ནང་བཅུག་ཡོད་པ་རེད། སྤྱི་ལོ2017ལོ་ནས་བཟུང་སྔར་ལས་ལྷག་པའི་སྒོ་ནས་རྩ་ཆེའི་གནའ་དཔེ་དེ་དག་ཉར་ཚགས་དང་སྲུང་སྐྱོང་ཡག་པོ་བྱས་ནས་དེས་རྒྱ་ཆེའི་ཀློག་པ་པོར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ཉར་ཚགས་བྱས་པའི་རྩ་ཆེའི་གནའ་དཔེ་གྲངས་གཞིར་བཟོ་བའི་ལས་དོན་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་དཔེ་མཛོད་ཁང་གི་གནའ་དཔེ་དང་ས་གནས་ཚད་ལྡན་ཡིག་ཆ་གྲངས་གཞིར་བཟོ་བའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས། མིག་སྔའི་བར་ང་ཚོས་ལོ་རྒྱུས་ཀྱི་མི་སྣའི་སྐོར་བཀོད་པའི་གནའ་དཔེ167དང་། སྐད་ཡིག་བརྡ་སྤྲོད་རིགས་ཀྱི་གནའ་དཔེ240 རྩ་ཆེའི་གནའ་དཔེ་དང་སྨན་རྩིས་རིགས་ཀྱི་གནའ་དཔེ180བཅས་གྲངས་གཞིར་བཟོས་ཡོད། ལས་དོན་དེས་བོད་ལྗོངས་ཀྱི་གནའ་དཔེ་ཚད་ལྡན་ཡིག་ཆ་ཉར་ཚགས་དང་བེད་སྤྱོད་དབར་གྱི་འགལ་ཟླ་ནུས་ལྡན་ངང་བསལ་ནས་དཔེ་རྙིང་ཤེས་བྱ་ཁྱབ་གདལ་དང་བརྒྱུད་བསྒྲགས་ཡག་པོ་བྱས་ཏེ་དུས་རབས་གསར་པར་ཀྲུང་ཧྭ་ཡི་གནའ་དཔེ་བརྒྱུད་སྤེལ་བྱེད་ཤུགས་དང་གསོན་ཤུགས་འཕེལ་བ་བྱ་རྒྱུར་གལ་ཆེའི་ནུས་པ་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད།

གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2009ལོར་བོད་ལྗོངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་འདུ་འགོད་དངོས་སུ་ལག་བསྟར་བྱས་པ་ནས་བཟུང་ཡོངས་བཤེར་ལས་དོན་མི་སྣས་བོད་ལྗོངས་ཀྱི་གནའ་དཔེ་ཉར་ཚགས་ཚན་པ1160ལེགས་སྒྲུབ་བྱས་པ་དང་གནའ་དཔེ18000ལྷག་ཙམ་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱས་ཤིང་། དེའི་ཁྲོད་ནས་གནའ་དཔེ305༼རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང༽ནང་བཅུག་པ་དང་། རིམ་རྩིས་བྱས་ན་རྩ་སྟོང་དུ་འགྲོ་ལ་ཉེ་བའི་དཔེ་རྙིང་ཤོག་ལྷེ7000ཙམ་གྱི་ཉམས་གསོའི་ལས་དོན་ལེགས་སྒྲུབ་བྱས་པ། དེ་བཞིན་བོད་ལྗོངས་ཀྱི་གཞི་རིམ་དཔེ་རྙིང་ཉར་ཚགས་ཚན་པ16གི་ཆ་རྐྱེན་ལེགས་སུ་གཏོང་བ་སོགས་ཀྱི་རྣམ་གྲངས་རབ་དང་རིམ་པ་ལེགས་སྒྲུབ་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།