མཐོ་འབྲིང་གི་སློབ་བསྡུའི་གཞི་ཁྱོན་ཇེ་ཆེར་གཏང་རྒྱུ་ཡིན་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2023-09-05 09:19:21 ཀློག་གྲངས།:
       “མཐོ་འབྲིང་དཀྱུས་མའི་ནང་དོན་གྲ་རྒྱས་ཡོང་བའི་འགུལ་སྐྱོད་ནི་གཙོ་བོ་རྣམ་པ་སྣ་མང་གི་མཐོ་རིམ་སློབ་འབྲིང་དཀྱུས་མ་གོང་དུ་སྤེལ་ཐུབ་མེད་པ་དང་། རྫོང་ཁག་ཅིག་གི་ཆུ་ཚད་མི་མཐོ་བ་དང་། མང་ཚོགས་ཀྱིས་ལས་རིགས་སློབ་གསོ་དང་མཐོ་འབྲིང་དཀྱུས་མའི་སློབ་གསོ་ཁག་བགོས་བྱས་པར་སེམས་ཁྲལ་བསླངས་ཡོད་པའི་གནད་དོན་ཐག་གཅོད་བཅས་བྱ་ཕྱིར་དུ་སྤེལ་བ་ཞིག་ཡིན”ཞེས་ཟླ8པའི་ཚེས30ཉིན་སློབ་གསོ་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། སློབ་གསོ་པུའུ་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི«དུས་རབས་གསར་པའི་རྨང་གཞིའི་སློབ་གསོའི་སྤུས་ཀ་ལེགས་བསྒྱུར་དང་སྤུས་འདེགས་འགུལ་སྐྱོད་འཆར་གཞི་ལག་བསྟར་སྐོར་གྱི་བསམ་འཆར»(གཤམ་དུ«སློབ་གསོའི་སྤུས་ཀ་ལེགས་བསྒྱུར་དང་སྤུས་འདེགས་འགུལ་སྐྱོད»ཅེས་བསྡུ་རྒྱུ)མཚམས་སྦྱོར་བྱེད་སྐབས་སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་ཐིན་ཙུའུ་དབྱིན་གྱིས་དེ་ལྟར་བརྗོད།
       ཐིན་ཙུའུ་དབྱིན་གྱིས་འདི་སྐད། «སློབ་གསོའི་སྤུས་ཀ་ལེགས་བསྒྱུར་དང་མཐོར་འདེགས་འགུལ་སྐྱོད»ཀྱིས་རྨང་གཞིའི་སློབ་གསོའི་མཁོ་སྤྲོད་ཕྱོགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་སྔར་ལས་ཇེ་ཆེར་གཏང་དགོས་པ་དང་། བྱིས་པ་ལེགས་སྐྱོང་དང་སློབ་གསོ་སྤུས་ལེགས་ཀྱི་རྨང་གཞི་སློབ་གསོའི་མ་ལག་གང་མགྱོགས་ཅི་མགྱོགས་ཀྱིས་བཙུགས་ཏེ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མི་འདང་བ་དང་མི་དམངས་མང་ཚོགས་ཀྱིས“སློབ་སྦྱོང་ཡག་པོར”རེ་བའི་བར་གྱི་འགལ་བ་རྩ་བ་ནས་ཐག་གཅོད་བྱས་ནས་མི་དམངས་མང་ཚོགས་ཀྱི་སློབ་གསོ་ཐད་ཀྱི་སྐྱིད་སྣང་ཇེ་ཆེར་གཏང་དགོས་ཞེས་བཤད།
       མཐོ་འབྲིང་དཀྱུས་མ་རྣམ་པ་སྣ་མང་གོང་དུ་སྤེལ་ཚད་མི་འདང་བ་དང་། རྫོང་ཁག་ཅིག་གི་ཆུ་ཚད་མི་མཐོ་བ། མང་ཚོགས་ཀྱིས་ལས་རིགས་སློབ་གསོ་དང་། མཐོ་འབྲིང་དཀྱུས་མའི་སློབ་གསོ་ཁག་བགོས་ལ་སེམས་ཁྲལ་བྱེད་པ་བཅས་ཀྱི་གནད་དོན་ལ་དམིགས་ཏེ། «སློབ་གསོའི་སྤུས་ཀ་ལེགས་བསྒྱུར་དང་མཐོར་འདེགས་འགུལ་སྐྱོད»ནང་མཐོ་འབྲིང་དཀྱུས་མའི་ནང་དོན་གྲ་རྒྱས་ཡོང་བའི་འགུལ་སྐྱོད་ལག་བསྟར་བྱ་དགོས་ཞེས་བཏོན་ཡོད་དེ།
       དང་པོ། མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། འགོ་འཛུགས་ས་མཐོ་པོའི་མཐོ་འབྲིང་དཀྱུས་མ་སྤུས་ལེགས“སྐོར་ཞིག་གསར་སྐྲུན”དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ནས་སློབ་གནས་མཁོ་སྤྲོད་ཇེ་མང་དུ་གཏང་དགོས།
       གཉིས་པ། སློབ་གཉེར་ལམ་སྲོལ་གསར་གཏོད་བྱས་ཏེ། ཚོགས་པ་ཅན་གྱི་སློབ་གཉེར་དང་། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར། ཁོངས་གཏོགས་མཐོ་རིམ་སློབ་གྲྭ་དང་ཞིང་ཆེན་ཁོངས་གཏོགས་མཐོ་སློབ་ཀྱི་ཚབ་གཉེར་རྫོང་ལ་སོགས“སྐོར་ཞིག་ལ་རོགས་སྐྱོར”བྱེད་པའི་ཐབས་ལམ་བརྒྱུད་ནས་སྤུས་ལེགས་ཀྱི་ཐོན་ཁུངས་བསྡོམས་འབོར་རྒྱ་བསྐྱེད་གཏང་དགོས།
       གསུམ་པ། སྣ་མང་ཅན་དུ་འཕེལ་རྒྱས་བཏང་སྟེ“ཁག་ཅིག”རིམ་སྤོར་བྱས་ནས་རྨང་གཞི་ཅུང་ལེགས་པའི་ས་ཁུལ་དང་སློབ་གྲྭ་ཁག་ཅིག་གིས་སྔོན་ལ་ཁྱད་ཆོས་ལྡན་པའི་སློབ་གཉེར་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་དང་། ཕྱོགས་བསྡུས་མཐོ་རིམ་སློབ་འབྲིང་འཕེལ་རྒྱས་ཧུར་ཐག་གཏོང་བ། ལས་རིགས་སློབ་གསོ་དང་མཐོ་འབྲིང་དཀྱུས་མའི་སློབ་གསོ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏང་དགོས།
       བཞི་བ། སློབ་བསྡུའི་འཆར་གཞི་ཕྱོགས་ནས་ད་ཡོད་ཀྱི་མཐོ་འབྲིང་དཀྱུས་མའི་སློབ་གྲྭའི་ཉལ་ཁང་གི་མི་མངོན་པའི་ཐོན་ཁུངས་ཀྱི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་བསྡུའི་འཆར་གཞིའི་བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ། “སྐོར་ཞིག་རྒྱ་སྐྱེད་གཏོང་བའི”མཐོ་འབྲིང་དཀྱུས་མའི་སློབ་བསྡུའི་གཞི་ཁྱོན་གོ་རིམ་ལྡན་པའི་ངང་རྒྱ་ཆེར་གཏང་དགོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།