ཀོས་ནན་རྫོང་གྲོང་གསེབ་དར་སྤེལ་དཔེ་སྟོན་རྫོང་གི་མིང་ཐོར་ཚུད་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2023-09-06 08:55:31 ཀློག་གྲངས།:
       ཟླ9པའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་ཡིས«2023ལོའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་རྫོང་གསར་འཛུགས་མིང་ཐོའི་སྤྱི་བསྒྲགས»ཁྱབ་བསྒྲགས་བྱས། པེ་ཅིང་གྲོང་ཁྱེར་ཕེན་ཀུའུ་ཁུལ་སོགས་ཡིག་ཐོག་སྙན་ཞུ་ཕུལ་བའི་སྡེ་ཁག་བརྒྱ2023ལོའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་རྫོང་གསར་འཛུགས་ཀྱི་མིང་ཐོར་འཇོག་རྩིས་ཡོད་ཅིང་། དེའི་ནང་རང་ཞིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཚུད་ཡོད་པ་དང་། དེ་ནི་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་རྗེས་སུ། མིང་ཐོ་དེར་བདམས་པའི་རང་ཞིང་གི་རྗོང་ཁག་གཉིས་པ་རེད།
       གྲོང་གསེབ་དར་སྤེལ་དཔེ་སྟོན་རྫོང་གསར་འཛུགས་ལ་སྐུལ་འདེད་གཏང་རྒྱུ་ནི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏང་བའི་བྱེད་ཐབས་གལ་ཆེན་ཞིག་ལ། རང་ཞིང་གིས་གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གསར་བསྐྲུན་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་ཁ་ཇེ་མགྱོགས་སུ་གཏང་བའི་གནད་འགག་ཀྱང་ཡིན། 2022ལོར། ཧོར་གྲོང་རྫོང་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་རྫོང་སྐོར་དང་པོ་གསར་འཛུགས་ཀྱི་མིང་ཐོར་ཚུད་པ་དེས། ཞིང་ཆེན་ཡོངས་ཀྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་འཚོལ་ཞིབ་དང་ལག་བསྟར་ལ་ཡང་བསྐྱར་བཀོལ་ཆོག་པ་དང་དཔྱད་གཞིར་འཛིན་ཆོག་པའི་གསར་འཛུགས་རྣམ་པ་ཞིག་ཡིན།
       ཀོས་ནན་རྫོང་ཐེངས་འདིའི་གསར་འཛུགས་མིང་ཐོར་ཚུད་རྗེས། ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་དགེ་མཚན་མངའ་བའི་ཐོན་ལས་ཀྱི་སྟོབས་ཤུགས་སྐྱེད་སྲིང་ཐུབ་རྒྱུ་མ་ཟད། གལ་གནད་ཅན་གྱི་ཁྱབ་ཁོངས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བཟང་བྱེད་ཐུབ་པས། ཞིང་ཆེན་ཡོངས་ཀྱི་རིགས་མཐུན་ས་ཁུལ་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་ནུས་ལྡན་གཏང་ཐུབ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།