མཁས་དབང་ཚོས་བོད་ཡིག་གནའ་དཔེ་སྲུང་སྐྱོབ་ཐད་བགྲོ་གླེང་གནང་།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-10-24 14:32:03
ཀློག་གྲངས།:
ཉེ་ཆར། རྒྱལ་ཡོངས་ཀྱི་བོད་ཡིག་གནའ་དཔེ་དང་ཡིག་ཚང་ལེགས་སྒྲིག་དང་ཞིབ་འཇུག་གི་མཐོ་རིམ་གླེང་སྟེགས་སྐབས་ལྔ་པ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གཉེར་བ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་བཀྲ་ཤིས་ཚེ་རིང་གིས། དེང་གི་འཛམ་གླིང་ཉིད་ཆ་འཕྲིན་ཅན་དུ་འགྱུར་བའི་རྒྱབ་ལྗོངས་ཆེན་མོའི་འོག བོད་ཡིག་གནའ་དཔེ་དང་ཡིག་ཚང་དྲ་མིག་ཅན་དང་གྲངས་འཛིན་ཅན་དུ་འགྱུར་བ་བྱ་རྒྱུ་དེ་བོད་ཡིག་གནའ་དཔེ་དང་ཡིག་ཚང་ལས་དོན་གྱི་བརྗོད་དོན་གཙོ་བོར་གྱུར་ཡོད་ཅེས་གསུངས།

གླེང་སྟེགས་རིང་། རིགས་གཅིག་མཁས་དབང་དང་ཤེས་ལྡན་པ་མང་པོས་བོད་ཡིག་གནའ་དཔེ་སྲུང་སྐྱོབ་དང་གྲངས་འཛིན་ཅན་དུ་འགྱུར་བའི་ཐད་སྤེལ་རེས་གཏིང་ཟབ་གནང་ཡོད།
མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་གཞོན་པ་བསོད་ནམས་ཚེ་རིང་གིས། བོད་ཡིག་ནི་ཀྲུང་གོའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། གང་དེ་ཆ་འཕྲིན་ཅན་དང་གྲངས་འཛིན་ཅན་དུ་འགྱུར་བ་བྱ་རྒྱུ་ནི་དུས་རབས་གོང་འཕེལ་གྱི་ལྡོག་མེད་གདམ་ག་ཞིག་རེད་ཅེས་གསུངས།

ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ལོ2017ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ཉར་ཚགས་བྱས་པའི་རྩ་ཆེའི་གནའ་དཔེ་དང་ཡིག་ཚང་ཁྲི་བཞིར་ཉེ་བ་གྲངས་འཛིན་ཅན་དུ་འགྱུར་བའི་ལས་དོན་ལེགས་སྒྲུབ་བྱུང་ཡོད། བོད་ལྗོངས་སློབ་ཆེན་དུ་བོད་ཡིག་གནའ་དཔེ་ཞིབ་འཇུག་སུའོ་བཙུགས་ནས་བོད་ཡིག་གནའ་དཔེ་དང་ཡིག་ཚང་ཉར་ཚགས་དང་། སྲུང་སྐྱོབ། མྱུར་སྐྱོབ། ཞིབ་འཇུག་བཅས་བྱས་པ་དང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་བོད་ལྗོངས་རིག་གནས་ཁྱད་ལྡན་གྲངས་མཛོད་བཙུགས་ཏེ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་པར་ཡིག་ཚང་ཐོན་ཁུངས་མཉམ་སྤྱོད་ཀྱི་སྟེགས་བུ་བསྐྲུན་ཡོད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ནས། བཀྲ་ཤིས་ཚེ་རིང་རྒྱུན་དུ་ཆ་འཕྲིན་ལག་རྩལ་དང་གྲངས་འཛིན་ཅན་གྱི་ལས་ཀར་གཞོལ་བཞིན་ཡོད། སྔོན་མ། ཁོང་གིས་བོད་ཡིག་ཨང་སྒྲིག་གི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་གཞིའི་ཞིབ་བཟོའི་ལས་དོན་ནང་ཞུགས་མྱོང་ཡོད་ལ། ད་དུང་ཝུའེ་རོན་ལ་ཧི་མ་ལ་ཡ་བོད་ཡིག་ཡིག་གཟུགས་དང་བོད་ཡིག་ནང་འཇུག་བྱེད་ཐབས་ཞིབ་འཇུག་གསར་སྤེལ་ཡང་གནང་མྱོང་། ད་ཆ། ཁོང་གིས་བོད་ཡིག་གནའ་དཔེ་རིགས་དབྱེའི་རྒྱལ་ཁབ་ཀྱི་ཚད་གཞི་བཟོ་བའི་ཐད་འབད་བརྩོན་གནང་བཞིན་ཡོད།

བོད་ལྗོངས་མི་རིགས་སློབ་ཆེན་དཔེ་མཛོད་ཁང་གི་དམིགས་བསལ་ཉར་ཚགས་པུའི་ཀྲུའུ་རིན་གཞོན་པ་ཝང་ཁྲའོ་ཡིས། བོད་ཡིག་གནའ་དཔེ་གྲངས་འཛིན་ཅན་དུ་འགྱུར་བའི་ཐད། བོད་ལྗོངས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་། བོད་ལྗོངས་མི་རིགས་སློབ་ཆེན་སོགས་སློབ་གླིང་དང་ཚན་པས་གྲངས་འཛིན་ཅན་གྱི་སྟེགས་བུ་བསྐྲུན་ཡོད་པས། འཚོལ་བཤེར་བྱེད་དུས་ཧ་ཅང་གི་སྟབས་བདེ་པོ་ཡོད། འོན་ཀྱང་། མང་ཆེ་བ་སློབ་གྲྭའི་ནང་ཁུལ་ལམ་དཔེ་མཛོད་ཁང་ནང་བེད་སྤྱོད་བྱེད་པ་ཙམ་ཡིན་ཞེས་དང་། ཁོང་གིས། བོད་ཡིག་གནའ་དཔེའི་གྲངས་འཛིན་ཅན་གྱི་མཉམ་འཛུགས་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས་ན། ཕྱོགས་གཅིག་ནས་བོད་ཡིག་གནའ་དཔེ་གྲངས་འཛིན་ཅན་དུ་འགྱུར་རྒྱུ་དེ་གནའ་དཔེ་ཤར་འབེབས་དང་། ནང་འཇུག་བྱེད་པ་ནསOCRཡི་དབྱེ་འབྱེད་དག་བཅོས་བྱེད་པའི་བར་གྱི་ལས་དོན་དང་ལྷུ་ཚིགས་ཁག་ཚད་ལྡན་བཟོ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རང་གནས་རིང་ལུགས་ཀྱི་བཀག་རྒྱ་སེལ་ཏེ་ཐོན་ཁུངས་མཉམ་སྤྱོད་བྱེད་རྒྱ་ཆེ་རུ་བཏང་ནས་བེད་སྤྱོད་དང་རྒྱུན་འཛིན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།