«མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་སྐུལ་འདེད་སྲོལ་ཡིག»ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-11-06 17:49:19 ཀློག་གྲངས།:
       ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་སྟེང«མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་སྐུལ་འདེད་སྲོལ་ཡིག»(གཤམ་དུ«སྲོལ་ཡིག»ཅེས་བསྡུས་ཡོད)ལ་གྲོས་འཆམ་བྱུང་བ་དང་། «སྲོལ་ཡིག»ལ་བསྡོམས་པས་ལེའུ9དང་དོན་ཚན76ཡོད་ལ། ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
       «སྲོལ་ཡིག»དེ་ནི་གྲོང་གསེབ་དར་སྤེལ་སྐུལ་འདེད་བཅའ་ཁྲིམས་སོགས་ཀྱི་ཁྲིམས་ལུགས་གཞིར་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གྲོང་གསེབ་དར་སྤེལ་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་མཚོ་སྔོན་གྱི་ས་གནས་སོ་སོས་ལག་བསྟར་བྱས་ཤིང་ཕན་འབྲས་ཐོན་པའི་ལག་ལེན་གྱི་ཉམས་མྱོང་དག་ཁྲིམས་བཀོད་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་ཏེ། རང་ཞིང་གི་གྲོང་གསེབ་དར་སྤེལ་གྱི་སྒྲིག་སྲོལ་ནང་རྐྱེན་དང་སྲིད་ཇུས་མ་ལག་སྒྲིག་འཛུགས་བྱས་ནས། “ཞིང་གསུམ”གནད་དོན་གཅིག་གྱུར་འཆར་འགོད་སྒོས་ཐག་གཅོད་པ་དང་། གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ཕྱོགས་བསྡུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་སྒྲིག་ཁྲིམས་ཤིག་རེད།
       «སྲོལ་ཡིག»གིས་ཞིང་ལས་ཞིང་སྡེ་དམིགས་སུ་བཟུང་སྟེ་འཕེལ་རྒྱས་གཏོང་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་འཚོ་སྡོད་ལ་འཚམ་པ། རིག་གནས་དར་རྒྱས། རྩ་འཛུགས་འཛུགས་སྐྲུན། འཇོན་མིའི་འདེགས་སྐྱོར། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་སོགས་ཀྱི་ཐད་ལ་བྱེ་བྲག་གི་གཏན་འཁེལ་བྱས་ཡོད་ཅིང་། སྤུན་ཟླའི་ཞིང་ཆེན་གྱི་ཁྲིམས་འཛུགས་གྲུབ་འབྲས་དང་ཉམས་མྱོང་བྱེད་ཐབས་ལ་དཔེ་ལྟ་གང་ལེགས་བྱས་པ་དང་། ཞིང་ཆེན་གྱི་གནས་ཚུལ་དང་གསར་གཏོད་ཀྱི་གྲུབ་འབྲས་དང་ཟུང་དུ་སྦྲེལ་ཏེ། ཁ་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ཡོད། དེ་ནི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་སྲུང་འཛིན་བྱེད་པར་ཕན་ཞིང་། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་བ། རོང་འབྲོག་ཁུལ་འཚོ་སྡོད་དང་ལས་ཀར་འཚམ་པ། རོང་འབྲོག་པ་འབྱོར་ཕྱུག་དང་ལྡན་པ་བཅས་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།
       «སྲོལ་ཡིག»གིས་རང་ཞིང་གི་གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་ས་གནས་ཁྲིམས་འཛུགས་ཀྱི་སྟོང་ཆ་བསྐངས་ཡོད་ལ། ཞིང་སྡེའི་ཐོན་ལས་དར་རྒྱས་དང་འཇོན་མི་དར་རྒྱས། རིག་གནས་དར་རྒྱས། སྐྱེ་ཁམས་དར་རྒྱས། རྩ་འཛུགས་དར་རྒྱས་དང་གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།