བོད་སྨན་ལ“རྒྱུད་གཅིག་ལམ་གཅིག”འཛུཊ་སྐྲུན་ཁྲོད་ཐུན་མིན་བཟང་ཆ་ལྡན།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-11-08 15:27:44
ཀློག་གྲངས།:
ཚེས5ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ། ཞིབ་འཇུག་པ་ནོར་བུ་བཀྲ་ཤིས་ཀྱིས་ལྷ་སར། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་བོད་ལུགས་གསོ་རིག་དང་བོད་སྨན་ལ་ཐུན་མོང་མ་ཡིན་པའི་བཟང་ཆ་ལྡན་ཡོད་པས། རྒྱལ་ཁབ་ཁག་གི་དམངས་སེམས་འབྲེལ་མཐུད་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་བ། དེ་བཞིན་རྒྱལ་ནང་གི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཐད་ནུས་པ་དང་རིན་ཐང་གལ་ཆེན་ལྡན་ཡོད་ཅེས་བརྗོད་ཡོད།
ཉིན་དེར། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གོ་གསར་འགྱུར་ཁང་གིས་གཙོ་གཉེར་བྱས་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་རེད། ནོར་བུ་བཀྲ་ཤིས་ཀྱིས་བགྲོ་གླེང་ཚོགས་འདུའི་ཐོག ད་ལོ་ནི་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་རེད། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་མི་རྣམས་ཀྱི་བདེ་ཐང་འདུ་ཤེས་དང་གསོ་རིག་མ་དཔེར་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྤེལ་རེས་མཉམ་ལས་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་དེ་ཀྲུང་གོའི་ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཁག་གཅིག་གི་ནང་བརྒྱུད་སྤེལ་དང་འཕེལ་རྒྱས་གཏོང་བའི་ཐད་ལོ་རྒྱུས་ཀྱི་རྨང་གཞི་ཟབ་མོ་ལྡན་ཡོད་ལ། ཉེ་བའི་ལོ་ཤས་རིང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད། མིག་སྔར། བོད་ལུགས་གསོ་རིག་དང་བོད་སྨན་ཨ་ཤེ་ཡ་ལྷོ་མ་དང་མོང་གོལ་རྒྱལ་ཁབ། ཨ་རི། ཡོ་རོབ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་ཁྱབ་ཡོད་ཅིང་། ཚད་གཞི་མི་འདྲ་བའི་སྒོ་ནས་བཀོལ་སྤྱོད་དང་འཕེལ་རྒྱས། ཞིབ་འཇུག་བཅས་བྱེད་བཞིན་ཡོད་པ་རེད།
ནོར་བུ་བཀྲ་ཤིས་ཀྱིས། བོད་ལུགས་གསོ་རིགས་དང་བོད་སྨན་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་མང་པོར་དགའ་བསུ་ཆེན་པོ་ཐོབ་པ་དང་། ལྷག་པར་དུ་མོང་གོལ་རྒྱལ་ཁབ་དང་ཨུ་རུ་སུ། ནེ་པ་ལ། འབྲུག་ཡུལ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་བྱུང་ཡོད། གླེང་རིན་ཡོད་པ་ཞིག་ནི། མོང་གོལ་རྒྱལ་ཁབ་དང་འབྲུག་ཡུལ་དུ་བོད་ལུགས་གསོ་རིག་དང་བོད་སྨན་ལ་བཅའ་ཁྲིམས་ཀྱི་ཐོག་ནས་ཁས་ལེན་དང་ཕྱོགས་ཡོངས་ནས་མཐོང་ཆེན་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་འདས་ཟིན་པའི་ལོ་བཅུ་ནི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་འཕེལ་རྒྱས་ཆེ་ཤོས་ཀྱི་དུས་མཚམས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་བོད་ལུགས་གསོ་རིག་དང་བོད་སྨན་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ནུས་པ་ཆེ་རུ་འགྲོ་རྒྱུར་རམ་འདེགས་ཐུབ་ཡོད་པའི་ངོས་འཛིན་བྱས་ཡོད།
དཔེར་ན། 2018ལོར། “བོད་ལུགས་གསོ་རིག་གི་སྨན་ལུམས་གསོ་བཅོས་བྱ་ཐབས་ཏེ། ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་ཡམས་འགོག་བཅོས་སྐོར་གྱི་ཤེས་བྱ་དང་ལག་ལེན”དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་ཡོད། ད་ལོའི་ཟླ6པར། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ཉར་ཚགས་བྱས་ཡོད་པའི་པར་གཞི་རིགས་ལྔའི«རྒྱུད་བཞི»ལེགས་གྲུབ་ལྡན་པའི་ངང«འཛམ་གླིང་དྲན་ཐོའི་མིང་གཞུང»ནང་བཅུག་པ་རེད།
ནོར་བུ་བཀྲ་ཤིས་ཀྱིས། དེ་དག་ཚང་མ་ནི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱལ་སྤྱིར་ཕྱོགས་པའི་ལམ་ཚད་རྡོ་རིང་ལྟ་བུའི་བྱ་དོན་ཡིན། གོ་ལ་ཧྲིལ་པོའི་གསོ་རིག་ཁྱབ་ཁོངས་ནང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་། བོད་ལུགས་གསོ་རིག་དང་བོད་སྨན་དེ་ཉིད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཕེལ་རྒྱས་འཆར་འགོད་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་བྱ་རྒྱུར་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བཤད་ཡོད།
ནོར་བུ་བཀྲ་ཤིས་ཀྱིས། བོད་ལུགས་གསོ་རིག་དང་བོད་སྨན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོར་ཤུགས་རྐྱེན་དང་བཀོལ་སྤྱོད་ཀྱི་རིན་ཐང་རྒྱ་ཁྱབ་ལྡན་ཡོད། རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་མི་འདྲ་བར་ཡུལ་བབ་དང་བསྟུན་ཏེ། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཆེད་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་བཟང་ཆ་འདོན་སྤེལ་དང་། མིའི་རིགས་ཀྱི་བདེ་ཐང་བྱ་གཞག་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་ཆེད་ལེགས་སྐྱེས་འབུལ་ཆོག་ཅེས་བཤད་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།