ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་སྔོན་དུ་འབུམ་རམས་པ་ཕྱི་མའི་ཚན་རིག་ཞིབ་འཇུག་གི་ས་ཚིགས་ཐོག་མ་བཙུགས།
མཚོ་སྔོན་དུ་འབུམ་རམས་པ་ཕྱི་མའི་ཚན་རིག་ཞིབ་འཇུག་གི་ས་ཚིགས་ཐོག་མ་བཙུགས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-11-14 17:21:48
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་རིག་པའི་འབུམ་རམས་པ་ཕྱི་མའི་ཚན་རིག་ཞིབ་འཇུག་གི་སྐོར་སྐྱོད་ས་ཚིགས་ཐོག་མ་བཙུགས་པ།
ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཡོངས་ཀྱི་འབུམ་རམས་པ་ཕྱི་མའི་དོ་དམ་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་མི་རིགས་རིག་པའི་འབུམ་རམས་པ་ཕྱི་མའི་ཚན་རིག་ཞིབ་འཇུག་གི་སྐོར་སྐྱོད་ས་ཚིགས་ཐོག་མ་བཙུགས་ནས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རིག་པའི་རིག་ཚན་འཛུགས་སྐྱོང་དང་། མི་རིགས་རིག་པའི་རིམ་པ་མཐོ་བའི་འཇོན་མི་ཁྲིད་གསོ། མི་རིགས་རིག་པའི་ཚན་ཞིབ་ཆུ་ཚད་མཐོར་གཏོང་། ཆུ་ཚད་མཐོ་པོས་ཤུགས་རྐྱེན་ལྡན་པའི་མི་རིགས་རིག་པའི་གྲུབ་འབྲས་ཐོན་པར་སྐུལ་མ་བཅས་གཏང་ཐུབ་པའི་སྟེགས་བུ་བཏོད་ཡོད།
མཚོ་སྔོན་ཞིང་ཆེན་མི་རིགས་སློབ་ཆེན་གྱི་མི་རིགས་རིག་པའི་འབུམ་རམས་ཕྱི་མའི་ཚན་རིག་ཞིབ་འཇུག་གི་སྐོར་སྐྱོད་ས་ཚིགས་བཙུགས་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་འཇོན་མིའི་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་གྱི་གནས་ཚུལ་ལ་མུ་མཐུད་དུ་ངོས་འཛིན་གཏིང་ཟབ་ཏུ་བྱས་ཏེ། མི་རིགས་ས་ཁུལ་གྱི་འཇོན་མི“གསོ་ཉར་བྱེད་པའི”གཙོ་གནད་ལས་འགན་ལ་དམིགས་ཏེ་འབུམ་རམས་པ་ཕྱི་མའི་ལས་དོན་རྒྱ་ཆེར་སྤེལ་རྒྱུ་དང་། “ཐོན་སློབ་ཞིབ་གསུམ་དང་སྤྱོད་གསུམ”གཞི་གཅིག་ཅན་གྱི་ལས་སྟེགས་ཧུར་ཐག་བཏོད་དེ་འབུམ་རམས་པ་ཕྱི་མའི་ལག་རྩལ་གྱི་སྣེ་ཁྲིད་དང་གསར་གཏོད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ལ་ཁྲིད་སྟོན་བྱ་རྒྱུ་རེད།
ད་སྔའི་བར་མཚོ་སྔོན་ཞིང་ཆེན་གྱིས་འབུམ་རམས་ཕྱི་མའི་ཚན་རིག་ཞིབ་འཇུག་ས་ཚིགས17བཙུགས་ཡོད་ཅིང་། དེའི་ནང་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་། ནུས་རྒྱུ་གཙང་མ། མཐོ་སྒང་གི་འགྲིམ་འགྲུལ་སོགས་ཁྱད་ལྡན་ཁྱབ་ཁོངས་དང་སྐྱེ་དངོས་རིག་པ། ས་ཁམས་རིག་པ། ལོ་རྒྱུས་རིག་པ། མི་རིགས་རིག་པ་སོགས་ལེགས་ལྡན་རིག་ཚན་ཚུད་ཡོད་པ་དང་། རིམ་རྩིས་བྱས་ན་འབུམ་རམས་ཕྱི་མ69བསྡུ་ལེན་བྱས་པ་དང་། ཚན་ཞིབ་རྣམ་གྲངས150གཉེར་རྒྱུར་གཙོ་སྐྱོང་བྱས་པ། ཁེ་བེད་བདག་ཐོབ་ཁག69འདུན་ཞུ་བྱེད་པ། རྣམ་གྲངས34ལ་ཆོག་མཆན་ཐོབ་པ། རྒྱལ་ཁབ་ཕྱི་ནང་དུ་དཔྱད་རྩོམ150དང་ཆེད་རྩོམ9སྤེལ། འབུམ་རམས་པ་ཕྱི་མར་རེ་ཞུ་ཞུས་པའི་ཚན་རིག་ཐེབས་རྩ42ཡོད་པ་དང་། རྣམ་གྲངས26ལ་ཆོག་མཆན་ཐོབ་ནས་མི་རིགས་ས་ཁུལ་གྱི་འཇོན་མིའི་སྦྲེལ་ཐག་དང་། གསར་གཏོད་འབྲེལ་ཐག ཐོན་ལས་འབྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས«མཚོ་སྔོན་ཞིང་ཆེན་གྱི་འབུམ་རམས་པ་ཕྱི་མའི་ལས་ཀའི་རིམ་དབྱེའི་དོ་དམ་ལག་བསྟར་ཇུས་གཞི»གཞིར་བཟུང་། མཚོ་སྔོན་མི་རིགས་སློབ་ཆེན་ལ་ཐེངས་གཅིག་རང་བཞིན་གྱི་ས་ཚིགས་འཛུགས་པའི་གྲོན་དངུལ་སྤྲད་དེ། མཚོ་སྔོན་མི་རིགས་སློབ་ཆེན་ལ་འབུམ་རམས་པ་ཕྱི་མའི་ལས་ཀའི་དོ་དམ་ལམ་ལུགས་འཛུགས་རྒྱུར་མཛུབ་ཁྲིད་བྱ་རྒྱུ་དང་། འབུམ་རམས་པ་ཕྱི་མའི་འཇོན་མི་ནང་འདྲེན་དང་། བེད་སྤྱོད། གདེང་འཇོག ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས་འཇོན་མིའི་འཕེལ་རྒྱས་ལ་ཁོར་ཡུག་ཡག་པོ་བཏོད་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།