ངོས་དང་པོ > སྐབས་དོན། > སྣ་ཚོགས། > དྲ་རྒྱའི་ཁྲིམས་འགལ་གྱི་བྱ་སྤྱོད་འདི་རིགས་ལ་རྡུང་རྡེག་བྱ་རྒྱུ་རེད།
དྲ་རྒྱའི་ཁྲིམས་འགལ་གྱི་བྱ་སྤྱོད་འདི་རིགས་ལ་རྡུང་རྡེག་བྱ་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-11-24 10:10:09
ཀློག་གྲངས།:
ཟླ11པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་གསལ་ལྟར་ན། ཉེ་ཆར། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་། ཞིང་ཆེན་སྤྱི་བདེ་ཐིང་། ཟི་ལིང་འགག་སྒོ། ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུའུ་བཅས་སྡེ་ཁག་བརྒྱད་དང་མཉམ་འབྲེལ་སྒོས་བྱ་སྤྱོད་ཇུས་གཞི་གཏན་འབེབས་བྱས། 2023ལོའི་ཟླ11པའི་ཚེས20ཉིན་ནས་ཟླ12པའི་ཚེས31ཉིན་བར་ཨང་ཚབ"དྲ་ཕུབ་ལས་འགུལ"ཞེས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དྲ་ཐོག་ཁྲིམས་འགལ་ཉོ་ཚོང་བྱ་སྤྱོད་ལ་གཙོ་གནད་ཐོག་རྡུང་རྡེག་དང་བཅོས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས།
ཐེངས་འདིའི་ལས་འགུལ་ནང་འགན་འཁྲི་ཁག་བགོས་ལྟར། རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཁྲིམས་འགལ་ངང་རྔོན་རྒྱག་པ་དང་། ཕྱིར་འཚོང་། ཉོ་སྒྲུབ། སྐུར་སྐྱེལ། བཟའ་སྤྱོད། བེད་སྤྱོད། ཕྱིར་གཏོང་ནང་འདྲེན་བཅས་བྱེད་པ་དང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་ཁྲིམས་འགལ་ངང་འཚོལ་བསྡུ་དང་། ཕྱིར་འཚོང་། ཉོ་སྒྲུབ་བཅས་བྱེད་པའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་འབྲེལ་བ་ཡོད་པ་དང་འབྲེལ་ཡོད་ཀྱི་ཁྲིམས་འགལ་མཚམས་སྦྱོར་བརྡ་ཁྱབ་རྫུན་མ་བསྒྲགས་པའི་རིགས་དང་། བཟའ་བྱ་དམིགས་ཡུལ་དུ་བཟུང་ནས་རི་སྐྱེས་སྲོག་ཆགས་རྔོན་རྒྱག་པ་དང་། ཕྱིར་འཚོང་། ཉོ་སྒྲུབ། སྐུར་སྐྱེལ། ཕྱིར་གཏོང་ནང་འདྲེན་བཅས་བྱས་པའི་རིགས་ལ་ཁྲིམས་ལྟར་ཉེས་ཆད་ལྕི་བའི་སྒོ་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཏུ། "དྲ་ཕུབ་ལས་འགུལ"སྤེལ་མཁན་མཚོ་སྔོན་གྱི་སྡེ་ཁག་སོ་སོས་གློག་རྡུལ་ཚོང་དོན་ལས་སྟེགས་དང་། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་། གླེང་སྟེགས་དྲ་ཚིགས་སོགས་དྲ་སྦྲེལ་ཁེ་ལས་དང་སྐུར་སྐྱེལ་ཁེ་ལས་ལ་སྒྲིག་སྲོལ་དང་ལམ་ལུགས་བཟོ་རྒྱུར་སྐུལ་འདེད་བཏང་ནས། དྲ་རྒྱའི་ཁྲིམས་འགལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉོ་ཚོང་གི་ཆ་འཕྲིན་དང་ཁུངས་སྣེ་འཚོལ་བསྡུ་བྱ་རྒྱུར་ཤུགས་སྣོན་པ་དང་། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། རྣམ་པ་དང་ཐབས་ལམ་མང་པོའི་ཐོག་ནས་འབྲེལ་ཡོད་ཁེ་ལས་དང་མི་སྒེར་ལ་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་སྟེ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་འདུ་ཤེས་དང་ཁྲིམས་སྲུང་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་དགོས།
གཞན་ཡང་། མཚོ་སྔོན་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་ལྟ་སྐུལ་ཁྲིད་སྟོན་ཚན་ཆུང་བཙུགས་ནས་ས་གནས་ཁག་ཏུ་སྤེལ་ཚུལ་ལ་ལྟ་སྐུལ་ཁྲིད་སྟོན་དང་ཞིབ་བཤེར་བྱ་རྒྱུ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་སྣེ་ཁྲིད་དེ"དྲ་ཕུབ་ལས་འགུལ"གྱི་ཁོངས་མིའི་ལས་ཁུངས་སྒྲིག་འཛུགས་བྱས་ནས་ཞིབ་བཤེར་ཚན་ཆུང་བཙུགས་ཏེ། གྲོང་ཁྱེར་དང་ཁུལ་རིམ་པའི་སྣོལ་སྡེབ་ཞིབ་བཤེར་བྱས་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེའི་བཟོས་རྫས་ལྐོག་འདྲེན་དང་། ཁྲིམས་འགལ་གྱིས་ཉོ་ཚོང་། ཁྲིམས་འགལ་གྱིས་སྐུར་སྐྱེལ་བཅས་བྱེད་མཁན་སྡེ་ཁག་གི་མཐུན་སྦྱོར་ནང་རྐྱེན་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།