ལྷ་ས་ནས་བྲག་བརྐོས་ཤིག་གསར་རྙེད་བྱུང་།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-22 10:15:48 ཀློག་གྲངས།:
       མི་དམངས་དྲ་བ་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཉེ་ཆར། སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཡར་ཀླུང་གཙང་པོའི་འགྲམ་དུ་གྲོང་མི་ཞིག་གིས་བྲག་བརྐོས་ལྷ་སྐུ་ཞིག་གསར་རྙེད་བྱུང་ཡོད།
       བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ལྟེ་གནས་དང་གྲོང་ཁྱེར་རིག་དངོས་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད། དེ་ནི་མིང་རྒྱལ་རབས་ཡུང་ལོ་ཁྲི་ལོའི་སྐབས་ཀྱི་བྲག་བརྐོས་ཡིན་པ་གཏན་འཁེལ་བྱས་པ་དང་། བྲག་བརྐོས་དེར་ལོ་རྒྱུས་ཞིབ་འཇུག་དང་སྒྱུ་རྩལ་དཔྱད་གཞིའི་ཐད་ཀྱི་རིན་ཐང་ཆེན་པོ་ལྡན་ཞིང་། རྫོང་དང་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཆ་རྐྱེན་འཛོམས་ཡོད།
       མིག་སྔར། ལྷ་ས་གྲོང་ཁྱེར་གྱིས་རིག་དངོས་དེ་ལ་རིགས་པས་ཁུངས་སྐྱེལ་སྔར་བས་བྱས་ནས། དུས་ཚོད་དམ་འཛིན་གྱིས་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ཡོད། སྙེ་མོ་རྗོང་ཐོན་པ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཞུས་ཀང་གིས་རིགས་གཅིག་མཁས་ཅན་གྱི་བསམ་འཆར་གཞིར་བཟུང་ནས་སྲུང་སྐྱོབ་ལས་དོན་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ནང་དོན་ཡོང་ཁུངས། མི་དམངས་དྲ་བ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།