རྩོམ་པ་པོ་རྣམ་ཚེ་རིང་ལ་པིང་ཤིན(冰心)ལྷུག་རྩོམ་བྱ་དགའ་ཐོབ་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲི
དུས་ཚོད།:2023-12-25 08:55:24
ཀློག་གྲངས།:3630
ཟླ12ཚེས23ཉིན། ཀྲུང་གོའི་ལྷུག་རྩོམ་སློབ་ཚོགས་དང་ཀྲུང་ཁྲོན་ཧྭ་ཞ་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་པས་མཉམ་དུ་གཉེར་བའི་སྐབས་བཅུ་པའི་པིང་ཤིན་ལྷུག་རྩོམ་བྱ་དགའ་སྤྲོད་པའི་མཛད་སྒོ་ཧྲེན་ཀྲེན་དུ་གཉེར་བ་རེད། ཧྥེང་ཅི་ཚའེ་ཡི«རི་མོ་ཁང་གི་ཡིད་དབང་འཕྲོག་ཡུལ»དང་ཆི་ཡུན་ཀྲི་ཡི«རྩི་ཤིང་། སྐད་ཆ་མི་བཤད་པའི་ཁྱིམ་མཚེས»ལི་ཞིང་ཡན་གྱི«བྱང་ཕྱོགས་སུ་བཞུར་བའི་དྭངས་གཙང་ཆུ་མོའི་ཆེད་དུ» རྣམ་ཚེ་རིང་གི«མེ་ཐང་དཔེ་འཕྲིན»སོགས་ཏེ་མི51ལ་ལྷུག་རྩོམ་ཕྱོགས་བསྒྲིགས་བྱ་དགའ་དང་། ལྷུག་རྩོམ་རྐྱང་པའི་བྱ་དགའ། ལྷུག་རྩོམ་གྱི་གཞུང་ལུགས་བྱ་དགའ་བཅས་ཐོབ་པ་དང་། དེ་མིན་མི10ལ་མིང་འདོན་བརྩམས་ཆོས་བྱ་དགའ་ཐོབ་པ་རེད།

དེའི་ནང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། སི་ཁྲོན་ཞིང་ཆེན་ཚགས་པར་གྱི“རྩེ་གྲ་བཅུའི”ཞོར་བཀོད་རྩོམ་ཚན་གྱི་རྩོམ་སྒྲིག་པ། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི«ཁམས་པའི་གཟའ་མཇུག»ལེ་ཚན་གྱི་འགན་འཁུར་བ་རྣམ་ཚེ་རིང་གི་ལྷུག་རྩོམ་ཕྱོགས་བསྒྲིགས«མེ་ཐང་དཔེ་འཕྲིན»ལ་སྐབས་བཅུ་པའི་པིང་ཤིན་ལྷུག་རྩོམ་བྱ་དགའ་ཐོབ་པ་རེད།

ད་ཐེངས་བྱ་དགའ་ཐོབ་པའི་ལྷུག་རྩོམ་ཕྱོགས་བསྒྲིགས«མེ་ཐང་དཔེ་འཕྲིན»ནི་ཧྲའན་ཞི་དགེ་འོས་སློབ་ཆེན་དཔེ་སྐྲུན་སྤྱི་ཁྱབ་ཁང་གིས་དཔེ་སྐྲུན་བྱས་པ་ཞིག་རེད། དེབ་དེར་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གི་གཙོ་གནད་ཟུར་སྐྱོར་ཐོབ་པ་དང་། 2022ལོའི་སི་ཁྲོན་རྩོམ་རིག་བརྩམས་ཆོས་ཀྱི་ཤུགས་རྐྱེན་ཐེབས་ནུས་མིང་གྲལ་ནང་ཚུད་ཡོད་པ་རེད།
«མེ་ཐང་དཔེ་འཕྲིན»ནང་རྒྱང་རིང་ཞིང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མངོན་ཡོད་པ་དང་། ཀློག་པ་པོ་རྣམས་རྩོམ་པ་པོའི་དྲན་པའི་གཏིང་རུམ་ལ་གནས་པའི་ཆོས་རིང་གྲོང་སྡེར་འཁྲིད་དེ། མེ་ཐང་གི་མཐའ་དང་འབྲོག་པ་སོགས་གྲོང་ཚོའི་གཏམ་རྒྱུད་ཀྱིས་མཉམ་དུ་བབ་ཆགས་ཤིང་རང་བཞིན་ལྷུན་དུ་གྲུབ་པའི་མཐའ་མཚམས་ས་ཁུལ་གྱི་འཚོ་བ་སྐྱེལ་སྟངས་མངོན་པར་བྱས་ཡོད།

«མེ་ཐང་དཔེ་འཕྲིན»གྱི་དེབ་རྐྱང་པ་དཔེ་སྐྲུན་བྱས་རྗེས་རྩོམ་རིག་ལས་རིགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད། ཀྲེ་ཅང་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། «རྩོམ་རིག་གྲུ་ཁ»དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ། ལུའུ་ཤུན་རྩོམ་རིག་བྱ་དགའ་ཐོབ་མཁན་རུང་རུང་གིས། རྣམ་ཚེ་རིང་གི་བརྩམས་ཆོས་ཀྱིས་མི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་ཐུབ། བརྩམ་བྱའི་ནང་གི་མི་སྣ་ཚོས་དཀའ་སྡུག་ཆེ་བའི་འཚོ་བར་སྙིང་དབུས་ནས་འགྱུར་ལྡོག་གཏོང་འདོད་པའི་བློ་དང་། ཨམ་གཙིགས་བསྡམས་ནས་འཚོ་བར་ཁ་གཏད་གཅོག་པའི་འབད་བརྩོན་གྱིས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་བྱུང་ཞེས་བཤད། ལུའུ་ཤུན་རྩོམ་རིག་བྱ་དགའ་ཐོབ་མཁན་ཚེ་རིང་ནོར་བུས། རྣམ་ཚེ་རིང་གི་ལྷུག་རྩོམ་བརྩམས་ཆོས་ཚང་མ་ནི་སྐྱེ་བོ་ཕལ་བའི་འཚོ་བ་དཀྱུས་མ་གཞིར་བྱས་ཤིང་། རང་གཤིས་ཟོལ་མེད་ཀྱི་ཚིག་སྦྱོར་ཐོག་ནས་ལས་དབང་དང་གསོན་པོར་གནས་པའི་ཐད་ལ་བསམ་གཞིགས་བྱེད་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།

རྣམ་ཚེ་རིང་ནི་སི་ཁྲོན་ཞིང་ཆེན་བརྒྱད་ཟིལ་རྫོང་གི་ཡིན་པ་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། པ་ཅིན་རྩོམ་རིག་སློབ་གླིང་གི་གན་འཇོག་རྩོམ་པ་པོ་ཡིན། ལྷུག་རྩོམ་དང་བརྩམས་སྒྲུང«མི་དམངས་ཉིན་རེའི་ཚགས་པར»དང་། «འོད་གསལ་ཉིན་རེའི་ཚགས་པར» «རིག་རྩལ་ཚགས་པར» «མི་རིགས་རྩོམ་རིག» «ལྷུག་རྩོམ» «བརྩམས་ཆོས»སོགས་ཚགས་པར་དང་དུས་དེབ་ཐོག་འགྲེམ་སྤེལ་བྱས་ཡོད་ཅིང་། ལྷུག་རྩོམ་ཕྱོགས་བསྒྲིགས«རྒྱང་རིང་གི་གྲོ»དང«མེ་ཏོག་བཏགས་པའི་ཤྭ་བ» «མེ་ཐང་དཔེ་འཕྲིན»དེ་བཞིན་དངོས་བྲིས་རྩོམ་རིག«རྒྱང་རིང་གི་འབྲོག་ར»བཅས་དཔེ་སྐྲུན་བྱས་ཡོད། དེ་སྔ་མེ་ཏོག་སྣ་བརྒྱའི་རྩོམ་རིག་བྱ་དགའ་དང་། པིང་ཤིན་ལྷུག་རྩོམ་བྱ་དགའ། སུན་ལི་ལྷུག་རྩོམ་བྱ་དགའ། ཀྲུང་གོའི་ཚགས་པར་གྱི་ལྷུག་རྩོམ་བྱ་དགའ། ཀྲུང་གོའི་སྐད་ཡིག་གི་ན་གཞོན་ལྷུག་རྩོམ་བྱ་དགའ་སོགས་ཐོབ་མྱོང་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།