བོད་ལུགས་གསོ་རིག་ཐད་ཀྱི་གཏམ་བཟང་།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2024-01-23 08:56:30
ཀློག་གྲངས།:
ཚེས20ཉིན་གསར་འགོད་པར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ1ཚེས18ཉིན་འཛམ་གླིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་བསྒྲགས་སྤེལ་ནས་བོད་ལྗོངས་བོད་ལུགས་གསོ་རིག་སྨན་རྫས་སློབ་གྲྭ་ཆེན་མོའི་ཞོར་གཏོགས་སྨན་ཁང་ཞིབ་འཇུག་གསར་སྤེལ་ཚོགས་པས་རེ་ཞུ་བྱས་པའི་ཞིབ་འཇུག་བྱ་གཞི«བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ལ་བརྟེན་ནས་གདོད་འབྱུང་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད་འགོག་བཅོས་བྱ་ཐབས»དང«བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་བྱ་ཐབས་ལ་བརྟེན་ནས་རྒན་རྒོན་གྱི་འཐོམ་ནད་འགོག་བཅོས་བྱ་ཐབས»ཞེས་པ་དེ་གཉིས་ལ་འཛམ་གླིང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་ཆེད་ལས་ཨུ་ལྷན་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། དེ«ཚད་ལྡན་ཅན་གྱི་ལས་ཀའི་མཛུབ་སྟོན་རྩ་འཛིན་གྱི་ཆ་ཤས་དང་པོ་སྟེ། ཚད་ལྡན་ལམ་ལུགས་བཟོ་བཅོས་དང་ཁྱབ་བསྒྲགས»ཞེས་པའི་ཁྱབ་བསྒྲགས་བླང་བྱ་དང་མཐུན་ཡོད་པ་རེད།
གོང་གི་རྒྱལ་སྤྱིའི་ཚད་གཞི་གཉིས་ཡོངས་བསྒྲགས་བྱས་པ་དེས། བོད་ལུགས་གསོ་རིག་གིས་གདོད་འབྱུང་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད་དང་རྒན་རྒོན་འཐོམ་ནད་འགོག་བཅོས་ཀྱི་ཚད་མཐུན་ཅན་དང་། གཅིག་གྱུར་ཅན། ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་ཞིབ་འཇུག་གྲུབ་འབྲས་ལ་འགྱུར་ལྡོག་དང་བོད་ལུགས་གསོ་རིག་རྒྱལ་སྤྱིར་ཕྱོགས་པར་སྐུལ་འདེད་གཏོང་བ། སློབ་ཆེན་གྱི་ཕྱོགས་བསྡུས་ཤུགས་རྐྱེན་ནུས་པ་དང་བོད་ལུགས་གསོ་རིག་ནད་ཐོག་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་རྨང་གཞི་གང་ལེགས་བཏིངས་ཡོད་ལ། རྩེར་སོན་གྱི་བོད་ལུགས་གསོ་རིག་སློབ་ཆེན་འཛུགས་པར་དོན་སྙིང་གལ་ཆེན་ལྡན་ཡོད།
ཤེས་རྟོགས་བྱུང་བར་ལྟར་ན། གོང་གི་གྲུབ་འབྲས་འདི་གཉིས་ཀྱི་འབྱུང་ཁུངས་ནི་རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་འཆར་འགོད་རྣམ་གྲངས་གལ་ཆེན་གྱི་ཡན་ལག་ཞིབ་འཇུག་བྱ་གཞི«བོད་ལུགས་གསོ་རིག་ལ་བརྟེན་ནས་གདོད་འབྱུང་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད་སྔོན་འགོག་དང་རྒན་རྒོན་འཐོམ་ནད་སྨན་བཅོས་བྱེད་པའི་ཚད་ལྡན་ཞིབ་འཇུག»ལས་བྱུང་བ་དང་། དེ་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གི་འགོ་འཛིན་རྡོ་རྗེ་རིན་ཆེན་གྱིས་སྣེ་ཁྲིད་པའི་ཞིབ་འཇུག་ཚོགས་པས་ཞིབ་འཇུག་བྱས་ཤིང་། ཞིབ་འཇུག་བྱ་གཞི་དེ2017ལོར་གཏན་འཁེལ་བྱུང་བ་དང་། 2023ལོའི་ཟླ6པར་ཀྲུང་གོ་སྐྱེ་དངོས་ལག་རྩལ་འཕེལ་རྒྱས་ལྟེ་གནས་ཀྱི«རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་འཆར་འགོད་གཙོ་གནད་ཀྱི“ཀྲུང་ལུགས་གསོ་རིག་དེང་རབས་ཅན་གྱི་ཞིབ་འཇུག”ཆེད་དོན་རྣམ་གྲངས་གཙོ་བོའི་ཕྱོགས་བསྡུས་གྲུབ་འབྲས་དཔྱད་དཔོག་མཇུག་བསྡོམས་གཤམ་སྤྲོད་བྱེད་པའི་སྐོར་གྱི་བརྡ་ཐོའི»བླང་བྱ་གཞིར་བཟུང་། ཕྱོགས་བསྡུས་གྲུབ་འབྲས་དཔྱད་དཔོག་ལས་དོན་སྤེལ་བ་དང་སྦྲགས་བདེ་བླག་ངང་གྲོས་འཆམ་བྱུང་བ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།