«དེང་རབས་རྒྱ་ཡིག་ཚིག་མཛོད»ཆ་ཚང་ཡིག་སྒྱུར་ལེགས་འགྲུབ་བྱུང་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བོད་ཡིག་དྲ་ཚིགས།
དུས་ཚོད།:2024-05-23 10:43:37
ཀློག་གྲངས།:
«དེང་རབས་རྒྱ་ཡིག་ཚིག་མཛོད»(པར་གཞི་བདུན་པ)རྒྱ་བོད་ཤན་སྦྱར་ཆ་ཚང་མའི་ཡིག་སྒྱུར་དང་ཞིབ་བཤེར་གཏན་འབེབས་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བ།
ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་སྒྲིག་འཛུགས་ལག་བསྟར་བྱས་པའི«དེང་རབས་རྒྱ་ཡིག་ཚིག་མཛོད»(པར་གཞི་བདུན་པ)རྒྱ་བོད་ཤན་སྦྱར་ཆ་ཚང་མའི་ཡིག་སྒྱུར་དང་ཞིབ་བཤེར་གཏན་འབེབས་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་ཡོད། «ཚིག་མཛོད»ལ་རྒྱ་སྐད་ཀྱི་མིང་གཞུང་ཁྲི7ལྷག་ཙམ་དང་། བོད་སྐད་ཀྱི་མིང་གཞུང་ཁྲི20ལྷག་ཙམ་ཡོད་ཅིང་། ཤོག་ངོས8300ལྷག་ཙམ་དང་ཡིག་འབྲུ་ཁྲི་སྟོང་གཅིག་ཙམ་ཡོད།བོད་འབྲེལ་ས་ཁུལ་གྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་སྤུས་ལེགས་སློབ་གསོ་དང་ཞབས་ཞུའི་དགོས་མཁོ་བསྐང་ཆེད་དང་། རྒྱ་ཡིག་གི་ལམ་ནས་ཡིག་ཐོག་ཏུ་བཀོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་དེའི་ནང་འདུ་བའི་ཀྲུང་གོའི་རིག་གནས་ཀྱི་གཞི་རྒྱུ་དར་སྤེལ་དང་བརྒྱུད་སྤེལ་བྱེད་པ། ཀྲུང་ཧྭའི་ཤེས་དཔལ་གྱི་ཐུན་མོང་གི་བསམ་པའི་འདུ་ཤེས་རྒྱུན་འཛིན་དང་བརྒྱུད་སྤེལ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་ཁྱད་ཆོས་གསར་སྐྲུན་དང་སྲུང་སྐྱོང་བྱེད་པ་བཅས་བྱ་ཆེད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་དུས་བབ་དང་བསྟུན་ནས་ལོ་ཙཱའི་ཚོགས་པ་སྒྲིག་འཛུགས་བྱས་ཏེ། 2013ལོའི་ཟླ6པར«དེང་རབས་རྒྱ་ཡིག་ཚིག་མཛོད»ཀྱི་སྒྲིག་སྒྱུར་ལས་ཀའི་མགོ་བརྩམས། 2021ལོར«དེང་རབས་རྒྱ་ཡིག་ཚིག་མཛོད»ཀྱི་རྒྱ་བོད་ཤན་སྦྱར་པར་མ་པར་སྐྲུན་བྱས། དེའི་རྨང་གཞིའི་སྟེང་དུ་སྟོབས་ཤུགས་གཅིག་སྡུད་དང་། དུས་ཚོད་གཅིག་སྡུད། དཀའ་ཁག་གཅིག་སྒྲོལ་བཅས་བྱས་ཏེ་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་ཡིག་སྒྱུར་དང་། ཐོག་མའི་ཞུ་དག བར་གྱི་ཞུ་དག མཐའ་མའི་ཞུ་དག སྤྱི་བཤེར། པར་སྒྲིག སྒྲིག་ཞུ་བཅས་ཀྱི་ལས་རིམ་ལེགས་སྒྲུབ་བྱས་པར་མ་ཟད། དཔེ་སྐྲུན་ལས་རིགས་དང་རང་བྱུང་ཚན་རིག་ཚན་ཁག་གི་ཆེད་མཁས་པས་ཆེད་དོན་ཞིབ་བཤེར་གཏན་འབེབས་བྱས་རྗེས་ཟླ5པའི་ཚེས13ཉིན«དེང་རབས་རྒྱ་ཡིག་ཚིག་མཛོད»(རྒྱ་ཡིག་པར་གཞི་བདུན་པ)འབྲེལ་ཡོད་སྡེ་ཁག་ལ་པར་སྐྲུན་ཞིབ་བཤེར་བྱེད་པར་ཕུལ།
ལས་དོན་འདི་ནི་ཕོངས་ཆེ་ཞིང་ཆེད་ལས་རང་བཞིན་གྱི་བླང་བྱ་ནན་པ། ལས་ཀའི་ཚགས་ཆེ་བ་ཞིག་ཡིན་ཏེ་བགྲང་བྱ11འགོར་རྗེས་ད་བཟོད་ལེགས་འགྲུབ་བྱུང་། དམིགས་ཡུལ་ནི་སྤྱི་སྐད་ཁྱབ་གདལ་གཏོང་བ་དང་ཚད་ལྡན་ཅན་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། དབང་གྲགས་རང་བཞིན་དང་། ཚད་ལྡན་རང་བཞིན། དུས་རབས་རང་བཞིན། རྨང་གཞིའི་རང་བཞིན། དངོས་སྤྱོད་རང་བཞིན་སོགས་ཀྱི་ཁྱད་ཆོས་འཛོམས། «ཚིག་མཛོད»དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་སྐད་ཡིག་ཁྱབ་ཁོངས་ཀྱི་དབང་གྲགས་རང་བཞིན་ཤེས་རྟོགས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་མཐུན་ལྔ”ཡི་འདུ་ཤེས་ཟབ་ཏུ་གཏོང་བ། “མཉམ་འཁུར་བཞི”ཡི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། དེ་ལས་གཞན་རིམ་པ་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་ཆེ་བའི་ཐོག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བར་རྨང་གཞིའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།