ངོས་དང་པོ > སློབ་གསོ། > མཁས་བརྒྱའི་གླེང་སྟེགས། > ༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་མཐོ་རྒྱུགས་བོད་ཡིག་སྐོར་ནས་འཆད་ཁྲིད་སྤེལ་བ།
༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་མཐོ་རྒྱུགས་བོད་ཡིག་སྐོར་ནས་འཆད་ཁྲིད་སྤེལ་བ།
རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-07 08:56:47
ཀློག་གྲངས།:
སྤྱི་ལོ2020ལོའི་ཟླ4པའི་ཚེས2ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་འབྲིང་གཉིས་པས་ཁུལ་སློབ་གསོ་ཅུས་ཀྱི་ཞིབ་འཇུག་པ་དགེ་རྒན་སྙིང་མོ་རྒྱལ་གདན་འདྲེན་ཞུས་ཏེ། བོད་ཡིག་དགེ་རྒན་རྣམས་དང་མཐོ་གསུམ་སློབ་མ་ཡོངས་ལ་བོད་སྐད་ཡིག་བསྐྱར་སྦྱོང་བྱེད་ཐབས་སྐོར་ནས་འཆད་ཁྲིད་ཀྱི་བྱ་འགུལ་སྤེལ།
རྒན་སྙིང་མོ་རྒྱལ་ནི་འབའ་རྫོང་གི་ཡིན་ཞིང་མཐོ་རིམ་ལས་ཐོབ་དགེ་རྒན་ཡིན། སྔ་རྗེས་སུ་མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་དང་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་ཁྱོན་བསྡོམས་བགྲང་བྱ་སུམ་ཅུར་ཉེ་བར་བོད་སྐད་ཡིག་གི་དགེ་རྒན་གྱི་འགན་བཞེས། མིག་སྔར་ཁུལ་སློབ་གསོ་ཅུས་ཀྱི་སློབ་གསོ་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད། ཁོང་མོར་མཐོ་འབྲིང་བོད་སྐད་ཡིག་གི་སློབ་གསོའི་ཉམས་མྱོང་ཕུན་སུམ་ཚོགས་པ་མ་ཟད། རྒྱལ་ཡོངས་བོད་སྐད་ཡིག་གི་གཅིག་གྱུར་རྒྱུགས་གཞིའི་བཟོ་སྟངས་ཀྱི་ཐད་ནས་ཀྱང་ཉམས་མྱོང་མི་དམན་པ་མཆིས་པས། ད་རེ་ངེད་སློབ་གྲྭས་ཆེད་དུ་ཁོང་མོ་བོད་སྐད་ཡིག་གི་དགེ་རྒན་རྣམ་པ་དང་མཐོ་གསུམ་གྱི་སློབ་མ་ཚོར་མཐོ་རྒྱུགས་དང་འབྲེལ་ནས་བོད་སྐད་ཡིག་བསྐྱར་སྦྱོང་བྱེད་ཐབས་སྐོར་གླེང་བ་ཞེས་པའི་བརྗོད་གཞི་ཐོག་འཆད་ཁྲིད་གནང་བར་གདན་འདྲེན་ཞུས།
སློབ་གྲྭའི་བཀོད་སྒྲིག་ལྟར་ཐེངས་འདིའི་འཆད་ཁྲིད་ཀྱི་བྱ་འགུལ་རིམ་པ་གཉིས་སུ་ཕྱེ་ཡོད་ཅིང་། ཞོགས་པའི་ཆུ་ཚོད་བཅུ་བ་ནས་བཅུ་གཉིས་ཀྱི་བར་རིག་བྱེད་ཕུན་ཚོགས་གླིང་གི་སློབ་ཁྲིད་བྱ་འགུལ་ཁང་དུ་བོད་ཡིག་དགེ་རྒན་རྣམས་ལ་དམིགས་ཏེ། སློབ་གསོ་རིག་པའི་གཞུང་ལུགས་རྒྱབ་རྟེན་དུ་བཅོལ་ཞིང་། རང་གི་མི་ལོ་དུ་མའི་སློབ་གསོའི་ལག་ལེན་ལས་བྱུང་བའི་ཉམས་མྱོང་གིས་ཟུར་བརྒྱན་ཏེ། དགེ་རྒན་གྱི་མཚན་ཉིད་དང་སྤྱོད་ལམ། འཆད་ཐབས་བཅས་ཀྱི་སྐོར་དང་། བོད་སྐད་ཡིག་གི་སློབ་ཚན་གྱི་ཚད་གཞི་དང་དམིགས་ཚད་ཀྱི་སྐོར། སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་གྱི་སྐོར་དང་། མཐོ་རྒྱུགས་ཀྱི་རྒྱུགས་གཞིའི་རྩ་འཛིན་དང་འབྲེལ་ཏེ་རྒྱུགས་ཕུད་སྟངས་དང་ནང་དོན། སྐར་མ་ཟིན་ཚད། རྩོམ་་འབྲི་སྟངས་སོགས་དུས་རྒྱུན་གྲ་སྒྲིག་དང་མཉམ་འཇོག་བྱེད་དགོས་པ་འི་སྐོར་བཅས་དོན་ཚན་བཞིའི་ཐད་ནས་འཆད་ཁྲིད་གནང་ཞིང་། ལྷག་པར་དགེ་རྒན་ཞིག་ཡིན་ན་སློབ་མར་སྙིང་ནས་བརྩེ་དགོས་པ་དང་། བོད་སྐད་ཡིག་གི་སློབ་ཚན་གྱི་ཚད་གཞི་དང་སློབ་ཁྲིད་ཀྱི་དམིགས་ཚད་སོགས་གསལ་བོར་ངེས་དགོས་པ་དང་། བྱ་སྡོང་རྐོའི་སྐྱེ་བ་བླངས་དང་ན། མགོ་ན་རུང་སྡོང་བོ་བརྐོ་དགོས་ཞེས་པ་བཞིན་དགེ་རྒན་གྱི་ལས་གནས་འདི་བདམས་ཚར་བ་ནས་སློབ་ཁྲིད་སློབ་གསོའི་བྱ་བར་ཧུར་ཐག་འབད་ཐག་བྱེད་དགོས་པ་དང་། བསམ་སྦྱོར་གཉིས་ཀྱི་སྒོ་ནས་མཐོ་རྒྱུགས་ལ་གཙིགས་ཆེན་བྱེད་དགོས་པ་བཅས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གསུངས།
ཕྱི་དྲོའི་ཆུ་ཚོད་གཉིས་པ་ནས་ལྔ་བའི་བར་དུ། ནུབ་ཕྱོགས་སྨྱན་མང་ཁང་དུ་མཐོ་གསུམ་རིམ་པའི་སློབ་མ་ཡོངས་ལ་ཁ་གཏད་དེ། མཐོ་རྒྱུགས་ནི་མི་ཚེའི་དཀྱོགས་མཚམས་ཤིག་ཡིན་པ་མ་ཟད། དཀའ་སྤྱད་ཀྱི་རེ་འབྲས་དོན་སྨིན་འབྱུང་བ་་དང་རྒྱལ་ཁའི་དར་ཆ་དང་ཉེ་བར་བཅར་བའི་གནད་འགག་གི་དུས་ཤིག་ཀྱང་ཡིན་ཙ་ན། ད་ནི་དུས་ཚོད་མང་པོ་ལྷག་མེད་པས་གཉིད་ཆག་ཟས་བརྗེད་ཀྱིས་སློབ་སྦྱོང་འབད་བརྩོན་བྱེད་དགོས་པའི་སྐོར་དང་།《དབུ་མ་བཞི་བརྒྱ་བ》དང《མཁས་འཇུག》གི་ལུང་དྲངས་ཏེ་སློབ་མའི་མཚན་ཉིད་དང་འགན་འཁྲི། དམིགས་འབེན། ཀུན་སློང། ཀུན་སྤྱོད་སོགས་ཀྱི་སྐོར་དང་། སློབ་མའི་སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་དང་། མདོར་ན། རྗེ་ཙོང་ཁ་པའི་ཞལ་ནས། མི་ལྡོག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །ཞེས་གསུངས་པ་བཞིན་ཕྱིར་མི་ལྡོག་པའི་བརྩོན་འགྲུས་ལྡན་དགོས་པའི་སྐོར་སོགས་དོན་ཚན་གསུམ་སྔོན་འགྲོའི་ཚུལ་དུ་གསུངས་ཤིང་། མཐར་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུ་ལྷག་སྤྱད་དེ་མཐོ་རྒྱུགས་ཀྱི་བོད་ཡིག་རྒྱུགས་གཞིའི་འགྱུར་བ་དང་ནང་དོན། གྲུབ་ཆ། ལོ་སྔོན་མའི་མཐོ་རྒྱུགས་ཀྱི་སྐར་མའི་ཐོབ་ཤོར་གྱི་གནས་ཚུལ། ངེས་སྦྱོང་དང་འདེམས་སྦྱོང་ལས་བྱུང་བའི་དྲི་གཞིའི་ཟིན་ཚད། ལན་འདེབས་སྟངས། རྩོམ་ཡིག་འབྲི་སྟངས་སོགས་མཐོ་གསུམ་སློབ་མར་ཤིན་ཏུ་དགོས་མཁོ་ཆེ་བའི་ཤེས་བྱ་མང་པོ་ཁ་གསལ་ཞིང་གོ་བདེ་བ། ཚིག་ཉུང་ཞིང་དོན་འདུས་པ། ཞིབ་ཆ་ཆེ་ཞིང་དང་གོ་རིམ་ལྡན་པའི་སྒོ་ནས་གསུངས་པས་སློབ་མ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་། སློབ་མ་ཡོངས་ཀྱིས་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས་འཆད་ཁྲིད་ཀྱི་མཇུག་ཡོངས་སུ་བསྒྲིལ།
ཐེངས་འདིའི་འཆད་ཁྲིད་ལ་བརྟེན་ཏེ་མཐོ་གསུམ་སློབ་མ་ཡོངས་ལ་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་པའི་སྙིང་ཕུར་ཐེབས་པ་མ་ཟད། མཐོ་རྒྱུགས་བོད་སྐད་ཡིག་ལ་བསྐྱར་སྦྱོང་དང་སྟ་གོན་གང་ལེགས་བྱེད་པའི་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ལྟ་བུའི་མཐུན་རྐྱེན་དུ་གྱུར་ཞིང་། 2020ལོའི་མཐོ་རྒྱུགས་སུ་བོད་སྐད་ཡིག་ལ་གཡུར་དུ་ཟ་བའིརྒྱུགས་འབྲས་ལོན་ཐུབ་པའི་ཡིད་ཆེས་ཀྱིས་བརྟས་པར་གྱུར།

2020ལོའི་ཟླ4བའི་ཚེས5ཉིན་དགེ་མིང་འཛིན་པ་བྱ་གཞུང་གནམ་ལྷ་འབུམ་གྱིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།