ངོས་དང་པོ > སློབ་གསོ། > མཁས་བརྒྱའི་གླེང་སྟེགས། > ༄༅། །སྐད་ཡིག་སློབ་ཁྲིད་ལེགས་པོ་ཞིག་བྱེད་པར་ཚང་དགོས་པའི་ཆ་རྐྱེན་འགའ་གླེང་བ།
༄༅། །སྐད་ཡིག་སློབ་ཁྲིད་ལེགས་པོ་ཞིག་བྱེད་པར་ཚང་དགོས་པའི་ཆ་རྐྱེན་འགའ་གླེང་བ།
རྩོམ་པ་པོ།:རིན་ཆེན་ནོར་བུ།
ཡོང་ཁུངས།:དུས་ཐོག་ཆར་བ།
དུས་ཚོད།:2023-04-12 11:00:30
ཀློག་གྲངས།:
འཆད་འཁྲིད་མཁན། དགེ་རྒན་ཆེན་མོ་རིན་ཆེན་ནོར་བུ། མཚོ་སྔོན་དགེ་འོས་སློབ་ཆེན།
ཁྲིད་ཡུལ། མགོ་ལོག་རྨ་ཆེན་རྫོང་གི་བོད་ཡིག་དགེ་རྒན་རྣམས་ལ།
ཁྲིད་གནས། རྭ་རྒྱ་བོད་ཡིག་སློབ་འབྲིང་།
སྐད་ཡིག་སློབ་ཁྲིད་ལེགས་པོ་ཞིག་བྱེད་པར་ཚང་དགོས་པའི་ཆ་རྐྱེན་འགའ་གླེང་བ།
གཅིག སློབ་ཁྲིད་ཀྱི་སྔོན་འགྲོའི་གྲ་སྒྲིག་ལེགས་པོ་ཞིག་བྱེད་པ།
སྤྱིར་དགེ་རྒན་ཞིག་གིས་སློབ་ཁྲིད་ལེགས་པོ་ཞིག་འཁྱོངས་མིན་དེ་ཁྲིད་མཁན་གྱི་བསམ་བློའི་ཀུན་སློང་ཡང་དག་མིན་དང་། སློབ་སྦྱོང་ལ་དགའ་མིན་དང་རིག་གནས་ཆུ་ཚད་འཛོམས་མིན། སློབ་བུའི་བློ་ཁ་དང་བསྟུན་ནས་ཁྲིད་ཐབས་ལེགས་པོ་སྤྱོད་མིན་སོགས་དང་འབྲེལ་བ་དམ་པོ་ཡོད་པ་རེད། དེ་ཡང་ཅི་ཞིག་ཁྲིད་པ་དང་། ཇི་ལྟར་ཁྲིད་པ། ཁྲིད་འབྲས་ཡག་པོ་ཞིག་ཇི་ལྟར་ལེན་རྒྱུ་བཅས་རྩ་བའི་གནད་གསུམ་པོར་བསམ་བློ་ཡག་པོ་གཏོང་དགོས།
དགེ་རྒན་རྣམ་པས་སློབ་ཁྲིད་ཡག་པོ་ཞིག་བྱེད་པ་ལ་ཐོག་མར་ངེས་པར་དུ་ཁྲིད་གཞི་ལེགས་པོ་ཞིག་གྲ་སྒྲིག་བྱེད་དགོས། དེ་ནི་དགེ་རྒན་གྱིས་དཔེ་ཁྲིད་མ་བྱས་གོང་གི་ཤེས་བྱ་གང་ཞིག་གོ་རིམ་འགྲིག་ལ་ཆ་ཚང་བའི་སྒོ་ནས་ཕ་རོལ་བར་ངོ་སྤྲོད་གསལ་བོ་ཞིག་བྱེད་པའི་གྲ་སྒྲིག་སྐོར་གྱི་བརྒྱུད་རིམ་རེད་ལ། དཔེ་ཁྲིད་ཐབས་བཀོད་ཀྱི་ཞིབ་འཇུག་བརྒྱུད་རིམ་ཞིག་ཀྱང་རེད། དེ་ལྟར་གྲ་སྒྲིག་བྱེད་པའི་རྩ་བའི་དམིགས་ཡུལ་ནི་ཁྲིད་བྱའི་ནང་དོན་རྣམས་རང་ལ་ཅུང་བྱང་པར་བྱེད་རྒྱུ་དེ་གཙོ་བོ་ཡིན།
ཁྲིད་གཞི་ལེགས་པོ་ཞིག་འབྲི་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་གོ་རིམ་གསུམ་དུ་དབྱེ་ནས་བྲིས་ན་འཚམ་པར་སྙམ་སྟེ།
གོ་རིམ་དང་པོ་ནི། འཁྲིད་བྱའི་ནང་དོན་ལ་ཞིབ་འཇུག་ལེགས་པོ་ཞིག་བྱེད་རྒྱུ་དེ་ཡིན་ལ། རང་གི་ཁྲིད་གཞིའི་ནང་དུ་འདུས་པའི་འབྲེལ་ཡོད་ཤེས་བྱ་ཅུང་གསལ་བོར་རྟོགས་དགོས་པ་མ་ཟད། དེ་དང་འབྲེལ་ཡོད་ཀྱི་དཔེ་ཆ་མང་དུ་ཀློག་པ་དང་ཚན་རིག་ཤེས་བྱའི་སྐོར་གྱི་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ། ཁྲིད་གཞིའི་ཐོག་མའི་དཔྱད་གཞིར་ཁ་གསབ་གང་ལེགས་བྱེད་དགོས། ༼ཐོས་བསམ་གལ་ཆེ་ཞིང་དེ་ཆད་ན་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུ་ཡིན། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ནས་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཅེས་དང་། དཔེ་ཆར་ལྟ་བ་ནི་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་དང་ཁ་བརྡ་བྱེད་པ་ཡིན་ཞེས་དང་། རྗེ་རིན་པོ་ཆེས་ངའི་ལམ་རིམ་ཆེན་མོ་ལ་མཇོལ་དང་ངོ་འཕྲད་ཀྱང་དེ་ལས་ལྷག་པ་ཞིག་གསུང་རྒྱུ་མེད།ཅེས་གསུངས་པ་བཞིན་བསྟན་བཅོས་དེ་དག་མ་ཀླག་ན་མཁས་དབང་དེ་དག་ངོ་མ་ཤེས་པ་དང་། གསུང་གི་བདུད་རྩི་མྱོང་མ་ཐུབ་པས་བློ་སྐྱེད་དང་ཡར་རྒྱས་ཆེན་པོ་མེད། གལ་ཏེ་དཔེ་ཆ་ལྟ་རྒྱུ་མཚམས་ཆད་ཚེ་རང་གི་ཤེས་བྱ་དང་ཕན་ནུས་སོགས་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུར་འགྱུར་སྲིད་པས་ནམ་ཡང་དཔེ་ཀློག་ལ་འབད་པར་རིགས་སོ། །རིག་པ་ནང་བར་འཆི་ཡང་བསླབ། །ཅེས་གསུངས།༽
གོ་རིམ་གཉིས་པ། རང་ཉིད་ཀྱིས་སྐབས་སུ་བབས་པའི་ཁྲིད་བྱའི་སྡེ་ཚན་དང་སློབ་ཚན་གང་རུང་དེའི་རེ་བ་ལྟར་ཁྲིད་གཞི་ལེགས་པོ་ཞིག་འབྲི་རྒྱུ་དེ་ཡིན། ཁྲིད་གཞི་འབྲི་དུས་སློབ་ཁྲིད་ཀྱི་དམིགས་ཚད་ཀྱི་རེ་བ་སོགས་ལ་སློབ་སྦྱོང་བྱས་ཏེ། ཁྲིད་རིམ་དང་དཀའ་གནད། གཙོ་གནད། དུས་ཚོད་སོགས་གཏན་འབེབ་གསལ་བོ་བྱེད་པ་དང་། སློབ་ཁྲིད་བྱ་ཡུལ་གྱི་སློབ་མའི་ཆུ་ཚད་དང་། འཁྲིད་བྱའི་ནང་དོན་གྱི་བཀོལ་སྤྱོད་རང་བཞིན་སོགས་ལ་དམིགས་ནས་བཀོད་སྒྲིག་བྱེད་དགོས་ལ། ཁྲིད་གཞི་ནི་སློབ་ཁྲིད་ཀྱི་གཞི་རྩའི་མ་ལག་གཙོ་བོ་ཡིན་པ་བློར་ངེས་དགོས།
གོ་རིམ་གསུམ་པ་ནི། སློབ་ཁྲིད་མ་བྱས་གོང་ལ་བྲིས་ཟིན་པའི་ཁྲིད་གཞིའི་ནང་དོན་ལ་བསྐྱར་ཐེངས་མང་པོར་བལྟ་བ་དང་ཞུ་དག་ཡང་ཡང་བྱས་ཏེ། འཁྲིད་བྱའི་ནང་དོན་དང་གོ་རིམ་ལ་བྱང་བར་བྱེད་དགོས་པ་མ་ཟད། གཏན་ཚིགས་རང་བཞིན་དང་དོན་སྔ་ཕྱིའི་འབྲེལ་བ། གོ་དོན་དང་ཐ་སྙད་ཚང་མ་ནོར་འཁྲུལ་མེད་པར་བློ་ལ་ངེས་པར་བྱེད་པ་དང་། མཁོ་ཆས་སོགས་གྲ་སྒྲིག་གང་ལེགས་བྱས་ན་ད་གཟོད་སློབ་ཁྲིད་བྱེད་དུས་གདེང་ཚོད་ཡོད་པ་དང་།ཚིག་སྦྱོར་བདེ་ཞིང་གནད་དུ་ཁེལ་བའི་ངང་ནས་ཕ་རོལ་བའི་སེམས་ལ་གསལ་བོ་ཞིག་འཆར་ཡོང་ངེས་ཡིན།
གཉིས། སློབ་ཁྲིད་ཀྱི་ཇུས་བཀོད་བཟང་བོ་ཞིག་བཟོ་བ།
སློབ་ཁྲིད་ཀྱི་ཇུས་བཀོད་བཟང་བོ་ཞིག་བཟོ་བ་ནི་སློབ་ཁྲིད་ལེགས་འགྲུབ་ཡོང་མིན་གྱི་རྨང་གཞིའི་སྔོན་འགྲོ་ཡིན།དགེ་རྒན་གྱིས་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་པས་དགེ་རྒན་ནི་ཁྲིད་མཁན་དང་སློབ་མ་ནི་ཉན་མཁན་ནམ་མྱོང་མཁན་ཡིན། དེ་བས་སློབ་མར་འོ་མ་དཀར་ཡོལ་གང་ལྡུག་འདོད་ན། ཐོག་མར་རང་ལ་འོ་མ་ཟོ་གང་ཡོད་དགོས་པ་དང་། སློབ་ཁྲིད་ལེགས་པོ་ཞིག་འཁྱུངས་དགོས་ན་དགེ་སློབ་ཟུང་འཇུག་ཡིན་དགོས། དགེ་རྒན་གཅིག་པུའི་ཁྲིད་པ་ཁོ་ན་མིན་པར་སློབ་མས་སྣོད་ཀྱི་སྐྱོན་གསུམ་སྤངས་པའི་སྒོ་ནས།རྣ་བས་ཉན་པ་དང། ཡིད་ལ་འཛིན་པ།ཧུར་བརྩོན་གྱིས་བསམ་གཞིགས་པ་བཅས་ལ་དོ་སྣང་གང་ལེགས་བྱེད་དགོས། དེ་འཁྲིད་བྱའི་སློབ་ཚན་གང་ཡིན་ཡང་བསླབ་བྱ་སོ་སོ་དང་། སློབ་མའི་ཆུ་ཚད་ཀྱི་ཁྱད་ཆོས་གཞིར་བཟུང་ནས་ཚིག་བསྡུས་ཤིང་དོན་འདུས་པ་དང་། གསལ་ལ་གོ་རིམ་འགྲིག་པའི་རྩ་དོན་གཞིར་མཟུང་ནས་ཐོག་མཐའ་བར་གསུམ་དུ་འཁྲིད་བྱའི་ནང་དོན་གཙོར་བཟུང་སྟེ་འཆད་ཁྲིད་བྱེད་པ་དང་།གཙོ་ཕལ་གསལ་ཞིང་དཀའ་གནད་སེལ་རྒྱུ་དམིགས་སུ་འཛིན་དགོས་པ་མ་ཟད། ཁྱད་པར་དུ་འཁྲིད་བྱའི་ནང་གི་ཐེ་ཚོམ་ཅན་གྱི་དྲི་བར་ལན་གསལ་བོ་འདེབས་དགོས། དེའི་རྗེས་ནས་གཏན་ལ་ཕབ་པའི་འཁྲིད་བྱའི་ནང་དོན་རྣམས་འཆར་གཞི་ཡོད་པའི་སྒོ་ནས་ཇུས་བཀོད་ལྟར་སློབ་ཚན་འཆད་ཁྲིད་བྱེད་སྟངས་གཏན་ལ་ཕབ་དགོས། དེའང་དཔེ་གཞི་འདེམས་བཀོད་བྱེད་པ་དང་། དྲི་བ་འདོན་སྟངས། ལག་བསྟར་བྱེད་ཐབས། ཡོ་བྱད་གྲ་སྒྲིག སློབ་ཁྲིད་སྐབས་འཕྲད་སྲིད་པའི་གནད་དོན་དང་དཀའ་གནད་ཐག་གཅོད་བྱེད་ཐབས་སོགས་ཚུད་པའི་ཁྲིད་གཞི་ཇུས་འགོད་ལེགས་པོ་ཞིག་གཏན་ལ་ཕབ་དགོས་ལ། སློབ་ཚན་དང་འབྲེལ་བའི་ལས་བྱ་སྣ་ཚོགས་འོས་འཚམས་བཀོད་སྒྲིག་བྱ་དགོས།
གསུམ། དགེ་རྒན་གྱིས་སློབ་མའི་སེམས་ཁམས་ལ་དོ་སྣང་བྱེད་པ།
སློབ་མའི་སེམས་ཁམས་ནི་ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས་ལ་འབྲེལ་བ་དམ་པོ་ཡོད་པས་ཕྱོགས་གསུམ་ནས་དོ་སྣང་བྱ་དགོས། དགེ་རྒན་གྱིས་སློབ་མའི་སེམས་ཁམས་གཙང་སྦྲ་བྱས་ཏེ་དྭངས་ཤིང་གཙང་ལ་དྲི་མ་མེད་པ་ཞིག་བཟོ་རྒྱུ་ཤིན་ཏུ་གལ་ཆེ། སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ་སྤྲོ་སྣང་དང་། བརྩེ་སེམས། མོས་འདུན་སོགས་ཡོད་པའི་སྒོ་ནས་སློབ་ཁྲིད་བྱེད་པ་དང་། ཁྲིད་གཞིའི་ནང་དོན་དང་གོ་རིམ་བརྒྱུད་དེ་སློབ་མའི་སློབ་སྤྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱས་ཏེ། སློབ་མས་རང་འགུལ་གྱིས་སློབ་འདོད་པའི་འདུན་པ་སྐུལ་སློང་བྱེད་དགོས། དེ་ལྟར་བྱས་ཚེ་ད་གཟོད་དཔེ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་བོ་ལེགས་འགྲུབ་འབྱུང་ཐུབ། དེར་བརྟེན་དགེ་རྒན་གྱིས་སྐབས་འགར་སློབ་མའི་སེམས་ཁམས་དང་མཐུན་པའི་འབྲེལ་ཡོད་ཀྱི་ལུང་དང་གཏམ་རྒྱུད་གང་རུང་དྲངས་ཏེ་སློབ་མའི་སློབ་སྦྱོང་གི་སྤྲོ་བ་སྐྱེད་སྲིང་བྱེད་དགོས། དེ་ལྟར་བྱས་ཚེ་སློབ་མའི་མཐོང་རྒྱ་བསྐྱེད་ཐུབ་པ་དང་སུན་སྣང་མེད་པར་བཟོ་ཐུབ་པ་མ་ཟད། ཁོ་ཚོའི་ཕྱོགས་ཡོངས་ཀྱི་ཤེས་བྱ་འཛོམས་པོ་ཡོང་བ་དང་གཤིས་ཀ་བཟང་བོ་ཆགས་པར་ཕན་པ་ཐོན་ངེས་ཡིན།
སློབ་གྲྭ་དང་འཛིན་གྲྭའི་ནང་ཡར་སྐུལ་སྤྲོ་སྣང་ཅན་གྱི་བྱ་འགུལ་དང་།རིག་རྩལ་བྱ་འགུལ། ལུས་རྩལ་བྱ་འགུལ། སྤྱི་ཚོགས་ལག་ལེན་གྱི་བྱ་འགུལ། རྩོམ་འབྲི་ཡིག་གཟུགས་དང་དྲིལ་སྒྲོག་བྱ་འགུལ་སོགས་འོས་འཚམས་སྤེལ་ཏེ་ཐུན་མོང་གི་འདུ་ཤེས་དང་བརྩོན་སེམས་ལ་སྐུལ་འདེད་གཏོང་དགོས།
སློབ་མར་སློབ་སྦྱོང་གི་ཆ་ནས་བལྟས་ཏེ། དོགས་གནད་སེལ་བ་དང་། དྲི་བ་གང་མང་བཏོན་ན་སློབ་མའི་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཐུབ་པ་དང་། རྒྱུན་དུ་དེ་ལྟར་བྱས་ཚེ་རིམ་བཞིན་ཁོ་ཚོར་བསམ་གཞིགས་བྱེད་འདོད་སྐྱེས་པ་དང་དེའི་ཐད་ཀྱི་གོམས་སྲོལ་ཆགས་ངེས་ཡིན། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་ཆ་ནས་བལྟས་ཏེ། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སློབ་མར་དྲི་བ་འདོན་པ་དང་། ལྷག་པར་དུ་དོགས་གནད་ཅན་གྱི་དྲི་བ་བཏོན་ཚེ་བློ་སྒོ་འབྱེད་པའི་ནུས་པ་ཐོན་ཐུབ་པ་དང་། སློབ་མ་རྣམས་ཀྱི་ནུས་པ་དང་ཤེས་བྱ་གཉིས་ཀ་ཡར་རྒྱས་སུ་འགྲོ་བར་ཕན་ནུས་ངེས་ཅན་ཞིག་ཐོབ་ཐུབ།
བཞི། དགེ་རྒན་ལ་སློབ་ཁྲིད་ཀྱི་ཐབས་ཤེས་ལེགས་པོ་ཞིག་ཡོད་དགོས།
ཁྲིད་ཐབས་ནི་གཙོ་བོ་བསླབ་བྱའི་ནང་དོན་དཀའ་སླ་དང་། སློབ་མའི་དངོས་ཡོད་ཆུ་ཚད། སློབ་ཁྲིད་ཀྱི་སྒྲིག་འཛུགས་ཆ་རྐྱེན་གསུམ་ལ་གཞིགས་ནས་གཏན་ལ་ཕབ་དགོས། སྤང་དགོས་པའི་ཁྲིད་སྟངས་གསུམ། གཅིགཚིག་བརྗོད་ཉ་ཉོག་ཡིན་པས་དོན་གྱི་བརྡར་ཤ་མི་ཆོད་པའི་ཁྲིད་ཐབའ་སྤང་བ། གཉིས།དབྱེ་བ་དང་གཙོ་ཕལ་མི་གསལ་བས་གོ་རིམ་མི་ངེས་པའི་ཁྲིད་ཐབས་སྤང་བ། གསུམ།གཏན་ཚིགས་རང་བཞིན་མེད་པས་འགལ་འདུ་ཅན་གྱི་སློབ་ཁྲིད་སྤང་བ། ཁྲིད་པའི་དུས་སུ་ཐོག་མར་ཅི་ཞིག་འཆད་པ། བར་དུ་ཅི་ཞིག་འཕྲོས་པ། མཐའ་མར་ཇི་ལྟར་སྡོམ་པ་གསུམ་ལ་གྲ་སྒྲིག་ལེགས་པོ་བྱེད་དགོས།
དགེ་རྒན་གྱིས་ཁྲིད་བྱ་བྱང་ཆུབ་པར་བྱེད་པ་དང་། སློབ་མར་ཆ་རྒྱུས་ཡོད་པའི་ཆ་རྐྱེན་འོག ཁྲིད་ཐབས་འཚམས་པའི་སྒོ་ནས་རང་ཉིད་ཀྱི་ཤེས་བྱ་དང་ལྟ་བ་རྣམས་དཔེ་ཁྲིད་ནང་དོན་ཁྲོད་དྲངས་ཏེ། སྒྱུ་རྩལ་དང་ལྡན་པའི་སྐད་ཆའི་ཐོག་ནས་མཚོན་པར་བྱས་ནས། སློབ་མའི་བསམ་གཞིགས་དང་དབྱེ་ཞིབ་ཀྱི་སེམས་ཤུགས་བསྐྱེད་དགོས། དཔེ་ཁྲིད་ཁྲོད་དགེ་རྒན་གྱི་སྐད་ཆ་ནོར་འཁྲུལ་མེད་པ་དང་།ནན་མོ་ཡིན་པ། གཏན་ཚིགས་རང་བཞིན་ལྡན་པ། སྐད་ཆའི་སྒྲ་གདངས་དྲག་ཞན་དང་མཐོ་དམའ་སོགས་ཟུང་འབྲེལ་དམ་ཚགས་སྒོས་མཉམ་འདྲེས་གཅིག་གྱུར་ཡོང་བ་བྱེད་དགོས།
སློབ་ཁྲིད་ཀྱི་ཐབས་ལམ་ནི་སྣ་མང་ཡིན་ལ། དཔེ་ཁྲིད་ཀྱི་ནང་དོན་དང་སློབ་འཁྲིད་བྱ་ཡུལ་དང་། སློབ་ཁྲིད་ཁོར་ཡུག་སོགས་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་ཡོད། དེའི་ཕྱིར་སློབ་ཁྲིད་ཐབས་ཤེས་ངེས་པར་དུ་སྟབས་བསྟུན་སྣ་མང་ཡིན་དགོས། དགེ་རྒན་ཞིག་ལ་མཚོན་ན། གནས་ཚུལ་དངོས་ལ་དབྱེ་ཞིབ་བྱེད་མཁས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིད་ཐབས་འདེམ་མཁས་པ་བྱེད་དགོས། སློབ་ཁྲིད་ཁྲོད་ནས་ཁྲིད་པ་དང་སྦྱོང་བ། དྲི་བ་དང་ལན་འདེབས་པ། ཀློག་པ་དང་འབྲི་བ་སོགས་ཡོད་དགོས་པར་མ་ཟད། དགེ་རྒན་གྱིས་སློབ་མའི་བློ་སྒོ་འབྱེད་པ་དང་ཕྱོགས་སྟོན་བྱེད་པ། འགྲེལ་བཤད་རྒྱག་པ་སོགས་ཡོད་ལ། སློབ་མའི་ཀློག་འདོན་དང་དོགས་གནད་འདྲི་བ། གྲོས་བསྡུར་བྱེད་པ། བསམ་གཞིགས་བྱེད་པ་སོགས་ཀྱང་ཡོད་པ་རེད། དེས་སློབ་མས་སྤྲོ་སྣང་དང་གསོན་ཉམས་ལྡན་པའི་སློབ་ཐུན་གྱི་ཁྲོད་དུ་ཤེས་བྱ་སློབ་པ་དང་།རང་སྦྱོང་བྱེད་པའི་ནུས་པ་དང་བསམ་གཞིགས་བྱེད་པའི་ནུས་པ་ཡང་སྐྱེད་སྲིང་བྱེད་ཐུབ།
དགེ་རྒན་གྱི་སྐད་ཆ་ལས་གཞན་ཡོ་བྱད་དང་། པར་རིས། རི་མོ། སྨྱན་གཟུགས། སྒྲ་དབྱངས། ལག་བརྡ་ལྟ་བུ་བཅས་སྐད་ཆར་རམ་འདེགས་བྱེད་པ་སོགས་ཀྱི་གཟུགས་སྣང་ལས་སློབ་མས་དགེ་རྒན་གྱི་བརྗོད་བྱའི་ནང་དོན་ལ་གོ་བ་ལོན་པར་ཕན་ཐོགས་ཡོད་པར་མ་ཟད། ད་དུང་སྒྲ་མེད་པའི་ཉམས་འགྱུར་འདིའི་རིགས་ཀྱིས་སློབ་མའི་ཡིད་དབང་འགུག་པར་ནུས་པ་ཐོན་པ་དང་སྐབས་རེར་བཤད་པའི་སྐད་ཆ་ལས་ཀྱང་ལྷག་པའི་ནུས་པ་ཐོན་ཐུབ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།