སློབ་མའི་ཀུན་སྤྱོད་སློབ་གོས་སྐོར་རགས་ཙམ་གླེང་བ།
བྱིས་པའི་དུས་སྐབས་ནི་བློ་རིག་གསལ་ཞིང་དྭངས་གཙང་དྲི་མེད་ཀྱི་རང་གཤིས་མངའ་བའི་དུས་སྐབས་ཡིན། སྔ་མོ་ནས་བཟུང་བྱིས་པར་ཀུན་སྤྱོད་བཟང་བོ་བསླབས་ཏེ། ཕྱོགས་ཡོངས་ནས་སྐྱེད་སྲིང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་སེམས། ཀུན་སྤྱོད་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་གཞི་རྩ་ཡིན་པ་དེ་བཞིན་ང་ཚོས་ཐོག་མར་བྱིས་པའི་འཚེར་སྣང་དང་ཞི་དུལ། དགའ་སྣང་སོགས་རང་གཅུན་འདུ་ཤེས་སྔོག་འདོན་བྱེད་དགོས། འཇིག་རྟེན་སྟེང་གི་བློ་སྒོ་འབྱེད་པའི་དགེ་རྒན་ཐོག་མ་ནི་ཕ་མ་ཡིན་པ་དང་། ཁྱིམ་ཚང་སློབ་གསོས་བྱིས་པའི་མི་ཚེ་ལ་ཤན་ཤུགས་གཞན་ལས་ལྷག་པ་ཞིག་འཇོག་བཞིན་ཡོད་ན་ཡང་། ཕ་མ་རང་ཉིད་ཀྱི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ། སློབ་གསོའི་ལྟ་ཚུལ། བྱིས་པའི་ཀུན་སྤྱོད་སློབ་ཐབས་སོགས་ཀྱི་དབང་གིས་བྱིས་པའི་བློ་རིག་འཕེལ་རྒྱས་དང་ཁྱད་པར་དུ་གསར་གཏོད་ནུས་ཤུགས་ཀྱི་བསམ་བློའི་མྱུ་གུ་གསོ་སྐྱོང་མི་བྱེད་པར་རྩ་བ་ནས་སློག་བཞིག་འདུག དེ་བས་ཐོག་མར་ཕ་མ་རང་ཉིད་ཀྱིས་རང་ལ་ཀུན་སྤྱོད་ལེགས་པོ་ཞིག་ཡོད་དུ་འཇུག་དགོས། ཀུན་སྤྱོད་ལེགས་པའི་ཕ་མའི་ཁོར་ཡུག་འོག་སྐྱེད་སྲིང་བྱས་པའི་བུ་ཕྲུག་ནི་ཕ་མ་ལྟར་གཞུང་དྲང་ཞིང་ལས་ལ་བརྩོན་པ། ཡ་རབས་ལུགས་མཐུན་དང་གསར་གཏོད་འཕེལ་རྒྱས་ཀྱི་ཕྱོགས་ལ་བརྩོན་པ་ཞིག་ཡོང་སྲིད། བྱིས་པའི་བསམ་བློ་དང་ཀུན་སྤྱོད་སོགས་ནི་ཕ་མ་དང་ཐད་ཀར་འབྲེལ་བ་ཡོད་པས། ཐོག་མར་ཕ་མ་རང་ཉིད་ནས་འགོ་བརྩམས་ཏེ་བུ་ཕྲུག་གི་མ་འོངས་པར་བསམ་གཞིགས་གཏོང་དགོས་སྙམ།
སློབ་གྲྭའི་སློབ་གསོས་ཀུན་སྤྱོད་སློབ་གསོ་ལ་ཤུགས་བསྣན་དགོས། དགེ་རྒན་ནི་སློབ་མའི་བསམ་བློ་དང་ཀུན་སྤྱོད་ལེགས་པོར་འདྲེན་པའི་དེད་དཔོན་ཡིན་པས། ཐོག་མར་དགེ་རྒན་རང་ཉིད་ཀྱི་ཡོན་ཏན་སློབ་མ་ལས་ལྷག་ཅིང་ཀུན་སྤྱོད་ལེགས་པ། ཐབས་ལ་མཁས་པ། དགའ་ཞེན་ཆེ་བ་ཞིག་ཡིན་དགོས་པ་མ་ཟད། རང་ཉིད་ལ་ཤེས་བྱ་དང་ཀུན་སྤྱོད་ཀྱི་ཆུ་ཚད་ངེས་ཅན་ཞིག་ལྡན་པར་བྱེད་པ་དེ་ལས་ལྡོག་ཏེ་དགེ་རྒན་ལ་ལ་ཞིག་གིས་ཀུན་སྤྱོད་ལ་དོ་སྣང་དང་མཉམ་འཇོག་མ་བྱས་པར། སློབ་ཁྲིད་སྐབས་སུ་སློབ་མ་ཚོའི་མདུན་དུའང་བྱ་བའི་ཁྲོད་སྣོག་ལས་ཇི་ལྟར་བྱས་ཚུལ་དང་། འགན་ཁུར་ལས་ཇི་ལྟར་གཡོ་ཚུལ། གཡོ་སྒྱུ་ཇི་ལྟར་སྤྱད་ཚུལ་སོགས་ཡ་རབས་ཀུན་སྤྱོད་ལས་ཕྱིན་ཅི་ལོག་པའི་གཏམ་དག་འཆད་ཅིང་། ཐ་ན་མཉམ་རྒྱུགས་སྐབས་སུ་རྒྱུགས་ཚིག་ཇི་ལྟར་རྐུ་དགོས་ཚུལ་སོགས་ཀྱི་བསླབ་བྱ་བཏང་བས་མ་རབས་ཐ་ཤལ་གྱི་སྤྱོད་པ་རྣམས་སློབ་མ་ལ་དེ་ལྟར་བསླབས་པ་དང་སློབ་མ་ངན་ལམ་དུ་རྫོང་བཞིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com