དུས་རབས་དང་སློབ་གསོ།(གཉིས་པ)
གཉིས། དུས་རབས་ཀྱིས་མིའི་ཤེས་ནུས་ལ་བཏོན་པའི་རེ་བ།
དེང་རབས་བརྡ་འཕྲིན་དུས་རབས་འདི་ཉིད་དུས་ཚོད་སྐར་ཆ་རེ་རེར་འཕོ་འགྱུར་འབྱུང་བཞིན་ཡོད་ལ། འཕོ་འགྱུར་གྱི་གོམ་པ་དེ་དག་རེ་རེ་ནི་དུས་རབས་ཀྱིས་མིའི་ཤེས་ནུས་ལ་བཏོན་པའི་རེ་བ་དང་དགོས་མཁོ་རེད། སྤྱི་ཚོགས་ལ་ཤེས་ནུས་ཐད་ཀྱི་དགོས་མཁོ་བྱུང་ཚེ། དགོས་མཁོ་དེས་སློབ་གྲྭ་ཆེན་མོ་བརྒྱ་ཕྲག་ལས་ལྷག་པའི་སྒོ་ནས་ཤེས་རིག་གོང་འཕེལ་དུ་གཏོང་བའི་ནུས་པ་ཡོད་དེ། དཔེར་ན། བཙན་པོ་སྲོང་བཙན་གྱི་སྐབས་སུ་བོད་ཐུན་མོང་གིས་སྤྱོད་པའི་ཡི་གེ་ཞིག་མེད་པས། ཐ་ན་རྒྱལ་ཕྲན་དག་གི་བར་ལ་ངག་འཕྲིན་ཙམ་ལས་བསྐུར་རྒྱུ་མ་བྱུང་བར་བོད་སྤྱི་ཁྱབ་པའི་ཡི་གེ་ཞིག་དགོས་མཁོ་ཆེས་ཆེར་བྱུང་བ་ན། དུས་ཡུན་ཐུང་ངུའི་ནང་དུ་ད་ལྟ་ང་ཚོས་བཀོལ་བཞིན་པའི་ཡི་གེ་འདི་གསར་བཏོད་བྱས་པ་དང་མཉམ་དུ་བོད་ཀྱི་ཤེས་རིག་གོང་འཕེལ་དུ་འགྲོ་བའི་གོམ་པ་དང་པོ་སྤོས་པ་ལྟ་བུ་རེད། སྐབས་དེའི་བོད་སྤྱི་ཚོགས་ལ་ཡི་གེ་དང་། ཤེས་ནུས་ཐད་ཀྱི་རེ་བ་ཐུན་མོང་མ་ཡིན་པ་དེ་ལྟ་བུ་ཡོད་པས་སྐབས་དེའི་བོད་སྤྱི་ཚོགས་ཀྱི་མཐོ་རིམ་མི་སྣ་བཙན་པོ་སྲོང་བཙན་གྱིས་དེའི་ཐད་ལ་ཐུགས་བཀོད་གནང་བ་དང་། ཐོན་མིས་སྲོག་དང་བསྡོས་ཏེ་ཐུགས་བཀོད་དེ་མངོན་གྱུར་བྱས་པ་དང་བསྟུན་ནས་བོད་ཀྱི་ཤེས་རིག་དར་བའི་དཔྱིད་དཔལ་གསར་བ་ཞིག་རྒྱས་པ་ལྟ་བུས་ཀྱང་མཚོན་ཐུབ། གལ་ཏེ་སྐབས་དེའི་བོད་སྤྱི་ཚོགས་ཀྱིས་སྐབས་དེའི་སྨྲ་ཤེས་ཤིང་དོན་གོ་བའི་བོད་མི་རྣམས་ལ་བཏོན་པའི་རེ་བའམ་དུས་རབས་ཀྱི་དགོས་མཁོ་དངོས་ལ་གཙིགས་ཆེན་བྱས་མེད་ཚེ། དེ་རིང་གི་བོད་ཀྱི་ཡི་གེ་འདི་དང་བོད་ཀྱི་ཤེས་རིག་འདི་འབྱུང་དཀའ་ལ། མ་མཐའ་ཡང་ཡི་གེ་དང་ཤེས་རིག་གི་འཕེལ་རྒྱས་མྱུར་ཚད་དང་བོད་སྤྱི་ཚོགས་ཐུན་མོང་གི་སྤུས་ཚད་ལ་ཤན་ཤུགས་ཚབས་ཆེན་ཐེབས་ངེས་བ་དང་ཐོན་མིས་ང་རྒྱལ་གྱི་གླུ་དེའང་ལེན་སྲིད་རྒྱུ་མ་རེད།
དེ་བས། དུས་རབས་ནམ་ཞིག་དང་སྤྱི་ཚོགས་གང་ཞིག་ཡིན་ན་ཡང་སྤྱི་ཚོགས་ཀྱིས་མིར་བཏོན་པའི་རེ་བ་དང་། སྤྱི་ཚོགས་ཀྱིས་སློབ་གསོར་བཏོན་པའི་རེ་བ། ནང་སྒོས་སུ་དུས་རབས་ཀྱིས་དགོས་མཁོ་ལྡོག་ཐབས་མེད་པ་ཞིག་ཡིན་པས། མི་རིགས་གང་ཞིག་དང་ཡུལ་ཁམས་གང་ཞིག མི་སུ་ཞིག་ཡིན་ཡང་རང་ཉིད་དུས་རབས་ཀྱི་དགོས་མཁོ་དེ་དང་འཚམ་མིན་གྱིས་མི་རིགས་ཤིག་དང་། ཡུལ་ཁམས་ཤིག མི་ཞིག་གི་ལས་དབང་དང་མདུན་ལམ། འཚོ་གནས་སོགས་ཐག་གཅོད་བྱེད་བཞིན་ཡོད་ནའང་སློབ་གསོ་བ་དང་དགེ་རྒན་ཕལ་ཆེ་བས་ད་དུང་དུས་རབས་ཀྱིས་མིར་བཏོན་པའི་ཤེས་ནུས་ཀྱི་རེ་བ་དངོས་ཇི་ལྟ་བུ་ཞིག་ཡིན་པ་རྨི་ལམ་དུ་ཡང་རྨི་དཀའ་བའི་ཚོད་ཙམ་རེད། འདིའི་ཐད་ནས་བཤད་ན། སྤྱི་ཚོགས་ཀྱིས་མིའི་ཤེས་ནུས་ལ་བཏོན་པའི་རེ་བ་ཅི་ཞིག་ཡིན་པ་རྨི་ལམ་དུ་ཡང་རྨི་དཀའ་བའི་དགེ་རྒན་གྱི་སློབ་ཁྲིད་འདུ་ཤེས་དང་བྱེད་ཐབས་དེ་དུས་རབས་ཀྱི་རེ་བ་དང་འཚམ་རྒྱུ་རེད་དམ་མ་རེད། གལ་ཏེ་དགེ་རྒན་རང་གི་ཤེས་ནུས་དུས་རབས་དང་མ་འཚམ་ན། དགེ་རྒན་དེས་སྐྱེད་སྲིང་བྱས་པའི་སློབ་མའི་ཤེས་ནུས་དུས་རབས་དང་དེ་བས་ཀྱང་འཚམ་རྒྱུ་ཨེ་རེད། མི་འཚམ་པ+ མི་འཚམ་པ=མི་འཚམ་པ་ཉིས་བརྩེགས་ཐོབ་ངེས་ཡིན་པས། མི་འཚམ་པ་ཉིས་བརྩེགས་ཅན་གྱི་སློབ་གསོ་དེ་ཕམ་ཁའི་སློབ་གསོ་ཞིག་རེད་དམ། རྒྱལ་ཁའི་སློབ་གསོ་ཞིག་ཡིན་རྒྱུ་རེད། ཕམ་ཁའི་སློབ་གསོ་དེས་སྐྱེད་སྲིང་བྱས་པའི་སློབ་མ་དེ་སང་ཉིན་གྱི་སྤྱི་ཚོགས་སྟེང་ནས་མགོ་འཕང་བསྟད་ནས་འགྲོ་ཐུབ་རྒྱུ་རེད་དམ། མགོ་འཕང་སྨད་ནས་འགྲོ་རྒྱུ་རེད། ཐ་ན་མགོ་བོ་སྒུར་ནས་འགྲོ་རྒྱུ་རེད།
སྤྱི་ཚོགས་ནི་སྣ་མང་རྙོག་འཛིང་ཅན་ཞིག་རེད་ལ། སྣ་མང་རྙོག་འཛིང་ཅན་གྱི་སྤྱི་ཚོགས་དེའི་འཇོན་ནུས་དགོས་མཁོ་ཡང་རྣམ་པ་སྣ་ཚོགས་ཤིག་རེད། དགོས་མཁོ་འདིའི་རེ་བ་ལྟར་མིའི་ཤེས་ནུས་མ་ལག་དང་འཇོན་ཐང་གི་མ་ལག་སྡེབ་སྒྲིག་བྱས་ཚེ། མི་རེ་རེ་སྤྱི་ཚོགས་ཀྱི་དགོས་མཁོ་ཅན་དང་། འཇོན་ཐང་ཅན་དུ་འགྱུར་སྲིད་ལ། ཤེས་ནུས་མ་ལག་དང་འཇོན་ཐང་མ་ལག་དེ་དག་སྐྱེད་སྲིང་དང་། སྡེབ་སྒྲིག སྔོག་འདོན་གྱི་བྱ་བཞག་རེ་རེ་ནི་སློབ་གསོའི་གོ་རིམ་རེ་རེ་དང་། བྱེད་སྟངས་རེ་རེ་ནི་སློབ་གསོའི་བྱེད་ཐབས་མི་འདྲ་བ་རེ་རེ་ཡིན་པས། གལ་ཏེ་སློབ་གསོའི་བྱེད་ཐབས་འོས་ཤིང་འཚམ་ན་ཕྱི་རབས་པ་རེ་རེ་ནི་དུས་རབས་ཀྱི་དགོས་མཁོའི་ཟུར་དེ་དག་ལ་འོས་ཤིང་འཚམ་པའི་འཇོན་མིའི་མྱུ་གུ་རེ་རེ་ཡིན་པ་ཐག་ཆོད་རེད།
སྤྱིར་སློབ་གསོ་ནི་བརྩེ་སེམས་ཀྱི་བྱ་འགུལ་ཞིག་དང་འཛུམ་མདངས་ཀྱི་སྒྱུ་རྩལ་ཞིག་ཡིན་པས། སློབ་གྲྭ་ཞིག་དང་སློབ་གཙོ་ཞིག་གི་བརྩེ་སེམས་ཀྱིས་སློབ་གྲྭ་ཧྲིལ་བོའི་ཤེས་ནུས་ཀྱི་བརྩེ་སེམས་དང་སྤོབས་པ་ཡར་སྐུལ་བྱེད་ཐུབ་ལ། སློབ་མའི་ཤེས་བྱའི་འཛུམ་མདངས་དང་། མི་ཚེའི་འཛུམ་མདངས་ག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com