སློབ་ཚན་གསར་བའི་འོག་གི་སྐད་ཡིག་དགེ་རྒན་གྱི་འདུ་ཤེས་གསར་བ་རགས་ཙམ་གླེང་བ།

རྩོམ་པ་པོ།:རྡོ་རྗེ་འབུམ། ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2009-04-12 10:10:25 ཀློག་གྲངས།:

   སློབ་ཚན་གསར་བ་ནི་དཔྱིད་ཀྱི་བསིལ་རླུང་བཞིན་ས་ཁྱོན་ཀུན་ལ་ཁྱབ་ཅིང་།  སློབ་ཚན་གསར་བའི་བསམ་བློ་གསར་བ་དེས་ཀྱང་དགེ་རྒན་རྣམས་ཀྱི་སེམས་ཀྱི་ཞིང་ས་བརླན་པར་བྱས།  ཐེངས་འདིའི་སློབ་ཚན་བཅོས་སྒྱུར་ནི་ཕྱོགས་ཡོངས་དང་རྩ་བའི་ཐོག་གི་བཅོས་སྒྱུར་ཞིག་ཡིན་པས་དེའི་ནང་དོན་ཕུན་སུམ་ཚོགས་ལ་དུས་རབས་ཀྱི་ཁྱད་ཆོས་ལྡན་པ་དང་།  གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་ཕྱུག་ཡོད་པ་རེད།  དེས་རང་རྒྱལ་གྱི་སྐད་ཡིག་སློབ་ཚན་གྱི་བཅོས་སྒྱུར་དང་འཛུགས་སྐྲུན་སྐབས་གསར་བ་ཞིག་ཏུ་ཐོན་པའང་མཚོན་ཡོད།

   དགེ་རྒན་ནི་སློབ་ཚན་བཅོས་སྒྱུར་གྱི་ལག་ལེན་པ་ཡིན་ལ་ནང་དུ་ཞུགས་མཁན་ཡང་ཡིན་པས།  སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཐེངས་འདིའི་སློབ་ཚན་བཅོས་སྒྱུར་ལ་ཇི་ལྟར་ཁ་གཏད་དགོས་ཤེ་ན།

   ཐོག་མར་སྤྲོ་བ་དང་རེ་བས་སློབ་ཚན་བཅོས་སྒྱུར་གྱི་བྱ་བ་འདི་ལ་གདོང་བསུ་བྱེད་དགོས་པ་དང་།  འབད་བརྩོན་གྱིས་སློབ་ཚན་གྱི་ཚད་གཞི་གསར་བར་ཞིབ་འཇུག་བྱས་ཏེ་བསམ་བློའི་སྟེང་ནས་སློབ་ཚན་གྱི་ཚད་གཞི་གསར་བའི་བླང་བྱར་གོ་བ་ཡང་དག་ལེན་དགོས།  དེ་ནས་བློ་ཐག་རྦད་ཆོད་ཀྱིས་ལག་ལེན་བྱེད་དགོས།  དེ་ལྟར་བྱས་ན་ད་གཟོད་སློབ་ཚན་གྱི་ཚད་གཞི་གསར་བའི་བསམ་བློ་དེ་སློབ་ཚན་བཅོས་སྒྱུར་གྱི་དངོས་ཡོད་ལག་ལེན་དུ་བསྒྱུར་ཐུབ་ལ་སློབ་གཞི་གསར་བ་དེ་སློབ་ཁྲིད་ཀྱི་གྲུབ་འབྲས་དངོས་སུ་ཡང་བསྒྱུར་ཐུབ་པ་རེད།

   དེའི་འཕྲོར་འདུ་ཤེས་བསྒྱུར་ནསསྐད་ཡིག་སློབ་ཚན་གྱི་ཚད་གཞིའིནང་བསྟན་པའི་བསམ་བློར་གོ་བ་ཡང་དག་ལེན་དགོས་པ་མ་ཟད།  སློབ་གསོ་དང་སློབ་ཁྲིད་ལག་ལེན་ཁྲོད་ན་དེ་དག་མངོན་སྒྱུར་བྱ་དགོས།  དེ་ལས་ཆེས་གལ་ཆེ་བ་ནི་གཤམ་གྱི་ཕྱོགས་གཉིས་ཡོད་དེ།

   གཅིག་ནི་སློབ་ཁྲིད་ཀྱི་ནང་དོན་ལ་བསྐྱར་དུ་ངོས་འཛིན་བྱེད་པ།  སློབ་དེབ་ནི་སློབ་ཁྲིད་ཀྱི་ནང་དོན་གཅིག་པུ་ཡིན་པའི་ལྟ་བ་དེ་བསྒྱུར་ཏེ།  སློབ་དེབ་ནི་སློབ་ཁྲིད་ཀྱི་གཞི་རྩའི་ནང་དོན་ཡིན་པར་ངོས་ཟིན་དགོས།  སྐད་ཡིག་སློབ་ཁྲིད་ཀྱི་ཐོན་ཁུངས་ལ་ཡང་སྐབས་བབ་དང་ཡུལ་བབ་བཀག་རྒྱ་མེད་པ་མ་ཟད་ད་དུང་མུ་མཐུད་དུ་ཁ་སྣོན་རྒྱག་དགོས།  དེ་ཡང་དུས་རབས་གསར་བའི་སྐད་ཡིག་དགེ་རྒན་ཞིག་ལ་མཚོན་ན་སྐད་ཡིག་སློབ་གསོའི་ཐོན་ཁུངས་གསར་སྤེལ་བྱེད་རྒྱུའི་འདུ་ཤེས་དགོས་ལ་སློབ་དེབ་འདུས་པའི་སྐད་ཡིག་སློབ་གསོའི་ཐོན་ཁུངས་སྡེབ་སྒྲིག་བྱེད་པའི་ནུས་པའང་ཡོད་དགོས།  སློབ་ཁྲིད་ཀྱི་སྔོན་དུ་སློབ་མས་འབྲེལ་ཡོད་ཡིག་ཆར་ལྟ་རྟོག་དང་བརྟག་དཔྱད།  ལྟ་ཞིབ་བཅས་བྱེད་པར་ཁྲིད་སྟོན་དང་སློབ་ཚན་སློབ་སྦྱོང་བྱེད་པར་གྲ་སྒྲིག་ལེགས་པོ་བྱེད་དགོས།  སློབ་ཁྲིད་ཀྱི་ཁྲོད་དུ་འབྲེལ་ཡོད་ཀྱི་ཡི་གེ་དང་སྒྲ་སྙན་ཡིག་ཆ་འདྲེན་པ་དང་།  ལྷག་པར་དུ་འོས་འཚམ་གྱི་སྐབས་བབ་དང་བསྟུན་ནས་སློབ་ཚན་གྱི་ཞོར་དུ་ལྟ་ཀློག་བྱེད་དུ་འཇུག་དགོས།  སློབ་ཁྲིད་ཀྱི་རྗེས་ནས་ཀྱང་འོས་འཚམ་གྱིས་སློབ་མའི་ལག་ལེན་དང་བྱ་འགུལ་ཐད་ཁྲིད་སྟོན་བྱེད་དགོས།  འོངས་པའི་དགེ་རྒན་ནི་སློབ་དེབ་ཁོ་ནར་བརྟེན་ནས་སློབ་ཁྲིད་བྱེད་མཁན་ཞིག་ཡིན་མི་འོས་པར་སྐད་ཡིག་སློབ་གསོའི་ཐོན་ཁུངས་ཀྱི་གསར་སྤེལ་མཁན་དང་སྐད་ཡིག་སློབ་གསོའི་འཛུགས་སྐྲུན་མཁན་ཞིག་ཡིན་འོས།  གཉིས་ནི་སྐད་ཡིག་སློབ་ཁྲིད་ལ་བསྐྱར་དུ་ངོས་འཛིན་བྱེད་པ།  སྔོན་ཆད་ཀྱིདགེ་རྒན་གཙོ་ཡིན་པའིསློབ་ཁྲིད་བྱེད་སྟངས་བསྒྱུར་དགོས།  སློབ་ཚན་གྱི་ཚད་གཞི་གསར་བར་རང་བདག་དང་ཁོད་ཡངས།  འཚོལ་ཞིབ་བཅས་ཀྱི་སློབ་སྦྱོང་བྱེད་སྟངསདངསློབ་ཁྲིད་ནི་སློབ་མ་དང་དགེ་རྒན།   སློབ་དེབ་བཅས་ཀྱི་འབྲེལ་འདྲིས་ཀྱི་གོ་རིམ་ཞིག་ཡིན་པསོགས་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་ཀྱི་བསམ་བློ་བཏོན་ཡོད།  འདི་ལྟ་བུའི་འབྲེལ་འདྲིས་ཀྱི་གོ་རིམ་ཁྲོད་དགེ་སློབ་ཚང་མ་འདྲ་མཉམ་ཡིན་པ་མ་ཟད་སློབ་མའི་གཙོ་བདག་གི་གོ་གནས་ཡང་མངོན་དུ་འཇུག་འོས།  སློབ་ཁང་གི་ནང་དུ་དགེ་རྒན་ཐོག་མར་ནི་ཞུགས་མཁན་ཞིག་ཡིན་དགོས་ལ་སློབ་མ་དང་འདྲ་མཉམ་གྱི་འབྲེལ་འདྲིས་བྱེད་དགོས།  དེ་ནས་ད་གཟོད་རྩ་འཛུགས་མཁན་ཞིག་དང་ཁྲིད་སྟོན་མཁན་ཞིག་ཡར་སྐུལ་མཁན་ཞིག་ཡིན་འོས།  སློབ་ཁང་ནི་སློབ་མས་རང་འགུལ་གྱི་སློབ་སྦྱོང་བྱེད་པའི་གནས་ཤིག་ཡིན་པས་སློབ་མས་རང་དབང་གིས་བསམ་ཚུལ་བརྗོད་པ་དང་རང་འགུལ་གྱིས་བསམ་ཚུལ་བརྗེ་རེས་བྱེད་འོས་པ་དང་།  སློབ་མར་ཁོ་ཚོའི་བསམ་ཚུལ་དང་དྲན་ཚུལ།  ཚོར་བ་དང་རྟོགས་པ།  དོགས་གནད་དང་དཀའ་གནད་སོགས་ཅི་འདོད་དུ་བརྗོད་དུ་འཇུག་དགོས།  དེ་མིན་དྲི་བ་ཁོ་ཚོར་འདོན་དུ་འཇུག་པ་དང་གྲོས་བསྡུར་ཁོ་ཚོར་བྱེད་དུ་འཇུག་པ།  དྲིས་ལན་ཡང་ཁོ་ཚོར་རྩོད་དུ་འཇུག་པ་དང་སྡོམ་ཚིག་ཁོ་ཚོར་འགོད་དུ་འཇུག་དགོས།  འདི་ལྟར་བྱས་ན་སློབ་མས་ད


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།