ལས་རིགས་ལག་རྩལ་སློབ་གསོ་སྐོར་གྱི་བསམ་གཞིགས
ལས་རིགས་ལག་རྩལ་སློབ་གསོ་ནི་ཚན་རྩལ་དང་སློབ་གསོ་ལས་རིགས་སུམ་འབྲེལ་གྱི་སློབ་གསོའི་མ་ལག་ཁྱབ་པར་ཅན་ཞིག་ཡིན་སྟབས་སྤྱི་ཚོགས་དགོས་མཁོ་དང་འཕེལ་རྒྱས། སློབ་མའི་མདུན་ལམ་དང་འཚོ་གནས་དག་ལ་འབྲེལ་པ་དམ་པོ་ཡོད་ནའང་གཞི་རིམ་ན་ཕལ་ཆེར“མིང་ཡོད་དོན་སྟོང”ལྟ་བུ་ཞིག་ཏུ་གྱུར་ཡོད།
གཅིག “ནང་འདྲེན”དང“ཕྱི་འདྲེན”
གཞི་རིམ་གྱི་སྤྱི་ཚོགས་ལ་མཁོ་གལ་ཆེས་ཆེ་བ་ནི། བཟོ་ལས་དང་ཞིང་ལས། ལྟ་སྐོར་འགྲིམ་འགྲུལ་བཅས་ཀྱི་ཐོན་རྫས་བཟོ་སྐྲུན་དང་ཞིག་གསོ་བྱེད་པའི་ལག་རྩལ་མི་སྣ་ཡིན་ལ་མིག་སྔར་སྤྱི་ཚོགས་སྟེང་ན་ཆེས་དཀོན་པ་ཡང་ལས་རིགས་ལག་རྩལ་པ་དེ་དག་རེད། མིག་སྔར་སྤྱི་ཚོགས་ལ་མཁོ་ཞིང་གཞི་རིམ་ན་མི་སྣ་འདི་དག་མེད་པའི་གནས་ཚུལ་གྱི་འོག་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་ཡོ་བྱད་100%དང་། ཞིག་གསོ་བྱེད་མཁན་100%ནང་འདྲེན་ཁོ་ན་བྱས་དང་བྱེད་བཞིན་ཡོད་པས། གཞི་རིམ་གྱི་ངལ་རྩོལ་བ་མང་བོ“ལས་འཁྱུར་ངལ་གསོ”ལྟ་བུ་ཞིག་དང་། དེ་ལས་ངལ་རྩོལ་བ་ཆེས་ཉུང་ཤས་ཤིག“ཕྱི་འདྲེན”མི་བྱེད་ཐབས་མེད་དུ་གྱུར་ཡོད། ནང་འདྲེན་དང་ཕྱི་འདྲེན་གྱི་དོན་དངོས་གནས་ཚུལ་འདི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་།སྤྱི་ཚོགས་ཀྱི་རྒྱབ་ལྗོངས། རིག་གནས་ལག་རྩལ་གྱི་རྒྱབ་ལྗོངས།བསམ་བློའི་རྒྱབ་ལྗོངས་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་རག་ལས་ཡོད་མོད། སློབ་གསོ་ཐད་ནས་བཤད་ན། ཆེད་ལས་ཤེས་བྱ་དང་ལག་རྩལ་གྱི་རེ་བའམ་ཚད་གཞི་ཅུང་མཐོ་བའི་བྱ་བ་ཡོད་ཚད་གཞི་རིམ་རང་གིས་ལས་མི་ཤེས་པས་ཕྱིའི་ངལ་རྩོལ་པ་འབོར་ཆེན“ནང་འདྲེན”བྱས་པ་ལ་བརྟེན་ནས་གཞི་རིམ་གྱི་ངལ་རྩོལ་བ་མང་བོ་རང་བཞིན་གྱིས“ལས་འཁྱུར་ངལ་གསོ”བྱེད་པའམ་དེ་ལས་ཆེས་ཉུང་ཤས་ཤིག་ཡོང་སྒོ་ཆེས་ཉུང་བའི་ལས་ཀའམ་ཐ་ན་ཁྲིམས་འགལ་གྱི་ལས་ཀའི་ཕྱོགས་སུ“ཕྱི་འདྲེན”བྱེད་བཞིན་ཡོད། ཡོང་སྒོའི་ཐད་ནས“ནང་འདྲེན”གྱི་མི་གཅིག་གི་ཉིན་རེའི་ཡོང“ཕྱི་འདྲེན”གྱི་མི་གཅིག་གི་ཉིན་བཞིའམ་ལྔའི་ཡོང་སྒོ་དང་ཕལ་ཆེར་མཚུངས་པས། “ནང་འདྲེན”དང“ཕྱི་འདྲེན” “ལས་འཁྱུར་ངལ་གསོའི”མི་གྲངས་དང་དུས་ཡུན་སོགས་ལ་ཞིབ་འདང་བརྒྱབ་ཚེ། ད་ལྟ་བྱ་དངོས་ཀུན་ལ་ཚན་རྩལ་གྱི་འདུས་ཚད་ཆེས་དམའ་བའི་བཟོ་ལས་ཅན་གྱི་དམའ་རིམ་དུ་འཕེལ་བའི་མགྱོགས་ཚད་ཉིན་རེ་བཞིན་ཆ་ཤས་ནས་ངོ་བོའི་སྟེང་གི་འཕོ་འགྱུར་འབྱུང་བཞིན་ཡོད་པས། རང་རེའི་སྤྱི་ཚོགས་དམའ་རིམ་ནས་འབྲིང་རིམ་དང་དེ་ནས་མཐོ་རིམ་དུ་འཕེལ་ངེས་པས། སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་བ་ལྟར་གཞི་རིམ་གྱི་ལས་རིགས་ལག་རྩལ་སློབ་གསོར་གཙིགས་ཆེན་དང་དར་སྤེལ་མ་བྱས་ན། གལ་ཏེ་གཞི་རིམ་གྱི་མི་དང་སྤྱི་ཚོགས་བར་ལ་བར་ཐག་ངེས་ཅན་ཞིག་ཤོར་ཏེ། ཟ་མ་ཟ་བ་ཡན་ཆད“ནང་འདྲེན”བྱེད་དགོས་ཚེ་གཞི་རིམ་གྱི་ངལ་རྩོལ་བ་དེ་བས་མང་བོ་ཞིག་“ལས་འཁྱུར་ངལ་གསོའི”དང“ཕྱི་འདྲེན”མི་བྱེད་ཐབས་མེད་དུ་འགྱུར་ངེས་རེད།
དེས་ན། དུས་རབས་ཀྱི་དགོས་མཁོ་དང་ཡོངས་སུ་འཚམས་པའི་ལས་རིགས་ལག་རྩལ་པ་འབོར་ཆེན་སྐྱེད་སྲིང་བྱེད་རྒྱུ་ནི།“ནང་འདྲེན”དང“ཕྱི་འདྲེན” “ལས་འཁྱུར་ངལ་གསོའི”སོགས་ཀྱི་འགལ་བ་སྙོམས་སྒྲིག་བྱེད་པའི་ནུས་ལྡན་གྱི་མཚོན་ཆ་ཞིག་ཡིན་པར་མ་ཟད།འབྱུང་འགྱུར་འཛམ་གླིང་ཚོང་རའི་འགྲན་རྩོད་ཀྱི་ཁྲོད་ནས་འདུག་གནས་ངེས་ཅན་ཞིག་ཟིན་པའི་ཤེས་ཡོན་དང་ལག་རྩལ་གྱི་མ་རྩ་དང་སློབ་གསོ་དང་སྤྱི་ཚོགས་ཧྲིལ་བོའི་ཕྲག་པར་བབས་པའི་འོས་འགན་ཆེན་པོ་ཞིག་ཀྱང་རེད།
གཉིས། མིག་སྔར་གྱི་དཀའ་ཁག
གཞི་རིམ་གྱི་ལས་རིགས་ལག་རྩལ་སློབ་གསོའི་བྱ་བ་བར་དཀའ་ཁག་གང་མང་ཞིག་ཡོད་ནའང་ཆེས་གཙོ་བོ་ནི་ལས་རིགས་སློབ་གསོར་ངོས
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com