སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་འདེགས་པའི་ཐམས་ལམ་འགའ།

རྩོམ་པ་པོ།:སྐལ་བཟང་འཚོ། ཡོང་ཁུངས།:མཚོ་སྔོན་སློབ་གསོ དུས་ཚོད།:2009-03-24 09:40:13 ཀློག་གྲངས།:

  སྤྱི་ཚོགས་བཅོས་སྒྱུར་དང་འཕེལ་རྒྱལ་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་མཉམ་དུ།  སློབ་གསོ་བཅོས་སྒྱུར་དང་དེའི་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱང་ཇེ་མགྱོགས་སུ་གཏོང་དགོས་པ་སྨོས་མི་དགོས།  སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བར་སློབ་གསོའི་ལས་དོན་ལ་ཧུར་བརྩོན་བྱེད་པ་དང་བྱང་ཚད་ཅན་གྱི་དགེ་རྒན་གྱི་དཔུང་ཁག་ཅིག་འཛུགས་རྒྱུ་ནི་རྨང་གཞི་ཡིན།  སྤུས་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་ཡོད་ན་གཞི་ནས་སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཐུབ། 

  གཅིག  དགེ་རྒན་དཔུང་ཁག་གི་གནས་ཚུལ་གནད་དོན་སྐོར།

  ཀན་ལྷོ་ས་ཁུལ་གྱི་སློབ་གསོ་དང་སློབ་ཁྲིད་ཀྱི་གནས་ཚུལ་དངོས་ལ་བལྟས་ཏེ་སྤྱི་ཡོངས་ནས་དབྱེ་ཞིབ་བྱས་ན་དགེ་རྒན་འདང་གི་མེད་པ་མ་ཟད་ལྷག་པར་དུ་ཡོན་ཚད་ལྡན་པའི་དགེ་རྒན་ཅུང་ཉུང་བ།  ད་ཡོད་ཀྱི་ཆེད་གཉེར་དགེ་རྒན་འགའ་ཞིག་ལ་སློབ་གསོའི་འདུ་ཤེས་ཞན་པ་དང་ཆེད་གཉེར་ཀྱི་ཤེས་བྱའི་ཡོན་ཚད་མེད་པ།  སློབ་ལོའི་ཚད་དམའ་བ།  དགེ་རྒན་གྱི་ཆུ་ཚད་ཀྱིས་དུས་རབས་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་དང་སློབ་ཁྲིད་ཀྱི་བྱེད་ཐབས་རྙིང་བ་ཡིན་པས།  དེང་རབས་ཅན་གྱི་སློབ་གསོའི་ཚད་གཞི་དང་རིང་དུ་གྱེས།  ད་རུང་དགེ་རྒན་ཁ་ཤས་ལ་ཤུགས་རྐྱེན་ངན་པ་ཐེབས་ནས་རང་གི་ལས་དོན་གྱི་གལ་ཆེན་རང་བཞིན་དང་རླབས་ཆེའི་དོན་སྙིང་ལ་ངོས་ཟིན་མེད་པ་དང་གཅེས་པ་མེད་པས།  སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བ་ལེགས་པར་ཡར་རྒྱས་སུ་འགྲོ་བར་འགོག་རྐྱེན་ཆེན་པོ་བཟོས་ཡོད་པ་རེད།

  གཉིས།  སློབ་སྦྱོང་ལ་ཤུགས་སྣོན་བྱས་ནས་དགེ་རྒན་དཔུང་ཁག་གི་ལས་སྒོའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

  དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་སྐྲུན་མཁན་དུ་བརྗོད་པ་ལྟར།  དེང་རབས་སློབ་གསོ་བཅོས་སྒྱུར་གྱི་གོམ་སྟབས་དང་འགྲོས་མཐུན་ཞིག་ཡོང་དགོས་ན་སྔར་ཡོད་ཤེས་བྱའི་ཆུ་ཚད་དེས་ཡིད་ཚིམས་ནས་བསྡད་ན་མི་འགྲིག་པར་མུ་མཐུད་དུ་རང་གི་ལས་དོན་ཐབ་ཀྱི་ཤེས་རྒྱ་ཇེ་ཆེར་གཏོང་བ་ཤིན་ཏུ་གལ་ཆེ།  གཙོ་བོ་རྒྱལ་ཁབ་ཕྱི་ནང་གི་སློབ་གསོའི་རིག་གཞུང་དང་བྱེད་ཕྱོགས་སྐོར་ལ་སྦྱངས་པ་ཟབ་མོ་བྱས་ནས་རང་ཉིད་ཀྱི་ལས་དོན་ཆུ་ཚད་མཐོར་འདེགས་བཏང་ནས་སློབ་མའི་མིག་དཔེ་བཟང་བོ་བྱེད་དགོས།

  གསུམ།  སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ།

  སློབ་གསོ་དང་སློབ་ཁྲིད་བཅོས་སྒྱུར་བྱེད་པའི་བྱ་བ་ནི་སློབ་ཁྲིད་ལག་ལེན་གྱི་བཟང་ངན་དང་འབྲེལ་བ་ཆེན་པོ་ཡོད། ཁྲིད་ཐབས་ལེགས་ཉེས་ལའང་འབྲེལ་བ་དམ་པོ་ཡོད་སྟབས།  རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོའི་ལས་ཁུངས་དང་སློབ་གསོའི་བྱ་བ་སྒྲུབ་མཁན་ཚང་མས་དེ་ལ་དོ་སྣང་དང་མཐོང་ཆེན་བྱེད་བཞིན་ཡོད།

  ཀན་ལྷོ་ས་ཁུལ་གྱི་སློབ་གྲྭ་མང་ཆེ་བ་རོང་འབྲོག་གི་ས་ཁུལ་དུ་ཐ་ཐོར་དུ་གནས་འདུག་པས།  སྤུས་ལེགས་དཔེ་ཁྲིད་ཀྱི་དཔྱད་པ་དང་དཔེ་མཚོན་སློབ་ཁྲིད་སོགས་མང་པོ་རྩ་འཛུགས་བྱེད་དགོས།  རྒྱ་ཆེའི་དགེ་རྒན་རྣམས་ལ་གོ་སྐབས་བསྐྲུན་ནས་ཁུལ་དང་ཞིང་ཆེན་གྱི་དཔེ་མཚོན་སློབ་ཁྲིད་ཞིབ་དཔྱད་བྱེད་པའི་ཐབས་ལམ་ལེགས་པོ་སོགས་ལ་སློབ་སྦྱོང་དུ་མངགས་ཏེ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས།

  དེ་ལྟར་ཁྲིད་ཐབས་སྔར་མེད་པའི་གསར་བ་དང་།  གཞན་དང་མི་མཐུན་པས་ཐུན་མོང་མ་ཡིན་པ།  སློབ་མའི་སེམས་དབང་འགུགས་པའི་སྒྱུ་རྩལ་གྱི་ཁྲིད་ཐབས་དང་ལྡན་ན་སློབ་ཁྲིད་ལ་འབྲས་བུ་ཕུན་སུམ་ཚོགས་པ་ཐོབ་ཐུབ།  དཔེར་ན།  ང་ཚོས་དུས་རྒྱུན་དུ་དཔེ་མཚོན་གྱི་ཁྲིད་ཐབས།  གཤིབ་བསྡུར་གྱི་ཁྲིད་ཐབས་སོགས་བརྗེ་རེས་བྱས་ནས་ཁྲིད་ན་སློབ་ཁྲིད་ལ་ཕན་འབྲས་ཧ་ཅང་ཆེའོ།།

༢༠༠༣ལོའི་མཚོ་སྔོན་སློབ་གསོ་དེབ་གཉིས་པ་ལས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།