སློབ་མར་རྩོམ་འབྲིའི་དགའ་སྣང་བསྐྱེད་པའི་ཐབས་ཤེས་བཟང་པོ་འགའ།
བདག་གིས་ལོ་མང་བོར་རྩོམ་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་ལས་སློབ་མར་རྩོམ་ཡིག་འབྲི་བའི་དགའ་སྣང་སྐྱེད་སྲིང་བྱེད་ཐུབ་པའི་ཐབས་ཤེས་བཟང་བོ་འགའ་ངོ་སྤྲོད་པར་བྱ་བ་ལ།
རང་གཤིས་ཀྱི་ཁྱད་ཆོས་ལྟར་རྩོམ་ཡིག་འདོན་སྤེལ་བྱེད་པ། སློབ་མ་སུ་ཞུག་ཡིན་རུང་། ཁོ་ཚོར་རང་གཤིས་ཀྱི་འདོད་བློ་ལྟར་རྩོམ་ཡིག་ཇི་འདོད་དུ་འབྲི་རུ་འཇུག་རྒྱུ་དང་། ཡང་ན་དགེ་རྒན་རང་ཉིད་ཀྱིས་རྩོམ་ཡིག་གི་སྒྲིག་གཞི་རགས་ཙམ་ཕྱོགས་སྟོན་གྱི་ཚུལ་དུ་བཟོ་བཅོས་དང་ཁ་གསབ་ཀྱི་ལས་སྒོ་སྣ་ཚོགས་སྤེལ་ནས་འབྲི་རུ་འཇུག་དགོས། གཞན་ཡང“བྱ་བ་ཐམས་ཅད་ལད་མོ་ཡིན་” ཞེས་པ་བཞིན་མིང་དུ་གྲགས་པའི་གཞན་རྩོམ་ཕུལ་བྱུང་ཅན་རྣམས་ཀློག་འདོན་དང་བཤུ་འབྲི། ལས་སྣོན། བཙོ་སྦྱོང་སོགས་བྱེད་ཐུབ་པའི་ཕྱོགས་སུ་དཔེ་སྟོན་བྱས་ན་ད་གཟོད་སློབ་མ་དེ་རྩོམ་ལ་འཇུག་པའི་སྤྲོ་སྣང་འཕེལ་ཐུབ་པ་དང་། སྤྲོ་སྣང་འཕེལ་ན་རྩོམ་ཡིག་འབྲི་བར་སྤོབས་པ་འབྱུང་ལ། སྤོབས་པས་རྩོམ་གཤིས་ལེགས་པོ་འགྲུབ་པའི་མཐུན་རྐྱེན་བསྐྲུན་པ་རེད། དཔེར་ན། སློབ་ཆུང་གི་སློབ་མས་གང་འདོད་དུ་འབྲི་བའི་རྩོམ་ཡིག་རྣམས་ཀྱི་བརྗོད་བྱ་ནི་རུ་སྤོ་བའི་གནས་ཚུལ་དང་། གྲོགས་པོ་དང་མཉམ་དུ་རྩེད་བའི་རྣམ་པ། ཕྱུགས་རྫི་རུ་སོང་བའི་གནས་ཚུལ་སོགས་རང་ལ་འབྲེལ་འདྲིས་ལྡན་པའི་འཚོ་བ་ཡིན་ཕྱིན་ཕལ་ཆེར་ཁོ་ཚོས་ཐོགས་མེད་དུ་འབྲི་ཐུབ། དེ་དག་ལ་བརྗོད་བྱའི་སྙིང་བོ་ཆེར་མེད་ཀྱང་བཟོ་བཅོས་མི་བྱེད་པ་དང་ཚིག་སྦྱོར་མི་བདེ་བ། ཡིག་ནོར་མང་བ་སོགས་ལའང་མི་འོས་པའི་སློབ་གསོ་སྟེ་གཤེ་གཤེ་དང་སྣང་ཆུང་། དམོད་ཚིག་བཅས་མི་འཕེན་པར་སྐུལ་ལྕག་གིས་གསོན་ཤུགས་ལྡན་པའི་སྙིང་སྟོབས་བྱིན་ན་ཁོ་ཚོར་རྩོམ་འབྲིའ་དགའ་སྣང་རིམ་གྱིས་སྐྱེད་སྲིང་བྱེད་ཐུབ།
ངག་ཐོག་གི་རྩོམ་ཡིག་སྒྲོག་འདོན་བྱེད་པ། སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་དགེ་རྒན་ཞིག་ཡིན་ཕྱིན་སློབ་མ་དེའི་བསམ་བློའི་འདུ་ཤེས་ལ་བརྟེན་ནས་བཤད་འདོད་པ་དང་། བཤད་ཕོད་པ། བཤད་ཤེས་པ་བཅས་ཡིན་པའི་ལམ་དུ་མཛུབ་སྟོན་དང་སྣེ་ཁྲིད་བྱེད་དགོས་ཤིང་། ངེས་པར་དུ་བྱིས་པའི་དུས་ནས་སྐད་ཆའི་སྒྱུ་རྩལ་ལ་སྦྱོང་བརྡར་དང་སློབ་སྦྱོང་བྱས་ན་རྩོམ་ཡིག་འབྲི་བའི་ཕྱོགས་སུ་ཁ་ཐོག་མིག་ཐོག་བཞིན་མངོན་སུམ་སུ་འཕེལ་རྒྱས་འགྲོ་ངེས་ཡིན། དཔེར་ན། སློང་ཆུང་བྱིས་པས་གནའ་གཏམ་ག་གེ་མོ་ཞིག་བཤད་པའི་དབང་དུ་བཏང་ནའང་དེའི་མགོ་མཇུག་དང་བར་སྐེད་པ་སོགས་ཇི་བཞིན་མ་ནོར་བར་བཤད་ཐུབ་པ་ཧ་ཅང་དཀོན་པར་མ་ཟད་སྐབས་དེར་ཁོ་ཚོར་གློ་བུར་བའི་དྲི་བ་ཞིག་བཏོན་ཚེ་ཧོན་འཐོར་ལྟར་ལན་ཅི་ཡང་འདེབས་རྒྱུ་མེད་ལ་བཤད་བཞིན་པའི་སྐད་ཆའི་སྙིང་སྟོབས་ཀྱང་ཞུམ་པར་འདུག དེ་བཞིན་དགེ་རྒན་ཚོས་སློབ་མའི་ཁ་རྩོམ་མཐོར་འདེགས་དང་སྐྱེད་སྲིང་བྱེད་པའི་ཐབས་སུ་སློབ་ཕྱིའི་བྱ་འགུལ་སྣ་ཚོགས་ཀྱི་འགྲན་བསྡུར་ཏེ་སློབ་གྲོགས་ཕན་ཚུན་བར་སློབ་ཚན་བལྟ་ཀློག་གྱེར་འདོན་དང་གནའ་གཏམ་སྒྲོག་འདོན། དཔྱད་གཏམ་བགྲོ་གླེང་སོགས་བྱས་ན་རྩོམ་འབྲི་ཐབས་ལམ་ལ་རམ་འདེགས་དང་རྒྱབ་སྐྱོར་ཐོབ་པས་ངང་ངམ་ཤུགས་ཀྱིས་ཁོ་ཚོར་རྩོམ་ཡིག་འབྲི་བའི་དགའ་སྣང་འབྱུང་ངེས་སོ།།
འཚོ་བའི་རྒྱུ་ཆ་གསོག་འཇོག་བྱེད་པ། སློབ་མ་རྣམས་ཀྱིས་འཚོ་བའི་རྒྱུ་ཆ་གསོག་འཇོག་དང་འཚོལ་སྡུད་བྱེད་བཞིན་པ་འདི་ནི་རྩོམ་ཡིག་གང་རུང་འབྲི་བ་ལ་རྩོམ་གཤིས་ལེགས་པོ་འབྱུང་བའི་རྨང་རྡོ་ལྟ་བུ་བཙུགས་པ་ཡིན། དེར་འཚོ་བའི་བྱ་དངོས་ཀྱི་ཁྱད་ཆོས་ལྟར་རྒྱུ་ཆ་གསོག་འཇོག་བྱེད་ཐབས་ལ་དངོས་ཡོད་ཀྱི་འཚོ་བ་བརྒྱུད་ནས་མཐོང་ཐོབ་མྱོང་གསུམ་གྱི་རྣམ་པ་ཇི་བཞིན་ཡིག་ཐོག་ཏུ་ཕབ་པའམ་ཡང་ན་གྲོགས་པོ་དང་ཤེས་ལྡན་མི་སྣ་བཅས་ལ་བསམ་ཚུལ་བརྗེ་རེས་བྱེད་པ། དཔལ་འབྱོར་ཁེ་ལས་ཅན་ནམ་དཔེ་བཟང་ཅན་གྱི་མི་སྣར་བཅར་འདྲི་བྱེད་པ། ཐ་ན་གློག་ཀླད་བརྒྱུད་ནས་མཐོང་བའི་སྣང་ཚུལ་མཐའ་དག་ཕྱི་འདོན་བྱེད་པ། དེ་མིན་དཔེ་དེབ་སྣ་ཚོགས་སྟེང་གི་བརྗོད་དོན་རྣམས་སྙིགས་དོར་བཅུད་ལེན་གྱིས་བཙོ་སྦྱོང་དང་དབྱེ་ཞིབ་བྱེད་པ་འདིའང་རྩོམ་འབྲིའི་ཕྱོགས་སུ་སྔོན་འགྲོས་མཐུན་རྐྱེན་སྒྲིག་པའི་སྟ་གོན་ཡིན། དཔེར་ན། 《སྲོག་ཆགས་ཀྱི་འཇིན་རྟེན》ཞེས་པའི་རྩོམ་ཡིག་ཅིག་འབྲི་བའི་དབང་དུ་བཏང་ནའང་བརྙིན་འཕྲིན་སོགས་ལས་མ་མཐོང་བའི་སློབ་གྲོགས་ཚོས་རྩོམ་ཡིག་ཅི་ཞིག་འབྲི་བ། ཇི་ལྟར་འབྲི་རྒྱུ། ཅིའི་ཕྱིར་འབྲི་བའི་རྒྱུ་ཆ་དག་ཡེ་ནས་མེད་པ་འོལ་ཚོད་ཀྱིས་འབྲི་བ་མ་གཏོགས་དོན་དངོས་དང་འབྲེལ་བའི་རྩོམ་ཡིག་སྤེལ་བ་ཉུང་ལ། བརྗོད་དོནགྱི་ཆ་ནས་ཀྱང་དེ་འདྲའི་སྙིང་བོ་མི་ལྡན་པའི་ཞན་ཆ་ཧ་ཅང་མང་པོ་འདུག “ཐོས་པ་བརྒྱ་ལས་མཐོང་ཐེངས་གཅིག་གིས་དགའ”ཞེས་པ་བཞིན་སློབ་མས་བརྙན་འཕྲིན་ནང་གི་སྲོག་ཆགས་ཀྱི་ཞིང་ཁམས་ལ་བལྟས་ཟིན་པ་ཞིག་ཡིན་ན་དེ་མ་ཐག་
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com